དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བརྙས་བཅོས་དོན་རྐྱེན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།

སྤེལ་དུས 2021-01-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉིན་ཤས་གོང་། སློབ་གསོ་པུས《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བརྙས་བཅོས་འགོག་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་ཀའི་ཇུས་གཞི》བཀྲམ་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བརྙས་བཅོས་འགོག་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
          ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་གཙོ་བོ་བྱེད་ཐབས་ཁག་དྲུག་སྤྱོད་རྒྱུ་སྟེ། གཅིག་ནས་བརྙས་བཅོས་དོན་རྐྱེན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་དགོས། སློབ་གྲྭ་འབྲིང་ཆུང་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། བརྙས་བཅོས་ཀྱི་བྱེད་སྤྱོད་ཐོན་སྲིད་རིགས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྔོན་འགོག སྔ་ཙམ་ཚོད་འཛིན་བཅས་བྱེད་དགོས། གཉིས་ནས་མངོན་མེད་རྐྱེན་ངན་གྱི་གནད་དོན་དུས་ཐོག་ཏུ་སེལ་དགོས། གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་ཐོན་བཟོ་ཡོད་པའི་སྣང་ཚུལ་ལམ་ཡང་ན་མངོན་མེད་རྐྱེན་ངན་རིགས་ལ་ངེས་པར་དུ་དགོས་ངེས་ཀྱི་ཐེ་ཇུས་བྱེད་ཐབས་སྤྱད་ནས། ལམ་སྟོན་སློབ་ཁྲིད་དང་འདུམ་འགྲིག་གི་ལས་དོན་ཡག་པོ་བསྒྲུབས་ཏེ། སློབ་མའི་བརྙས་བཅོས་དོན་རྐྱེན་མ་ཐོན་སྔོན་འགོག་ཏན་ཏིག་བྱེད་དགོས། གསུམ་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས། བརྙས་བཅོས་བྱེད་སྤྱོད་སྤེལ་རིགས་ཀྱིས་སློབ་མར་ཕོག་པའི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས། སྐྱོན་བརྗོད་སློབ་གསོ་དང་། ཉེན་ཟོན་ཁ་བརྡ། སྒྲིག་ཁྲིམས་ཆད་གཅོད། བསླབ་བྱ། ཆེད་དོན་སློབ་གྲྭར་བསྒྱུར་བ་སོགས་ཀྱི་ཆད་པ་གཅོད་པའི་བྱེད་ཐབས་སོ་སོར་སྤྱོད་རྒྱུ་དང་། བརྙས་བཅོས་ཕོག་པའི་སློབ་མར་དེ་མཚུངས་ཀྱི་བསམ་བློའི་སློབ་གསོ་རྒྱག་དགོས། བཞི་ནས་བརྙས་བཅོས་ཀྱི་སྙན་ཞུའི་ལམ་ལུགས་ཚད་ལྡན་དུ་གཏོང་དགོས། སློབ་མར་བརྙས་བཅོས་ཕོག་པ་ཤེས་འཕྲལ་སློབ་གྲྭས་དུས་ཐོག་ཏུ་བཀག་འགོག་བྱེད་པ་དང་སྦྲགས་བརྟག་དཔྱད་ཐག་གཅོད་ཀྱང་བྱེད་དགོས། གནས་ཚུལ་ཚབས་ཆེ་རིགས་དུས་ཐོག་ཏུ་སྙན་སེང་ཞུ་བ་མ་ཟད། སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་རྒྱུར་གང་མགྱོགས་འབྲེལ་གཏུག་བྱེད་དགོས། ལྔ་ནས་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་། ཁྲིམས་སྐྱོང་གི་སློབ་གསོ། སེམས་ཁམས་བདེ་ཐང་གི་སློབ་གསོ་བཅས་གཏིང་ཟབ་སྤེལ་བ་དང་། སློབ་མའི་བརྙས་བཅོས་འགོག་བཅོས་ཀྱི་ཆེད་དོན་གསོ་སྦྱོང་བྱས་ཏེ་ཁྱིམ་ཚང་གི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས། དྲུག་ནས་ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། འགན་འཁྲི་དང་། སྔོན་འགོག དཔྱད་གདེང་། འགན་འཁྲི་རྩད་གཅོད་བཅས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཉེན་བརྡ་རྒྱུན་སྒྲོག་དང་མ་བྱུང་སྔོན་འགོག་བྱེད་དགོས།
          ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དུས་མཚམས་གསུམ་དུ་ཕྱེ་ཞིང་། དུས་མཚམས་དང་པོ་ནི་བཀོད་སྒྲིག་དང་མཐིལ་རྟོགས་བྱ་རྒྱུ་ཡིན་ཞིང་། འདི་ལོའི་ཟླ་3པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱ་རྒྱུ་དང་། དུས་མཚམས་གཉིས་པ་ནི་གཅིག་སྡུད་བཅོས་སྒྲིག་དང་བརྙས་བཅོས་དོན་རྐྱེན་གྱི་བརྟག་དཔྱད་ཐག་གཅོད་ལས་དོན་ཁྲིམས་དང་སྒྲིག་སྲོལ་ལྟར་ཡག་པོ་བསྒྲུབས་ནས། འགོག་བཅོས་ཀྱི་ལས་ཀའི་ལམ་སྲོལ་དང་ལམ་ལུགས་ཀྱི་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། འདི་ལོའི་ཟླ་6པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱ་རྒྱུ། དུས་མཚམས་གསུམ་པ་ནི་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱ་རྒྱུ་ཡིན་ཞིང་། འདི་ལོའི་ཟླ་7པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱ་རྒྱུ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།