དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

《དམངས་དོན་ཁྲིམས་གཞུང》གི་རྩ་བའི་གཏན་འཁེལ།(1)

སྤེལ་དུས 2021-01-29 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
            རྩོམ་སྒྲིག་པའི་གཏམ། 
            ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་འདི་ནི2020ལོའི་ཟླ5པའི་ཚེས28ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཨང45པ་ཁྱབ་བསྒྲགས་བྱས་ཏེ། 2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཟིན་པས། ཁྲིམས་གཞུང་འདིར་གཅིག་ནས་གསར་དུ་གཏན་འབེབས་བྱས་པའི་དོན་ཚན་མང་ལ། གཉིས་ནས་མང་ཚོགས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་ཞིང་། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པར་དགོངས་ཏེ། རང་རེའི་རྩོམ་སྒྲིག་ཁང་གིས་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོར་མཐུན་རྐྱེན་གང་ལེགས་བསྐྲུན་ཆེད་ལེ་ཚན་འདི་བསྒྲུབས་པ་ལགས་སོ། ། 
            《དམངས་དོན་ཁྲིམས་གཞུང》གི་རྩ་བའི་གཏན་འཁེལ།
            ཁྲིམས་འཛུགས་དམིགས་ཡུལ། དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། དམངས་དོན་འབྲེལ་བ་སྙོམ་སྒྲིག་དང་། སྤྱི་ཚོགས་དང་དཔལ་འབྱོར་སྒྲིག་ལམ་ལ་འགན་སྲུང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་བླང་བྱ་དང་མཐུན་པར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དུ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི《རྩ་ཁྲིམས》གཞིར་བཟུང་སྟེ་བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན། 
            སྙོམ་སྒྲིག་བྱ་ཡུལ། དམངས་ཁྲིམས་ཀྱིས་སྙོམ་སྒྲིག་བྱེད་པ་ནི་བྱེད་པོ་འདྲ་མཉམ་ཡིན་པའི་རང་བྱུང་མི་དང་ཁྲིམས་མི། ཁྲིམས་མི་མིན་པའི་རྩ་འཛུགས་བར་གྱི་མི་ལུས་འབྲེལ་བ་དང་རྒྱུ་ནོར་འབྲེལ་བ་བཅས་ཡིན།
            དམངས་དོན་ཁེ་དབང་དང་གཞན་པའི་ཁྲིམས་མཐུན་ཁེ་ཕན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པ། དམངས་དོན་བྱེད་པོའི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་། དེར་མ་ཟད་གཞན་པའི་ཁྲིམས་མཐུན་ཁེ་ཕན་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ལ། གཞན་པའི་རྩ་འཛུགས་སམ་མི་སྒེར་གང་རུང་གིས་དེར་གནོད་འཚེ་གཏང་མི་ཆོག
            འདྲ་མཉམ་རྩ་དོན། དམངས་དོན་བྱེད་པོའི་དམངས་དོན་བྱ་འགུལ་ཁྲོད་ཀྱི་བཅའ་ཁྲིམས་གོ་གནས་ཚང་མ་འདྲ་མཉམ་ཡིན།
            རང་མོས་རྩ་དོན། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་ན། རང་མོས་རྩ་དོན་བརྩི་སྲུང་བྱ་དགོས་ཤིང་། རང་ཉིད་ཀྱི་བློ་ཁ་ལྟར་སྒྲིག་འཛུགས་དང་བསྒྱུར་བཅོས། དམངས་དོན་བཅའ་ཁྲིམས་འབྲེལ་བ་མཚམས་བཞག་ཆོག 
            དྲང་གཞག་རྩ་དོན། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་ན། དྲང་གཞག་རྩ་དོན་བརྩི་སྲུང་བྱ་དགོས་ཤིང་། འོས་འཚམ་གྱིས་ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་གཏན་འཁེལ་བྱ་རྒྱུ།
            ཁ་དན་ཚིག་གནས་ཀྱི་རྩ་དོན། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་ན། ཁ་དན་ཚིག་གནས་ཀྱི་རྩ་དོན་བརྩི་སྲུང་བྱ་དགོས་ཤིང་། ཁས་ལེན་དམ་བཅའ་བརྩི་རྒྱུ།
            ཁྲིམས་སྲུང་དང་སྤྱི་སྒྲིག་སྲོལ་བཟང་གི་རྩ་དོན། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་ན། བཅའ་ཁྲིམས་དང་འགལ་མི་ཆོག་ལ་སྤྱི་སྒྲིག་སྲོལ་བཟང་ལ་དེ་བས་ཀྱང་འགལ་མི་ཆོག 
            ལྗང་མདོག་རྩ་དོན། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་ན། ཐོན་ཁུངས་ལ་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་དགོས།
            དམིགས་བསལ་བཅའ་ཁྲིམས་སྔོན་ལ་འཇོག་པ། གཞན་པའི་བཅའ་ཁྲིམས་ཀྱིས་དམངས་དོན་འབྲེལ་བར་དམིགས་བསལ་གྱི་གཏན་འཁེལ་ཡོད་ཚེ། དེ་གཞིར་བཟུང་སྟེ་གཏན་འཁེལ་བྱ་དགོས།
            དམངས་ཁྲིམས་ཀྱི་ས་ཁོངས་ནུས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་དམངས་དོན་བྱ་སྤྱོད་སྤེལ་རིགས་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྤྱད་དགོས། བཅའ་ཁྲིམས་འདི་ལས་གཏན་འཁེལ་གཞན་ཡོད་ཚེ། དེ་གཞིར་བཟུང་སྟེ་གཏན་འཁེལ་བྱ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།