དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ལོ་གསར་རིང་རླངས་འཁོར་ཆུང་གྲས་དག་ལ་ལམ་གླ་མི་དགོས།

སྤེལ་དུས 2021-02-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི2021ལོའི་དུས་ཆེན་འགའི་ངལ་གསོའི་ཉིན་མོ་བཀོད་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར》གཞིར་བཟུང་སྟེ། 2021ལོའི་ལོ་གསར་གྱི་གུང་གསེང་གཏོང་བའི་དུས་ཚོད་དེ་ཟླ2པའི་ཚེས11ཉིན་ནས་ཚེས17ཉིན་བར་ཁྱོན་བསྡོམས་ཉིན7ཡིན། ཟླ2པའི་ཚེས7ཉིན(གཟའ་ཉི་མ)དང་ཟླ2པའི་ཚེས20ཉིན(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།
          འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས“ད་ལོའི་ལོ་གསར་རིང་རྒྱལ་ཡོངས་ཀྱི་ལམ་གྲོན་བསྡུ་བའི་གཞུང་ལམ་གྱིས་མུ་མཐུད་དུ་ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད0ནས་ཚེས17ཉིན་གྱི་ཆུ་ཚོད24བར་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཏེ། རྐུབ་སྟེགས7ཅན་དང་ཡང་ན་དེ་ལས་ཆུང་བའི་རླངས་འཁོར་ཆུང་གྲས་ལ་ལམ་གླ་བསྡུ་རྒྱུ་མིན”ཞེས་གསལ་བཤད་བྱས། 
           འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ད་དུང་ལོ་གསར་གྱི་སྐབས་སུ་ཕྱིའི་དགོས་མིན་འགྲོ་སྐྱོད་ཇེ་ཉུང་དུ་གཏོང་དགོས་ཤིང་། གལ་ཏེ་ངེས་པར་དུ་འགྲོ་སྐྱོད་བྱེད་དགོས་བྱུང་ཚེ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས་པ་དང་། འགྲོ་སྐྱོད་ཀྱི་ལམ་ཐིག་འཆར་འགོད་ལུགས་མཐུན་བྱེད་པ། སྔོན་མ་ནས་འབྲེལ་ཡོད་ཆ་འཕྲིན་ངེས་པར་བྱས་ནས་ལམ་སྐབས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།