དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

སྨན་བཅོས་འགན་སྲུང་གི་ཁ་གསབ་རོགས་དངུལ་འདི་སྤར་འདུག

སྤེལ་དུས 2020-06-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

           ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་མཉམ་དུ《2020ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
           《བརྡ་ཐོའི》ནང་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་མ་དངུལ་གྲབས་གསོག་གི་ཚད་གཞི་མཐོ་རུ་དང་ཐོབ་ཐང་གི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
           2020ལོར་གྲོང་མིའི་སྨན་བཅོས་འགན་སྲུང་མི་སྒེར་གྱི་ཆ་སྙོམས་ནོར་སྲིད་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་30མང་དུ་བཏང་ནས། མི་རེར་ལོ་རེར་སྒོར་550ལས་མི་དམའ་བ་བྱ་རྒྱུ་དང་། མི་སྒེར་གྱིས་འགན་སྲུང་དངུལ་འཇལ་བའི་ཚད་གཞི་ཡང་དུས་གཅིག་ཏུ་སྒོར་30མཐོ་རུ་གཏོང་དགོས།
           གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཆེན་གྱི་འགན་བཅོལ་གྱི་ཐོབ་ཐང་འགན་སྲུང་བྱེད་ཚད་བརྟན་དུ་བཏང་སྟེ། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ནད་ཁང་དུ་སྡོད་པའི་འགྲོ་གྲོན་གཏོང་ཚད་70%ཟིན་པ་དང་། ནད་ཆེན་གྱི་འགན་བཅོལ་དངུལ་གཏོང་བའི་ཚད་གཞི་དམའ་རུ་བཏང་ནས། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ཕྱེད་ཀར་སླེབས་པ་བཟོས་ཏེ། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་རིན་སྤྲོད་པའི་ཚད་གཞི་60%བར་མཐོ་རུ་གཏོང་དགོས།