དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བྱ་སྤྱོད་འདི་རིགས་རྐང་བཙུགས་ནས་ཉེས་པ་བསགས་པར་ངོས་འཛིན་རྒྱུ་ཡིན་པ།

སྤེལ་དུས 2020-04-24 ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། རྩོམ་པ་པོ།

        ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཁག་ཏུ་ཆུ་དོང་ལ་ཁེབས་གཅོད་མེད་པའི་རྐྱེན་གྱིས་མི་ཤི་རྨས་བྱུང་བའི་དོན་རྐྱེན་མང་པོ་བྱུང་ཡོད་པ་དང་། 2017ལོ་ནས་2019ལོའི་བར་སྨྱན་སྦྱོར་གྱིས་ཆུ་དོང་དུ་མི་ལྷུངས་པ་དང་མི་ལ་རྨས་སྐྱོན་བཟོས་པའི་དོན་རྐྱེན་70ལྷག་སྤེལ་ཡོད། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《ཆུ་དོང་ཁེབས་གཅོད་དང་འབྲེལ་ཡོད་ཉེས་དོན་གྱོད་གཞི་ཐག་གཅོད་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཡོངས་བསྒྲགས་བྱས་ནས་ཆུ་དོང་གི་ཁེབས་གཅོད་རྐུ་ཁྱེར་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་རིགས་ཁྲིམས་ལྟར་རྐང་བཙུགས་ནས་མི་ལ་རྨས་སྐྱོན་གཏོང་བ་དང་རྐང་བཙུགས་ནས་མི་བསད་པའི་ཉེས་པར་གཏན་འཁེལ་བྱས་ཏེ་ཆད་པ་གཅོད་དགོས་པའི་གཏན་འབེབས་བྱས་པ་རེད། 


        ཆུ་དོང་གི་ཁེབས་གཅོད་རྐུ་ཁྱེར་དང་གཏོར་བཤིག་གཏོང་བའི་རིགས་རྐང་བཙུགས་ནས་མིར་རྨས་སྐྱོན་གཏོང་བ་དང་མི་བསད་པའི་ཉེས་པར་གཏན་འཁེལ་བྱས་ནས་ཆད་པ་གཅོད་རྒྱུ་ཡིན་པ། 

          ཆུ་དོང་ཁེབས་གཅོད་ཀྱི་འབྲེལ་ཡོད་ཉེས་དོན་གྱོད་གཞིའི་ཁྲིམས་འཛིན་ལག་ལེན་ལས་མངོན་པའི་གནད་དོན་ལ་དམིགས་ནས་ཉེས་ཁྲིམས་སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་《བསམ་འཆར》ནང་འབྲེལ་ཡོད་ཉེས་གསོག་གི་བཅའ་ཁྲིམས་སྤྱོད་པའི་གནད་དོན་ཁ་གསལ་བཟོས་ཡོད་དེ། 
        ●བེད་སྤྱོད་བྱེད་བཞིན་པའི་སྤྱི་ཚོགས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ལམ་བུའི་ཐོག་གི་ཆུ་དོང་ཁེབས་གཅོད་རྐུ་འཁྱེར་དང་གཏོར་བཤིག་བཏང་ནས། རླངས་འཁོར་དང་གློག་སྒུལ་འཕྲུལ་འཁོར་ལོག་འགྱེལ་དང་གཏོར་བརླག་གི་ཉེན་ཁ་བཟོས་ཏེ་མཇུག་འབྲས་ཚབས་ཆེན་ཐོན་མེད་པའི་རིགས་ལ་འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བཤིག་བཏང་བའི་ཉེས་པར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ། 
        ●མི་ཚོགས་འགྲོ་འོང་མང་བའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ལམ་མ་ཡིན་པའི་ལམ་བུ་དང་། མི་བགྲོད་ལམ་བུ། དེ་བཞིན་རླངས་འཁོར་བབས་ཚུགས་དང་། སྤྱི་གླིང་། ཐང་ཆེན། སྡེ་ཁུལ་སོགས་ཐོན་སྐྱེད་འཚོ་བ་དང་མི་ཚོགས་འདུ་གནས་ཀྱི་ཆུ་དོང་ཁེབས་གཅོད་རྐུ་འཁྱེར་དང་གཏོར་བཤིག་བཏང་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོ་ཉེན་ཡོད་ཅིང་མཇུག་འབྲས་ཚབས་ཆེན་ཐོན་མེད་པའི་རིགས་ལ་ཉེན་ཁ་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་པར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ། 
        ●གོང་གསལ་གྱི་གནས་ཚུལ་རིགས་གཉིས་ཕུད་པའི་ས་གནས་གཞན་དག་གི་ཆུ་དོང་ཁེབས་གཅོད་རྐུ་ཁྱེར་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལས། མི་ལ་ཤི་རྨས་འབྱུང་སྲིད་པ་ཤེས་བཞིན་དུ་རྐུ་ཁྱེར་དང་གཏོང་བཤིག་བཏང་སྟེ་མིར་རྨས་སྐྱོན་བཟོས་པའམ་ཡང་ན་རྐྱེན་ལམ་དུ་ཤོར་བའི་རིགས་ལ་ཁྲིམས་ལྟར་རྐང་བཙུགས་ནས་རྨས་སྐྱོན་གཏོང་བ་དང་མི་བསད་པའི་ཉེས་པར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ། 
        རང་འདོད་དུ་ཆུ་དོང་ཁེབས་གཅོད་སྤོ་རྒུལ་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་འགན་འཁྲིའི་དོན་རྐྱེན་ཚབས་ཆེན་གྱི་ཉེས་པར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ། 

 ཆུ་དོང་ཁེབས་གཅོད་དང་འབྲེལ་ཡོད་འགན་འཁྲིའི་དོན་རྐྱེན་རིགས་ཀྱི་ཉེས་གསོག་དང་སྤུས་ཞན་ཐོན་རྫས་རིགས་ཀྱི་ཉེས་གསོག་ལ་དམིགས་ཏེ《བསམ་འཆར》ནང་གཏན་འབེབས་འདི་འདྲ་བྱས་ཡོད་དེ། 

        ●ཐོན་སྐྱེད་དང་བྱ་བ་སྒྲུབ་སྐབས་འབྲེལ་ཡོད་བདེ་འཇགས་དོ་དམ་གྱི་གཏན་འབེབས་དང་འགལ་ནས་ཆུ་དོང་ཁེབས་གཅོད་རང་དགར་སྤོ་རྒུལ་བྱེད་པའམ་ཡང་ན་བདེ་འཇགས་འགོག་སྲུང་བྱེད་ཐབས་ཡག་པོ་བསྒྲུབས་མེད་པ་སོགས་ཀྱི་རྐྱེན་གྱིས་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་བའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་བཟོས་པའི་རིགས་ལ་འགན་འཁྲིའི་དོན་རྐྱེན་ཚབས་ཆེན་གྱི་ཉེས་པར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ། 
        ●མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་ཚད་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པའི་ཆུ་དོང་ཁེབས་གཅོད་ཐོན་སྐྱེད་བྱེད་པའམ་ཡང་ན་ཚད་གཞི་དང་མི་མཐུན་པ་ཤེས་བཞིན་དུ་ཆུ་དོང་ཁེབས་གཅོད་ཕྱིར་ཚོང་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་ཉེས་པར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ།

          ●ཆུ་དོང་ཁེབས་གཅོད་གྱི་དོ་དམ་འགན་འཁྲི་འཁུར་བའི་ཀུང་སི་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ལས་དོན་མི་སྣས་འགན་འཁྲི་ནན་པོ་མ་འཁུར་བར་ཆུ་དོང་དུ་ལྷུངས་པ་སོགས་ཀྱི་དོན་རྐྱེན་བྱུང་སྟེ་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའམ་ཡང་ན་རྐྱེན་ལམ་ཤོར་བའི་རིགས་ལ་ལས་འཛོལ་གྱིས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་ལས་འཛོལ་གྱིས་མི་རྐྱེན་ལམ་དུ་ཤོར་བའི་ཉེས་པར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ།