རྒྱལ་ཁབ་ཀྱི་གུན་གསབ་ཚད་གཞི་ཉིན་རེར་སྒོར346.75ལེགས་སྒྲིག་བྱས་འདུག
སྤེལ་དུས 2020-05-27
ཡོང་ཁུངས། ཁྲིམས་གསལ་མེ་ལོང་།
རྩོམ་པ་པོ།
དེ་ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བརྡ་ཐོ་བཏང་ནས་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གུན་གསབ་གཏན་འཁེལ་བྱེད་སྐབས། སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བཏང་བའི་གུན་གསབ་དངུལ་ཉིན་རེར་སྒོར་346.75ལྟར་རྩིས་རྒྱུའི་བླང་བྱ་བཏོན་པ་རེད།
རྒྱལ་ཁབ་ཀྱི་གུན་གསབ་བཅའ་ཁྲིམས་ནང“སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བཏང་ཚེ་ཉིན་རེའི་གུན་གསབ་དངུལ་རྒྱལ་ཁབ་ཀྱི་ལོ་གོང་མའི་ལས་བཟོའི་ཉིན་རེའི་ཆ་སྙོམས་གླ་ཆ་ལྟར་བརྩི་དགོས”ཞེས་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2020ལོའི་ཟླ་5ཚེས་15ཉིན་2019ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཆ་སྒོར་90501ཡིན་པ་དང་ཉིན་རེའི་ཆ་སྙོམས་གླ་ཆ་སྒོར་346.75ཡིན་པའི་ཡོངས་བསྒྲགས་བྱས་པ་རེད།
རིམ་ཁག་མི་དམངས་ཁྲིམས་ཁང་གིས་2020ལོའི་ཟླ་5ཚེས་18ཉིན་ནས་བཟུང་། རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་ཞིབ་དཔྱོད་བྱེད་སྐབས་གོང་གསལ་གྱི་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་ལ། རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ་5ཚེས་18ཉིན་ནས་བཟུང་གུན་གསབ་ཚད་གཞི་དེ་ལག་བསྟར་བྱེད་དགོས།