དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་ཉེན་སྲུང་འགན་སྲུང་རྒྱ་བསྐྱེད་པ།

སྤེལ་དུས 2020-07-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་ཉེན་སྲུང་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་ལག་ལེན་དོན་འཁྱོལ་བྱེད་པའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་བརྡ་སྦྱོར་དཔར་འགྲེམ་བྱས་པ་དང་། དུས་རིམ་རང་བཞིན་གྱི་ལས་ཤོར་ཉེན་སྲུང་ཁ་གསབ་མ་དངུལ་སྲིད་ཇུས་དང་འགན་སྲུང་ཁྲོད་ཞུགས་པའི་ལས་ཤོར་ཞིང་ལས་པའི་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་ལག་བསྟར་བྱེད་པ་སོགས་ཀྱི་ཐད་བྱེ་བྲག་གི་བྱེད་ཐབས་བཏོན་པ་དང་། སྒོས་སུ་ཆ་རྐྱེན་དང་མཐུན་པའི་འགན་སྲུང་ཁྲོད་ཞུགས་པའི་ལས་ཤོར་མི་སྣར་ཟླ་དྲུག་གི་ལས་ཤོར་ཁ་གསབ་རོགས་དངུལ་སྟེར་རྒྱུ་རེད།
            བརྡ་སྦྱོར་ལས་ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པ་ནས་ཟླ་བཅུ་གཉིས་པའི་བར་དུ་ལས་ཤོར་ཉེན་སྲུང་གི་ཁ་གསབ་མ་དངུལ་ལེན་པའི་དུས་ཡུན་ལོན་ཡང་སྔར་བཞིན་ལས་ཤོར་བྱུང་བའི་མི་སྣས་ཟླ་དྲུག་གི་ལས་ཤོར་ཁ་གསབ་མ་དངུལ་བླངས་ཆོག་པ་དང་། ཚད་གཞི་མཚོ་སྔོན་ཞིང་ཆེན་གྱི་ལས་ཤོར་ཉེན་སྲུང་མ་དངུལ་གྱི་བརྒྱ་ཆའི་བརྒྱད་བཅུ་ཡིན། དུས་མཚུངས་སུ། ཉིས་སྟོང་ཉི་ཤུ་ལོའི་ཟླ་ལྔ་བ་ནས་ཟླ་བཅུ་གཉིས་པར། ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་རྗེས་སུ་ཉེན་སྲུང་ཁྲོད་ཞུགས་ནས་ལོ་གཅིག་མ་ལོངས་པའི་ལས་ཤོར་ཞིང་ལས་པར། ཉིས་སྟོང་ཉི་ཤུ་ལོའི་ཤང་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་སྦྱོར་གཏན་འཁེལ་ལྟར་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལྟར་ཟླ་རེར་ཟླ་གསུམ་རིང་གི་གནས་སྐབས་ཀྱི་འཚོ་བའི་ཁ་གསབ་སྟེར་རྒྱུ་རེད།
            མཚོ་སྔོན་ཞིང་ཆེན་གྱིས་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་གི་འདུ་ཤེས་མཐོར་འདེགས་སུ་བཏང་ནས། འོས་སྤྲོད་ནུས་སྤྲོད་ཀྱི་དམིགས་འབེན་ལས་འགན་དང་དམ་འབྲེལ་བྱེད་པ་དང་། ལས་སྒྲུབ་ཀྱི་གོ་རིམ་ཇེ་ལེགས་སུ་གཏོང་བ་དང་། བདེན་དཔང་རྒྱུ་ཆ་ཇེ་ཉུང་དང་ཟུར་བསྣོན་ཆ་རྐྱེན་མེད་པར་བཏང་ནས་ཆེད་དོན་མྱུར་སྒྲུབ་བྱས་ནས་སྲིད་ཇུས་གང་མགྱོགས་ཀྱི་དོན་འཁྱོལ་ཡོང་བར་བྱས་ཏེ་ལས་ཤོར་མི་སྣར་སྔ་མོ་ནས་ཁེ་ཕན་རེག་པར་བྱེད་རྒྱུ་རེད། །