དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གནས་ཚུལ་འདི་རིགས་ཡོད་ན་ལོ་གསུམ་ནང་ཚུན་དུ་དངུལ་གཡར་གྱི་མི་འདུག

སྤེལ་དུས 2020-12-16 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
           སྡོད་ཁང་སྤྱི་གསོག་མ་དངུལ་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་བཟོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་ཆེད། 2020ལོའི་ཟླ་དང་པོར། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དང་། ནོར་སྲིད་ཐིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་བཅས་ཀྱིས《སྡོད་ཁང་སྤྱི་གསོག་མ་དངུལ་བེད་སྤྱོད་དང་དོ་དམ་གྱི་འབྲེལ་ཡོད་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཁ་གསབ་བརྡ་ཐོ 》བཏང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་། དངུལ་བུན་གཡར་བ། དོ་དམ། གོ་རིམ་ལེགས་སུ་གཏོང་བ་སོགས་ལ་ཞིབ་ཕྲའི་གཏན་འབེབས་བྱས་པ་ཕུད། ད་དུང་ཆེད་མངགས“དཔྱད་ཡིག་རྫུས་མར་བརྟེན་ནས་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཡར་བའི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བའི”དོན་ཚན་ལོགས་སུ་བཟོས་ཡོད། དོན་ཚན་དེའི་ནང“དཔྱད་ཡིག་རྫུས་མར་བརྟེན་ནས་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཡར་བའི་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། དཔྱད་ཡིག་རྫུས་མར་བརྟེན་ནས་སྤྱི་གསོག་མ་དངུལ་བླངས་པ་དང་དངུལ་བུན་གཡར་བའི་དོགས་པ་ཡོད་པ་ཞིབ་དཔྱད་ཐུབ་རིགས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་འབྲེལ་ཡོད་དཔྱད་ཡིག་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་ལས་འགལ་བའི་དོགས་པ་ཡོད་རིགས་ཀྱི་འབྲེལ་ཡོད་དཔྱད་ཡིག་ཁྲིམས་འཛིན་ལས་ཁུངས་ཀྱིས་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ་རེད། དཔྱད་ཡིག་རྫུས་མར་བརྟེན་ནས་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཡར་བར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་དཔྱད་ཡིག་རྫུས་མར་བརྟེན་ནས་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཡར་བའི་དངུལ་དང་། དེ་བཞིན་དངུལ་བུན་གཡར་བའི་གན་རྒྱ་ལས་འགལ་བའི་དངུལ་དུས་བཅད་ནང་གྲངས་ཚང་བསྡུ་རྒྱུ་རེད། དཔྱད་ཡིག་རྫུས་མར་བརྟེན་ནས་སྤྱི་གསོག་མ་དངུལ་ལེན་མཁན་དང་དངུལ་བུན་གཡར་མཁན་ཡིད་རྟོན་མེད་པའི་མིང་ཐོའི་ནང་བཅུག་ནས། ལོ་གསུམ་ནང་ཚུན་དུ་དངུལ་ལེན་པ་དང་དངུལ་བུན་གཡར་བའི་རེ་ཞུ་དང་ལེན་མི་བྱེད་པ་མ་ཟད། ཡིད་རྟོན་མེད་པའི་བྱེད་སྤྱོད་དམར་འདོན་བྱེད་རྒྱུ་རེད ”ཅེས་གསལ་པོ་བསྟན་ཡོད།