དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཉེས་དོན་འགན་འཁྲིའི་ལོ་ཚད་དམའ་རུ་གཏོང་རྩིས་འདུག་པས། ལོ་12ནས་14བར…

སྤེལ་དུས 2020-10-21 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཚེས་13ཉིན། ཉེས་ཁྲིམས་དག་བཅོས་འཆར་ཟིན(བཅུ་གཅིག)གྱི་གྲོས་ཞིབ་མ་ཟིན་གཉིས་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། དམིགས་བཙུགས་ཀྱི་གནས་ཚུལ་འོག་དམིགས་བསལ་གྱི་གོ་རིམ་བརྒྱུད། ཁྲིམས་གཏན་འཁེལ་བའི་ཉེས་དོན་འགན་འཁྲིའི་ལོ་ཚད་ཆུང་ཤོས་ཁག་གཅིག་དམའ་རུ་གཏོང་རྩིས་ཡོད་ཅིང་། འཆར་ཟིན་ནང་གཏན་འབེབས་བྱས་དོན། ལོ་བཅུ་གཉིས་ལོན་ཞིང་ལོ་བཅུ་བཞི་ལ་མ་སླེབས་པའི་མིས་རྐང་བཙུགས་ནས་མི་བསད་པ་དང་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པ་དང་། མི་བསད་པ། ཉེས་ཚབས་ཆེ་བའི་རིགས་བཅས་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱད་ཆོག་མཆན་ཐོབ་རྗེས་ཉེས་དོན་འགན་འཁྲི་འཁུར་དགོས།
          དེ་དང་དུས་མཚུངས། འཆར་ཟིན་ནང་ཉེས་ཁྲིམས་བཟོ་བཅོས་དང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་བཟོ་བཅོས་ཀྱི་འབྲེལ་ཡོད་གནད་དོན་ལ་སྤྱི་འདོམས་བསམ་གཞིག་བྱས་ནས། བསྡུ་ཉར་སློབ་གསོ་སྒྱུར་བཀོད་སློབ་གསོར་བཟོ་བཅོས་རྒྱག་རྒྱུ་རེད་འདུག འཆར་ཟིན་ནང་གཏན་འབེབས་བྱས་དོན། ལོ་16ལ་མ་སླེབས་པའི་རྐྱེན་གྱིས་ཉེས་དོན་ཆད་པ་གཅོད་མི་ཆོག་པའི་རིགས་ཁྱིམ་བདག་གམ་ལྟ་སྐྱོང་མཁན་ལ་དོ་དམ་སློབ་གཅུན་བྱེད་དུ་འཇུག་རྒྱུ་དང་། དགོས་པ་ཡོད་ཚེ་བཅའ་ཁྲིམས་ལྟར་ཆེད་མངགས་སྒྱུར་བཀོད་སློབ་གསོ་གཏོང་དགོས།