དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཀྲུང་གོ་མི་དམངས་དངུལ་ཁང་བཅའ་ཁྲིམས་བཟོ་བཅོས་ཀྱི་དོ་སྣང་བྱེད་ཡུལ།

སྤེལ་དུས 2020-10-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          དངུལ་རྩའི་ལས་རིགས་གཟབ་བརླིང་བརྟན་གསུམ་ངང་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཉིན་ཤས་གོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་བཅའ་ཁྲིམས༼བཟོ་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་༽ཞེས་པ་ཁྱབ་བསྒྲགས་བྱས་ཤིང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཡོད། བསམ་འཆར་མ་ཟིན་དེའི་ནང་དངོས་གཞིའི་དཔལ་འབྱོར་ལ་དངུལ་རྩའི་ཞབས་འདེགས་ཞུ་བའི་གཞི་རྩའི་གནས་བབ་ནན་བཤད་བྱས་ཡོད་པ་དང་། ཀྲུང་གོའི་དངུལ་ལོར་ནང་དངོས་གཟུགས་དངུལ་ལོར་གྱི་རྣམ་པ་དང་གྲངས་གཞིའི་དངུལ་ལོར་གྱི་རྣམ་པ་གཉིས་ཚུད་པ་གཏན་འབེབས་བྱས་པ། དངུལ་རྩའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།
          ཀྲུང་དབྱང་དངུལ་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། དངུལ་རྩའི་ཁྲོམ་རའི་གཞི་ཁྱོན་མགྱོགས་མྱུར་ངང་ཇེ་ཆེར་ཕྱིན་ཞིང་། དངུལ་རྩའི་གསར་གཏོད་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དང་། དུས་མཚུངས་སུ་དངུལ་རྩའི་ཉེན་ཁ་ཕན་ཚུན་ཁྱབ་པ། དངོས་གཞིའི་དཔལ་འབྱོར་ལ་དངུལ་རྩའི་ཞབས་ཞུ་བྱེད་པའི་ནུས་པ་མི་འདང་བ་སོགས་ཀྱི་སྣང་ཚུལ་མི་འདྲ་བ་གནས་ཡོད། སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་གོང་དུ་འཕེལ་བའི་གནས་ཚུལ་དང་འཚམ་པ་བྱ་ཆེད། བཅའ་ཁྲིམས་བཟོ་བཅོས་བརྒྱབ་པ་བརྒྱུད། མི་དམངས་དངུལ་ཁང་གི་འགན་འཁྲི་གསར་པའི་བླང་བྱ་དོན་འཁྱོལ་དང་། འགན་འཁྲི་སྒྲུབ་པའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་དངུལ་རྩའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི་དགོས་པ་ཡོད་པ་རེད།

          བསམ་འཆར་མ་ཟིན་གྱིས་༼དངོས་གཞིའི་དཔལ་འབྱོར་ལ་དངུལ་རྩའི་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་རྒྱུ་༽དེ་ཁྲིམས་འཛུགས་པའི་དམིགས་ཡུལ་ཡིན་པ་ཁ་གསལ་བཟོ་རྒྱུ་དང་། དངུལ་རྩའི་མ་ལག་གིས་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱ་རྒྱུ་རེད། དངུལ་རྩའི་སྤྱི་ཁོག་སྙོམས་སྒྲིག་སྔར་ལས་ལེགས་པ་བྱ་ཆེད། བསམ་འཆར་མ་ཟིན་ནང་ད་དུང་མི་དམངས་དངུལ་ཁང་གིས་སྤྱི་ཁོག་གི་གཟབ་ནན་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་འགན་འཁྲི་ཁ་གསལ་བཟོས་ཡོད་པ་དང་། དེ་ནི་དངུལ་ལོར་སྲིད་ཇུས་དང་ཡིད་རྟོན་དངུལ་བུན་སྲིད་ཇུས་ལྟ་སྐུལ་དོ་དམ་གྱི་ནུས་ལྡན་རང་བཞིན་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་ཞིག་རེད།
          བསམ་འཆར་མ་ཟིན་གྱིས་ཀྲུང་གོའི་དངུལ་ལོར་དོ་དམ་གཏན་འབེབས་འཐུས་ཚང་དུ་བཏང་ནས་ཀྲུང་གོའི་དངུལ་ལོར་ལ་དངོས་གཟུགས་རྣམ་པ་དང་གྲངས་གཞིའི་རྣམ་པ་ཚུད་པ་གཏན་ལ་ཕབ་ཡོད་ལ། དུས་མཚུངས་སུ་ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་དངུལ་ཚབ་འཛིན་ཤོག་དང་གློག་རྡུལ་དངུལ་ཚབ་བཟོས་ནས་ཀྲུང་གོའི་དངུལ་ལོར་གྱི་ཚབ་བྱས་ཏེ་ཁྲོམ་རའི་ཐོག་འཁོར་རྒྱུག་བྱེད་མི་ཆོག་པ་ཁ་གསལ་བཟོས་ཡོད། མི་དམངས་དངུལ་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། དེས་གྲངས་གཞིའི་དངུལ་ལོར་འགྲེམ་རྒྱུར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་མ་ཟད། འདྲ་བཟོའི་དངུལ་ལོར་གྱི་ཉེན་ཁར་སྔོན་འགོག་བྱེད་ཐུབ་རྒྱུ་རེད།
          གཞན་ཡང་། དངུལ་རྩའི་ཁྲོམ་རའི་ཁྲིམས་འགལ་མ་གནས་དམའ་བའི་གནད་དོན་ལ་དམིགས་ནས། བསམ་འཆར་མ་ཟིན་ནང་ད་དུང་དངུལ་རྩའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གནས་ཚུལ་ཚབས་ཆེན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཉེས་ཆད་ལྕི་རུ་གཏོང་རྒྱུ། དངུལ་ཆད་ཀྱི་གྲངས་ཚད་མཐོ་ཤོས་སྒོར་བྱེ་བ་གཉིས་བར་སྤར་རྒྱུ་བཅས་བཀོད་ཡོད།