དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁྲིམས་གཞུང་གསལ་བའི་མེ་ལོང་།

སྤེལ་དུས 2020-12-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཁུལ་ཆུང་གི་གློག་སྐས་བརྡ་ཆའི་ཡོང་འབབ་སུ་ལ་དབང་ངམ།
           ཁུལ་ཆུང་གི་གློག་སྐས་ནང་བརྡ་ཆ་མང་པོ་སྦྱར་ཡོད། བརྡ་ཆ་དེ་དག་གི་ཡོང་འབབ་སུ་ལ་དབང་ངམ་ཞེ་ན། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཉིས་བརྒྱ་གྱ་གཉིས་གཞིར་བཟུང་། འཛུགས་སྐྲུན་ཚན་པ་དང་སྡེ་ལས་ཞབས་ཞུའི་ཁེ་ལས་སམ་ཡང་ན་དོ་དམ་པ་གཞན་སོགས་ཀྱིས་དོ་བདག་གི་ཐུན་མོང་ལས་བྱུང་བའི་ཡོང་འབབ་ཆ་ཤས་ནས་ལུགས་མཐུན་གྱི་མ་གནས་འཕྲི་རྗེས་དེ་མིན་གྱི་ཡོང་འབབ་དོ་བདག་ལ་དབང་གི་ཡོད།
           སྐྱེད་ཆེའི་བུ་ལོན་གཏན་འགོག་བྱེད་དགོས།
           གྲོགས་པོས་དངུལ་བུན་གཡར་ཚེ། སྐྱེད་ཀ་ཇི་ལྟར་བརྩི་དགོས་སམ་ཞེ་ན། སྐྱེད་ཆེའི་བུ་ལོན་རྩིས་རྒྱག་སྐབས། དམངས་དོན་ཁྲིམས་གཞུང་གི་དོན་ཚན་དྲུག་བརྒྱ་བརྒྱད་ཅུ་གཞིར་བཟུང་། སྐྱེད་ཆེའི་བུ་ལོན་གཏོང་མི་ཆོག་པ་དང་། དངུལ་བུན་གཡར་བའི་སྐྱེད་ཀ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་བརྒལ་མི་རུང་བ། དངུལ་བུན་གཡར་བའི་གན་རྒྱའི་ནང་སྐྱེད་ཀ་སྤྲོད་པའི་ཐད་ཁ་ཆད་མེད་རིཌ་ལ་སྐྱེད་ཀ་མེད་པར་བརྩི་རྒྱུ་རེད།
           དངུལ་བུན་གཡར་བའི་གན་རྒྱའི་ནང་སྐྱེད་ཀ་སྤྲོད་པར་ཁ་ཆད་གསལ་པོ་མེད་པ་དང་། དོ་བདག་གིས་ཁ་གསབ་གྲོས་མཐུན་བཞག་མེད་རིགས་ལ་ས་གནས་སམ་ཡང་ན་དོ་བདག་གི་ཉོ་ཚོང་བྱེད་སྟངས་དང་། ཉོ་ཚོང་གོམས་གཤིས། ཁྲོམ་རའི་སྐྱེད་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་སྐྱེད་ཀ་གཏན་འཁེལ་བྱེད་དགོས། རང་བྱུང་མིའི་དབར་དངུལ་གཡར་རིགས་ལ་སྐྱེད་ཁ་མེད་པར་བརྩི་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།