དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ལག་ཁྱེར་མེད་པའི་ར་བཟི་འཁོར་གཏོང་གི་རྐུན་པོ་ཞིག་ཆུ་ཚོད་ལྔ་ཡི་ནང་དུ་འཛིན་བཟུང་བྱས་པ།

སྤེལ་དུས 2020-12-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་གི་བདེ་འཇགས་རུ་འབྲིང་གིས་རླངས་འཁོར་བརྐུས་པའི་དོགས་གཞི་ཡོད་མཁན་ཞིག་བཟུང་བ་རེད། བརྟག་དཔྱད་བྱས་པ་བརྒྱུད་སྐྱེས་པ་དེར་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་མེད་པ་མ་ཟད། ད་དུང་ར་བཟི་ནས་རླངས་འཁོར་བཏང་ཡོད་པ་རེད། མི་དམངས་ཉེན་རྟོག་པས་རྒྱ་ཆེའི་འཁོར་བདག་ལ་གློག་རྡུལ་སྒོ་ལྕགས་ཀྱི་སྒོ་བརྒྱབ་པའི་སྒྲ་ཐོས་ནའང་ད་དུང་ལག་པས་རླངས་འཁོར་གྱི་སྒོ་འཐེན་ཙམ་བྱེད་དགོས་པ་མ་ཟད། འགྲོ་བའི་སྐབས་སུའང་ལྟོ་ཕད་དང་དངུལ་སྨར་མང་པོ་དང་དེ་བཞིན་ཡིད་རྟོན་གཱ་སོགས་དངོས་པོ་རྩ་ཆེན་རླངས་འཁོར་ནང་འཇོག་རྒྱུ་མེད་པ་དང་། བཞག་ནའང་ཡིན་གཅིག་རླངས་འཁོར་གྱི་སྒོ་ལྕགས་བཙན་པོ་རྒྱག་དགོས་པའི་དྲན་སྐུལ་བྱས་ཡོད།
           ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་བདེ་སྲུང་རུ་འབྲིང་ལ་རྣམ་ཆེ་གེ་མོའི་ཉེན་དོན་སྙན་སེང་འབྱོར་བ་སྟེ། ཟླ་11ཚེས་10ཉིན་གྱི་མཚན་མོར། ངས་མོ་ཊ་གྲྭ་བཞི་ལམ་གྱི་ཁུལ་ཆུང་ཞིག་ཏུ་བཞག་པ་ཡིན། ཕྱི་ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་མོ་ཊ་མཐོང་རྒྱུ་མི་འདུག ཁྱེད་རྣམ་པས་ཞིབ་བཤེར་ཐག་གཅོད་གནང་རོགས་ཞེས་ཞུས།
           ཉེན་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་ས་ཆ་དངོས་སུ་བསྐྱོད་ནས་འབྲེལ་ཡོད་ཀྱི་བརྟག་དཔྱད་དཔང་ལེན་བྱས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་བསྟན་ཆེ་གེ་མོ་ཉེས་གསོག་དོགས་ཅན་ལ་གཏན་འཁེལ་བྱས། དེ་ཉིན་གྱི་ཆུ་ཚོད་14ཙམ་ལ་སེ་ར་ལམ་གྱི་བོགས་གཏོང་ཁང་པ་ཞིག་ནས་ཁོ་པ་བཟུང་བ་རེད། དེ་དང་དུས་མཚུངས། མི་དམངས་ཉེན་རྟོག་པས་སེ་ར་ལམ་གྱི་བོགས་གཏོང་ཁང་པ་འདིའི་ཁ་སྤྲོད་ནས་རྐུ་ཤོར་བའི་མོ་ཊ་རྙེད། ཡིན་ནའང་། མོ་ཊའི་རྒྱབ་ངོས་སུ་བརྡུངས་པའི་ཤུལ་ཡོད་པ་རེད།
           སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་འཛིན་སྐབས། བསྟན་ཆེ་གེ་མོའི་ལུས་ནས་ཨ་རག་གི་དྲི་མ་བྲོ་བས། ཆང་བཏུངས་འཁོར་གཏོང་གི་དོགས་པ་ཡོད་པར་བརྟེན། བསྟན་ཆེ་གེ་མོར་ཆང་རག་གི་ཉིང་ཁུ་འདུས་ཚད་ཞིབ་བཤེར་ཐེངས་གཉིས་བྱས་པ་བརྒྱུད། ཆང་རག་གི་ཉིང་ཁུ་འདུས་ཚད་128mg/100mlཟིན་ཏེ་ཁོ་པ་ར་བཟི་འཁོར་གཏོང་གི་ཚད་ལ་སླེབས་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། བསྟན་ཆེ་གེ་མོས་མོ་ཊ་ཚོས་གཞི་ལི་ཝང་ཡིན་པ་འདིའི་སྒོ་ཡག་པོ་བརྒྱབ་མེད་པ་མ་ཟད། ལྡེ་མིག་མོ་ཊའི་ནང་བཞག་ཡོད་པ་མཐོང་རྗེས། མོ་ཊ་བརྐུས་ནས་རང་ཁྱིམ་དུ་ལོག་ཅིང་། སྡོད་གནས་སུ་སླེབས་ནས་མོ་ཊ་རྒྱབ་བཤིག་རྒྱག་སྐབས་ལམ་འགྲམ་གྱི་རྡོ་བཀྱག་ལ་བརྡུངས། མི་དམངས་ཉེན་རྟོག་པས་ཞིབ་བཤེར་ཞིབ་ཕྲ་བྱས་པ་བརྒྱུད། བསྟན་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་མོ་ཊ་བཏང་བའི་ནག་ཉེས་བསགས་པའང་ཤེས་རྟོགས་བྱུང་ཡོད།
           འདྲི་གཅོད་བྱས་པ་བརྒྱུད། བསྟན་ཆེ་གེ་མོས་སྦ་གསང་མེད་པར་རང་ཉེས་ངོས་ལེན་ཞུས། མིག་སྔར། གྲྭ་བཞི་མངགས་གཏོང་ཁང་བདེ་སྲུང་རུ་འབྲིང་གིས་བསྟན་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་ལ་སྔར་བས་ཞིབ་བཤེར་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་པ་རེད།
           ཉེན་རྟོག་པའི་དྲན་སྐུལ།
           མི་དམངས་ཉེན་རྟོག་པས་རྒྱ་ཆེའི་འཁོར་བདག་རྣམས་ལ་དྲན་སྐུལ་བྱས་དོན། མོ་ཊ་འཇོག་སྐབས་ངེས་པར་དུ་སྒོ་དང་སྒེའུ་ཁུང་ཡག་པོ་རྒྱག་དགོས་པ་དང་། མོ་ཊའི་སྒོ་ལྕགས་ཐེབས་པའི་སྒྲ་ཐོས་རྗེས། ལག་པ་འཐེན་ནས་སྒོ་ཐེབས་ཡོད་མེད་ལྟ་དགོས། ད་དུང་མོ་ཊའི་ནང་ལྟོ་ཕད་དང་། དངུལ་སྨར། དངུལ་ཁང་གཱ་སོགས་རྩ་ཆེའི་དངོས་རྫས་གཏན་ནས་འཇོག་རྒྱུ་མེད།
རྩོམ་སྒྲིག་པ། བདེ་སྒྲོལ།