དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

དམག་མིར་བརྫུས་པའི་ཁྲམ་པ་ཞིག

སྤེལ་དུས 2021-01-29 ཡོང་ཁུངས། རྩོམ་པ་པོ།
           རང་ཉིད་ནི་དམག་དཔུང་གི་མགོ་ཁྲིད་ལིའུ་ལེ་ཡིན་ཞེས་རྫུན་བཤད་དེ། སྐད་འཕྲིན་ལས་ཉེ་འགྲམ་གྱི་མི་ནང་འཇུག་བྱས་ཏེ། ཕ་རོལ་པ་ལ་དགའ་རོགས་སྒྲིག་པའམ་གྲོགས་པོའི་འབྲེལ་བ་བཙུགས་རྗེས། ལས་གཞི་འགན་གཙང་ལེན་དང་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་རོགས་བྱེད་པ་སོགས་ལ་ཁ་གཡར་ཏེ་སྒོར་ཁྲི4ལྷག་གཡོ་ལེན་བྱས།
ལས་གཞི་འགན་གཙང་ལེན་བྱ་བའི་གཡོ་ཐབས་ལ་བརྟེན་ནས་གཞན་ལ་མགོ་གཡོག་པ།

           2019ལོའི་ཟླ9པའི་ཉིན་ཞིག་ལ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ་སྡོད་པའི་ཡུན་ཡུན་གྱིས་ཁྱིམ་དུ་སྐད་འཕྲིན་རྩེ་སྐབས། གློ་བུར་དུ་མི་ཞིག་གིས་རང་ཉིད་ཀྱི་སྒེར་ལ་སྐད་འཕྲིན་སྣོན་པའི་རེ་བ་བཏོན་བྱུང་བས། ཁ་ཕྱེ་ནས་བལྟས་པ་ན་ཉེ་འགྲམ་གྱི་མི་དེ་ཆ་མེད་ཅིག་ཡིན་པ་མཐོང་། ཡུན་ཡུན་གྱིས་རང་ཉིད་ལའང་དོན་དག་ཅི་ཡང་མེད་པས་དུས་ཚོད་འགྲོ་ཐབས་བྱེད་པར་ལེགས་བསམས་ནས་སྐད་འཕྲིན་ནང་འཇུག་བྱས།
           ཕན་ཚུན་བར་ཁ་བརྡ་བྱས་པ་བརྒྱུད། ཡུན་ཡུན་གྱིས་ཕ་རོལ་པའི་མིང་ལ་ལིའུ་ལེ་ཟེར་ཞིང་དམག་དཔུང་ག་གེ་མོའི་ཚབ་བྱེད་ལྡིང་དཔོན་ཡིན་པ་ཤེས། ཁོ་གཉིས་ཀྱིས་འབྲེལ་འདྲིས་ཐེངས་འགར་བྱས་རྗེས། ཆུང་དུས་ནས་དམག་མི་ལ་དུངས་བ་ཟབ་པའི་ཡུན་ཡུན་གྱིས་ལིའུ་ལེ་ཡི་ཁ་ལྕེ་དང་ལྷུན་ཆགས་ཀྱི་གཤིས་སྤྱོད་བློར་བབས་ཤིང་། དུས་ཡུན་རིང་པོ་མ་འགོར་བར་ཁོ་གཉིས་ཀྱིས་དགའ་རོགས་བསྒྲིགས་པར་མ་ཟད་ཕན་ཚུན་ངོ་འཕྲད་པའི་དུས་ཆད་ཀྱང་བཞག
           ངོ་འཕྲད་རྗེས་ལིའུ་ལེ་ཡིས་ཡུན་ཡུན་ལ་ཁོ་ཚོའི་དམག་དཔུང་ལ་དམག་སྒར་བཟོ་བཅོས་ཀྱི་ལས་གཞི་ཞིག་ཡོད་ལ། ཁྱོད་ཀྱིས་གྲོགས་པོ་དང་གཉེན་ཉེའི་ཁྲོད་དུ་ལས་གཞི་དེ་ལས་མཁན་ཡོད་མེད་དྲིས་པ་ན། ལིའུ་ལེ་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཡུན་ཡུན་གྱིས་ཐེ་ཚོམ་ཅི་ཡང་མེད་པར་ལིའུ་ལེ་རང་གི་གྲོགས་པོ་དང་གཉེན་ཉེ་སོགས་ལ་ངོ་སྤྲད་པ་དང་། ལིའུ་ལེ་ཡི་ཁོག་རྒྱ་ཆེ་བའི་རྣམ་འགྱུར་གྱིས་མི་མང་པོ་ཞིག་གཡོ་འོག་ཏུ་ཚུད་སླ་ཞིང་། དེའི་ནང་ནས་ཡུན་ཡུན་གྱི་གྲོགས་པོ་ལི་ཧྭ་ཡིས་ལིའུ་ལེ་ལ་ལས་གཞི་འགན་གཙང་ལེན་བྱེད་འདོད་པའི་རྣམ་འགྱུར་བསྟན། ཅུང་མ་འགོར་བར་ལིའུ་ལེ་ཡིས་དྲ་ཐོག་ནས་དེའི་ཕྱོགས་ཀྱི་གན་རྒྱའི་མ་དཔེ་ཞིག་ཕབ་ལེན་བྱས་ཏེ། ཀ་བའི་མིང་དེ་རུ་ཁག་ག་གེ་མོ་ཞིག་གི་མིང་དུ་བསྒྱུར་རྗེས་ལི་ཧྭ་ལ་བྱིན་པ་དང་། ལིའུ་ལེ་ཡིས་ང་ལ་རུ་ཁག་ཏུ་ངོ་ཤེས་ཡོད་ལ་ཁྱོད་ཚོའི་སེམས་བདེ་མོ་བྱོས་ཆོག ལས་གཞི་ལ་གནད་དོན་མེད་ཅེས་ཁག་ཐེག་བྱས། འོན་ཏེ་སྔོན་དུ་མ་དངུལ་གྱི་འགྲོ་སོང་ལ་བརྟེན་ནས་འབྲེལ་བ་འཛུགས་དགོས་ཟེར། དེའི་རྗེས་སུ་ལིའུ་ལེ་ཡིས་མགོ་ཁྲིད་ལ་དུ་ཆང་ཉོ་བ་དང་འགན་ལེན་དངུལ་སྤྲོད་པ་སོགས་ལ་ཁ་གཡར་ནས་ལི་ཧྭའི་ལག་ནས་སྒོར2300དང་ཡུན་ཡུན་ལག་ནས་སྒོར1750གཡོ་ལེན་བྱས། དེ་དང་མཉམ་དུ་ཡང་ཨ་མའི་ནད་ལ་བལྟ་བར་ཁ་གཡར་ནས་ཡུན་ཡུན་གྱི་ལག་ནས་སྒོར9000གཡོ་ལེན་བྱས། མཐའ་མར་ལི་ཧྭ་དང་ཡུན་ཡུན་གྱིས་གཏམ་བཟང་ལ་སྒུག་པའི་ཁྲོད་ནས་ལིའུ་ལེ་གར་སོང་ཆ་མེད་དུ་གྱུར།
           ཟླ10པའི་ཚེས23ཉིན། ལིའུ་ལེ་ལ་ཁ་པར་མི་འཕྲོད་ལ་སྐད་འཕྲིན་ཡང་ནག་དོང་དུ་འཕངས་ཡོད་པ་ཤེས་རྗེས། ཡུན་ཡུན་ལ་དོགས་པ་སྐྱེས་ཞོར་དུ་ལི་ཧྭ་དང་མཉམ་དུ་དམག་དཔུང་ག་གེ་མོར་ལིའུ་ལེ་བཙལ་དུ་སོང་མོད། དམག་དཔུང་དེ་རུ་མི་དེ་འདྲ་ཞིག་རྩ་བ་ནས་མེད་ཅེས་བཤད། ཐབས་ལམ་སྣ་ཚོགས་བརྒྱུད་ཀྱང་ལིའུ་ལེ་ལ་འབྲེལ་གཏུག་བྱེད་མ་ཐུབ་པས། ལི་ཧྭ་དང་ཡུན་ཡུན་གཉིས་ཀྱིས་ན་ནིང་གི་ཟླ6པའི་ཚེས1ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་རྨ་ཆུ་ལམ་མངག་གཏོང་ཁང་དུ་གྱོད་དོན་སྙན་སེང་ཞུ་རུ་སོང་བ་ན། གཡོ་འོག་ཏུ་ཚུད་མཁན་ཁོ་གཉིས་ལས་མི་ཚད་པར་ཁོ་གཉིས་ཀྱིས་གྱོད་དོན་ཞུ་གཏུག་མ་བྱས་གོང་གི་སྔ་ཉིན་ལ། ཏ་ཁྲེང་གིས་ཀྱང་གྱོད་དོན་སྙན་སེང་ཞུས་པར་མ་ཟད་ལིའུ་ལེ་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཁོ་གཉིས་ཀྱིས་གཞི་ནས་ཤེས།
རླངས་འཁོར་ཁ་ལོ་བའི་འཛིན་ཡིག་གི་འགྲོ་ལུགས་སྒྲུབ་པར་བརྟེན་ནས་གཞན་ལ་མགོ་གཡོག་པ།

          2019ལོའི་ཟླ12པར། ལིའུ་ལེ་ཡི་སྐད་འཕྲིན་བརྒྱུད་ནས་ཉེ་འགྲམ་གྱི་ཆིན་ཆིན་ཞེས་པ་ནང་འཇུག་བྱས་ཏེ་ཁ་བརྡ་ཐེངས་འགར་བྱས་རྗེས། ཆིན་ཆིན་གྱིས་རང་ཉིད་དྲག་ཆས་ཉེན་རྟོག་རུ་ཁག་གི་མགོ་ཁྲིད་ཡིན་ཞེས་བཤད་དེ་ལིའུ་ལེ་ལ་ཡིད་ཆེས་བྱས། ལིའུ་ལེ་ཡིས་ཆིན་ཆིན་ལ་བཤད་རྒྱུར། ཁོའི་ལག་ཏུ་དམག་དཔུང་གི་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་གི་མིང་ཐོ་འགའ་ཡོད་ལ་སྒོར་མོ་སྤྲད་ན་བསྒྲུབ་ཐུབ་པ་དང་། རླངས་འཁོར་ཁ་ལོ་བའི་འཛིན་ཡིག་རེ་ལ་སྒོར4000སྤྲད་ན་ཆོག་ཅེས་བཤད།
          2020ལོའི་ཟླ2པར། ཆིན་ཆིན་གྱི་གྲོགས་བཟང་ཏ་ཁྲེང་གིས་སྐད་འཕྲིན་གྱི་ལམ་ནས་ལིའུ་ལེ་ལ་སྒོར5500སྤྲད་ལ། ལིའུ་ལེ་ཡིས་ཟླ་གསུམ་མ་འགོར་བར་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ཏ་ཁྲེང་གི་ལག་ཏུ་འབྱོར་ཐུབ་པར་ཁས་བླངས།
          ཟླ5པར་ཐོན་རྗེས། ཡུན་རིང་ལ་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་མ་ཐུབ་པའི་ཏ་ཁྲེང་གིས་དེའི་ཕྱོགས་ཀྱི་གནས་ཚུལ་དྲིས་པ་ན། ལིའུ་ལེ་ཡིས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་སྒྲུབ་མཁན་ལ་གནས་ཚུལ་འགྱུར་ལྡོག་ཡོད་པས་གནས་སྐབས་སུ་དཀའ་ཁག་ཅུང་ཡོད་ཅེས་རྫུན་བཤད་ཅིང་། ད་དུང་ཏ་ཁྲེང་ལ་སེམས་བདེ་མོ་བྱོས་དང་གལ་ཏེ་འགྲོ་ལུགས་བསྒྲུབ་མ་ཐུབ་ཚེ་ཁྱོད་ཀྱིས་སྤྲད་པའི་སྒོར་མོ་ཕྱིར་སྤྲོད་ངེས་ཡིན་ཞེས་བཤད། ཟླ5པའི་ཚེས31ཉིན་བར་ཏ་ཁྲེང་གིས་ད་དུང་སྒོར་མོ་ལེན་མ་ཐུབ་པས་རྨ་ཆུ་ལམ་མངག་གཏོང་ཁང་དུ་སོང་ནས་གྱོད་དོན་སྙན་སེང་ཞུས།
མགོ་གཡོག་མགོ་སྐོར་གྱི་ནག་ཉེས་བསགས་པས་འཛིན་བཟུང་བྱས།

          རྨ་ཆུ་ལམ་མངག་གཏོང་ཁང་གི་ཉེན་རྟོག་པས་ཞིབ་བཤེར་བྱས་ཏེ་ཤེས་རྟོག་བྱུང་བ་ལྟར་ན། ལིའུ་ལེ་ཡིས2018ལོར་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་བསགས་པས་ཟི་ལིང་མཁར་ནུབ་ཁུལ་མི་དམངས་ཁྲིམས་ཁང་གིས་བཙན་ཉར་ལས་སྐུལ་ཟླ5ཡི་ཁྲིམས་ཐག་བཅད་པ་རེད། ཁྲིམས་བཅད་དུས་ཚད་ལོངས་ཏེ་བཙོན་ཁང་ལས་བུད་རྗེས། ཁོའི་གཤིས་སྤྱོད་ཇེ་བཟང་དུ་འགྲོ་བ་ཕར་ཞོག དེ་ལས་ལྡོག་སྟེ་རང་ཉིད་ཀྱི་ལས་རིགས་རྙིང་པ་སྔར་བཞིན་གཉེར་ཡོད། 2020ལོའི་ཟླ6པའི་ཚེས1ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད། ལིའུ་ལེ་ཡིས་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་བསགས་པའི་དོགས་གཞི་ཡོད་པས། མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཡིས་ཁྲིམས་ལྟར་འཛིན་བཟུང་བྱས་ཤིང་། ཟླ12པའི་ཚེས11ཉིན། མཁར་ནུབ་མི་དམངས་ཁྲིམས་ཁང་གིས་ལིའུ་ལེ་ཡིས་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ3དང་ཟླ6ཡི་ཁྲིམས་ཐག་བཅད།
རྩོམ་སྒྲིག་པ། བདེ་སྒྲོལ།