དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གཞོན་ནུ་མ་ཚོར་བཏང་བའི་དྲན་སྐུལ། ཚང་མས་ཤེས་ན་ཧ་ཅང་ལེགས།

སྤེལ་དུས 2020-10-21 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          གཞོན་ནུ་མ་ཚོར་བཏང་བའི་དྲན་སྐུལ།
          ཉེ་ཆར། གཞོན་ནུ་མ་བསད་པའམ་ཡང་ན་སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་བསྐྱུར་བའི་གྱོད་གཞི་མང་པོ་ཐོན་འདུག 
          ཕྲུ་གུ་གསོ་འགན་མ་ཁུར་བར་བསྐྱུར་བའི་ནག་ཉེས་ཞེས་པ་ནི། 
          གསོ་འགན་ཡོད་མཁན་གྱིས་ལོ་ན་རྒས་པ་དང་། ལོ་ན་ཕྲ་བ། ནད་ཕོག་པའམ་དེ་མིན་རང་ཚུགས་ཀྱི་འཚོ་བ་སྐྱེལ་ནུས་བྲལ་བའི་སྐྱེ་བོ་བཅས་གསོ་སྐྱོང་དང་ལེན་མི་བྱེད་པའི་ཉེས་སྤྱོད་ཚབས་ཆེན་ལ་གོ་དགོས།
          རྐང་བཙུགས་ནས་མི་བསད་པའི་ནག་ཉེས་ཞེས་པ་ནི། 
          ཁྲིམས་དང་མ་མཐུན་པར་རྐང་བཙུགས་ནས་མི་གཞན་གྱི་ཚེ་སྲོག་འཕྲོགས་པའི་བྱ་སྤྱོད་ལ་ཟེར། རྐང་བཙུགས་ནས་མི་བསད་པའི་ནག་ཉེས་ནི་སྤྱི་དམངས་ཀྱི་མི་ལུས་དང་དམངས་གཙོའི་དབང་ཆར་བཙན་གནོད་བྱས་པའི་ཉེས་པའི་རིགས་སུ་གཏོགས། དེ་ནི་ཀྲུང་གོའི་ཉེས་ཁྲིམས་ནང་གི་ཉེས་གསོག་བྱ་སྤྱོད་ཀྱི་ངོ་བོ་སྡུག་ཤོས་ཉུང་ཤས་གྲས་ཀྱི་ཡ་གྱལ་ཞིག་ཡིན་ཞིང་། སྤྱིར་བཏང་ལྟར་ན་ལྕི་བ་ནས་མྱུར་བའི་ཉེས་ཆད་གཅོད་སྲིད།
          སྦྲུམ་འགོག་བྱ་ཐབས། 
          གཅིག སྦྲུམ་འགོག་ཨ་ལོང་། སྦྲུམ་འགོག་ཐུབ་ཅིང་བདེ་ཐང་འགན་སྲུང་གི་ནུས་པ་ཡོད། 
          གཉིས། སྦྲུམ་འགོག་སྨན་ཟ་བ། ལྷག་པར་དུ་ལུས་འདྲེས་བྱུང་རྗེས་སྦྲུམ་འགོག་སྨན་ཟ་དགོས།
          གལ་ཏེ་ཕྲུ་གུ་འཁོར་ཚེ་འདི་ལྟར་བྱོས།
          གཅིག རང་གི་ཨ་མའམ་ཡང་ན་འབྲེལ་བ་ཟབ་པའི་མི་ལ་བརྗོད་དགོས། (ཁོ་མོར་རོགས་རམ་བྱེད་པ་ལས་སྐྱོན་འཛུགས་དང་གཤེ་གཤེ་གཏོང་མི་རུང) 
          གཉིས། ངེས་པར་དུ་སྨན་ཁང་ཚད་ལྡན་དུ་འགྲོ་དགོས།(ཁོ་མོར་རོགས་རམ་བྱེད་པ་ལས་དམའ་འབེབས་གཏོང་མི་རུང)
          གསུམ། ཕྲུ་གུའི་པ་ཕར་བརྗོད་ནས་མཉམ་དུ་གནད་དོན་ཐག་གཅོད་དགོས་པའི་རེ་བ་འདོན་དགོས།(ཁོ་མོ་དང་མཉམ་དུ་འགན་འཁུར་བ་ལས་གཟུར་འབྱོལ་བྱ་མི་རུང)
          བཞི། སྤྱི་ཚོགས་སུ་ཕྲུ་གུ་གསོ་ཉར་ལས་ཁུངས་དང་བྱམས་བརྩེ་ཅན་མང་པོ་ཡོད་པ་ཤེས་དགོས།