དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁ་ལོ་བའི་ལག་ཁྱེར་བརྗེ་བར་འཁོར་རིགས་དོ་དམ་སུའོ་ལ་འགྲོ་དགོས་མི་འདུག

སྤེལ་དུས 2021-03-15 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཟླ་3ཚེས་10ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་3ཚེས་10ཉིན་གྱི་ཆུ་ཚོད་18པའི་བར། ལྷ་ས་གྲོང་ཁྱེར་གྱི་ཁ་ལོ་བའི་ལག་ཁྱེར་Aདང་Bཡིན་པའི་ཁ་ལོ་བས་དུས་ཚད་ཐིམ་ཡང་ཞིབ་བཤེར་བྱས་མེད་པ་དང་། ལག་ཁྱེར་བརྗེས་མེད་པ། སྐར་མ་ཆ་ཚང་འཐེན་ཡང་སློབ་སྦྱོང་ལ་ཕྱིན་མེད་པ་བཅས་ཀྱི་ཁོ་ལོ་བ་2860ཟིན་གྱི་ཡོད།
          འགྲིམ་འགྲུལ་ཉེན་རྟོག་པའི་དྲན་སྐུལ།
          དུས་ཚད་ཐིམ་ཡང་ཞིབ་བཤེར་བྱས་མེད་པའི་ཁ་ལོ་བས་ངེས་པར་དུ་གཏན་འབེབས་གཞིར་བཟུང་སློབ་སྦྱོང་ནང་ཞུགས་དགོས། 

          དུས་ཐོག་ཏུ་ཞིབ་བཤེར་མ་བྱས་ན་སྐྱོན་གང་ཡོད་དམ།
          ▶ གཏན་འབེབས་གཞིར་བཟུང་། ཁ་ལོ་བའི་ལག་ཁྱེར་གྱི་དུས་ཚད་ཐིམ་ནས་ལོ་གསུམ་ཕྱིན་ཡང་ཞིབ་བཤེར་བྱས་མེད་པའམ་ཡང་ན་སྐར་མ་12ཚང་མ་འཐེན་ཚེ་ཁ་ལོ་བའི་ལག་ཁྱེར་གྱི་རིམ་པ་གཅོག་རྒྱུ།
          ▶ ཁ་ལོ་བས་གཏན་འབེབས་དུས་ཚོད་ནང་ལག་ཁྱེར་གྱི་རིམ་པ་གཅོག་པའི་ལས་སྒོ་མ་གཉེར་ཚེ་ཁ་ལོ་བའི་ལག་ཁྱེར་མེད་པར་བཟོ་རྒྱུ།
          ▶ གཞན་ཡང་། ཁ་ལོ་བའི་ལག་ཁྱེར་གྱི་རིམ་པ་བཅགས་ཀྱང་རིམ་པ་དེ་དང་མཚུངས་པའི་རླངས་འཁོར་བཏང་ཚེ་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་གཏན་འབེབས་ལྟར་ཐག་གཅོད་བྱེད་རྒྱུ།
          གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་དོན། མིག་སྔར་གྲོང་མི་ཚོས་ས་ཆ་དངོས་དང་དྲ་ཐོག་ནས་ཁ་ལོ་བའི་ལག་ཁྱེར་ལ་ཞིབ་བཤེར་དང་། ལག་ཁྱེར་བརྗེ་བ། སྐར་མ་ཆ་ཚང་འཐེན་ཡང་སློབ་སྦྱོང་ལ་འགྲོ་ཐུབ་མེད་པ་བཅས་ཀྱི་ལས་སྒོ་གཉེར་ཆོག་གི་ཡོད།
          ལས་སྒོ་གཉེར་བའི་གོ་རིམ།
          དྲ་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལས་སྟེགས(www.122.gov.cm)དང“འགྲིམ་འགྲུལ་དོ་དམ་12123”གྱི་ལག་ཐོགས་ཁ་པར་གྱི་Appབརྒྱུད་ཁ་ལོ་བའི་ལག་ཁྱེར་གྱི་དུས་ཚད་ཐིམ་ནས་བརྗེ་པོ་རྒྱག་པའི་ལས་སྒོ་གཉེར་ཆོག་གི་ཡོད། ཚང་མས་དྲ་ཐོག་ནས་རེ་ཞུ་བྱས་རྗེས་འཁོར་རིགས་དོ་དམ་སུའོ་ཡིས་EMSབསྐུར་གྱི་ཡོད།
12123App“ཁ་ལོ་བའི་ལག་ཁྱེར་བརྗེ་པོ་རྒྱག་སྟངས”

འགྲིམ་འགྲུལ་དོ་དམ་ལས་སྟེགས་བརྒྱུད“ཁ་ལོ་བའི་ལག་ཁྱེར་གྱི་དུས་ཚད་ཐིམ་ནས་བརྗེ་པོ་རྒྱག་པ”ཞེས་པ་འདེམས་དགོས།
↓↓↓

རྩོམ་སྒྲིག་པ། བདེ་སྒྲོལ།