དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བར་སྣང་ནས་དངོས་པོ་གཡུག་པའི་ཉེས་དོན་ཐོག་མ་ལ་ཁྲིམས་ཐག་བཅད།

སྤེལ་དུས 2021-03-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
            ཟླ3པའི་ཚེས1ཉིན་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་གསར་ཤོས་ལ་ནུས་པ་ཐོན་པ་དང“བར་སྣང་ནས་དངོས་པོ་གཡུག་པ”དེ་དངོས་སུ་ཉེས་ཆད་ནང་བཅུག་པ་རེད། ཉིན་དེར་ཅང་སུའུ་ཁྲང་ཀྲོའུ་ལི་དབྱང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་བར་སྣང་ནས་དངོས་པོ་གཡུག་པའི་གྱོད་གཞི་ཞིག་འདྲི་གཅོད་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ཞུས་ཆེ་གེ་མོས་བར་སྣང་ནས་དངོས་པོ་གཡུག་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ཟླ6བྱས་པ་དང་འབྲེལ་དངུལ་གྱི་ཆད་པ་སྒོར2000གཅོད་རྒྱུའི་ཁྲིམས་ཐག་བཅད་པ་རེད། འདི་ནི་རྒྱལ་ཡོངས་ཀྱི་བར་སྣང་ནས་དངོས་པོ་གཡུག་པའི་ནག་ཉེས་ཀྱི་གྱོད་གཞི་ཐོག་མ་ཡིན།
མི་གཞན་དང་རྩོད་པ་བྱུང་བའི་རྐྱེན་གྱིས།

            ཞུས་ཆེ་གེ་མོས་སྔ་རྗེས་སུ་ཚལ་གྲི་གཉིས་ཐོག་ཁང་ནས་གཡུགས་པ་རེད།
            2020ལོའི་ཉིན་ཞིག་ལ། ཞུས་ཆེ་གེ་མོ(ཁྱིམ་གསུམ་ཐོག་ཏུ་ཡོད)དང་ཝང་ཆེ་གེ་མོ་གཉིས་མ་མཐུན་པས་རྩོད་པ་བྱུང་བ་ཡིན་ལ། ཞུས་ཆེ་གེ་མོར་རེ་ཞིག་ཁོང་ཁྲོ་ཆེན་པོ་ལངས་ནས་ཐབ་ཚང་ནས་ཚལ་གྲི་ཞིག་ཁྱེར་ཡོང་བ་དང་། ཝང་ཆེ་གེ་མོས་དེ་མཐོང་མ་ཐག་མདུན་དུ་བསྐྱོད་དེ་གྲི་འཕྲོག་ཀྱང་འབྲས་བུ་མ་ཐོན་པར་ཞུས་ཆེ་གེ་མོས་ཚལ་གྲི་ཐོག་ཁང་ནས་གཡུགས་པ་རེད། ཐོག་ཁང་འོག་གི་སྡོད་དམངས་ཀྱིས་གནས་ཚུལ་དེ་ཤེས་རྗེས་ཐོག་ཁང་དུ་ཕྱིན་ནས་འདྲི་རྩད་བྱས་པ་དང་ཞུས་ཆེ་གེ་མོས་འདྲི་རྩད་བྱེད་པའི་སྐད་ཆ་ཐོས་རྗེས་སླར་ཡང་ཐབ་ཚང་དུ་ཚལ་གྲི་གཉིས་པ་ལེན་པར་བསྐྱོད་པ་དང་། ཝང་ཆེ་གེ་མོས་སླར་ཡང་མདུན་དུ་བསྐྱོད་དེ་གྲི་འཕྲོག་ཀྱང་འབྲས་བུ་མ་ཐོན་པར་ཞུས་ཆེ་གེ་མོས་ཡང་ཚལ་གྲི་གཉིས་པ་དེ་ཐོག་ཁང་ནས་གཡུགས་པ་དང་ཐོག་ཁང་འོག་གི་སྡོད་དམངས་ཀྱིས་གནས་ཚུལ་དེ་མཐོང་རྗེས་ཉེན་བརྡ་བཏང་བ་རེད།
ཁྲིམས་ཁང་གིས་ཞུས་ཆེ་གེ་མོས་བར་སྣང་ནས་དངོས་པོ་གཡུག་པའི་ཉེས་པ་བསགས་པར།
ཟླ་བ6གི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།
            ལི་དབྱང་ཁྲིམས་ཁང་གིས་འདྲི་གཅོད་བྱས་པ་བརྒྱུད་ཞུ་སྦྱོར་ཕྱི་མ་བ་ཞུས་ཆེ་གེ་མོས་བར་སྣང་ནས་དངོས་པོ་གཡུགས་པའི་བྱ་སྤྱོད་དེས་མི་ལུས་ལ་གནོད་འཚེ་བཏང་མེད་པའམ་ཡང་ན་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་མེད་ཀྱང་། ཐོག་ཁང་ནས་དངོས་པོ་གཡུག་པའི་བྱ་སྤྱོད་ཀྱིས་བར་སྣང་ནས་དངོས་པོ་གཡུག་པའི་བྱས་ཉེས་བསགས་ཡོད་པས།《ཉེས་ཁྲིམས》ལྟར་ཞུ་སྦྱོར་ཕྱི་མ་བ་ཞུས་ཆེ་གེ་མོས་བར་སྣང་ནས་དངོས་པོ་གཡུགས་པར་དུས་བཀག་བཙོན་འཇུག་ཟླ6བྱས་པ་དང་འབྲེལ་སྒོར2000གི་ཉེས་ཆད་བཅད།
            ཁྲིམས་དཔོན་གྱིས《ཉེས་ཁྲིམས》ཀྱི་དོན་ཚན་291གི་ནང་གསེས་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་དོན། འཛུགས་སྐྲུན་དངོས་པོའམ་ཡང་ན་བར་སྣང་ནས་དངོས་པོ་གཡུག་པའི་ནག་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་གཅིག་མན་དང་། བཙན་ཉར་ལས་སྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་བྱེད་པ། དེ་མིན་ཆད་པ་གཅོད་པའམ་ཡང་ན་དངུལ་ཆད་གཅིག་པུར་གཅོད་པ་ཡིན་ཞེས་མཚམས་སྦྱོར་གནང་བ་རེད།
            “བར་སྣང་ནས་དངོས་པོ་གཡུག་པ་དང་དངོས་པོ་ལྷུང་བའི་བྱ་སྤྱོད་དེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བ་ཡིན་ལ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཐོན་སླ་བས་ལི་དབྱང་ཁྲིམས་ཁང་གིས་ཁྲིམས་ལྟར་བར་སྣང་ནས་དངོས་པོ་གཡུག་པའི་གྱོད་གཞི་ལ་ཞིབ་གཅོད་འོས་འཚམ་བྱས་ཤིང་། ཉེས་དོན་ཁྲིམས་འཛིན་ཁྱབ་ཁོངས་ཀྱིས་བར་སྣང་ནས་དངོས་པོ་གཡུག་པའི་བཅོས་སྒྲིག་ཐད་དགེ་མཚན་ལྡན་པའི་ལན་བསྐྱོན་པ་གསར་པོར་མཚོན་ཡོད། དོགས་ཟོན་ནུས་ལྡན་དང་བར་སྣང་ནས་དངོས་པོ་གཡུག་པའི་བྱ་སྤྱོད་ཐོན་རྒྱུ་བཀག་འགོག་ནུས་ལྡན་དང་། སྤྱི་ཚོགས་ཀྱི་རིན་ཐང་ཡང་དག་ལ་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད”ཟེར། ཁྲིམས་དཔོན་གྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ཕུད་ད་དུང་མི་ཚང་མས་རང་རྟོགས་ངང་བརྩི་སྲུང་བྱས་ནས་ང་ཚོའི“མགོ་ཐོག་གི་བདེ་འཇགས”ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པར་དྲན་སྐུལ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།