དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རྡུང་རྡེག་སྔོན་འགོག་མཉམ་བཟུང་གིས། རྩ་ལག་མཉམ་དུ་བཅོས་པར་བྱེད།

སྤེལ་དུས 2021-03-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            སྤྱི་ལོ་2018ལོའི་ཟླ་བ་དང་པོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་དུས་ཡུན་ལོ་གསུམ་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་རྒྱུ་བཀོད་སྒྲིག་གནང་ཡོད་པ་རེད། ལོ་གསུམ་རིང་ཇུས་འགོད་བྱས་པ་ནས་མཐའ་མའི་རྒྱལ་ཁ་བླངས་པའི་བར། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དེ་རྡུང་རྡེག་སྔོན་འགོག་མཉམ་བཟུང་དང་། རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ནུས་ལྡན་གྱི་སྒོ་ནས་ནག་སྤྱོད་སྟོབས་ཤུགས་ཀྱི་བྱས་ཉེས་ལ་རྡུང་རྡེག་བཏང་བ་དང་ཟིལ་གནོན་བྱས་པ། མི་མདང་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
            ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དུས་དཔག་བབ་བསྟུན་ཞིག་ཡིན་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་སླེབས་པ་དང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཇུས་ཐག་བཀོད་སྒྲིག་གལ་ཆེན་གནང་ཞིག་ཡིན། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ནས་ལོ་གསུམ་རིང་དབང་ཤུགས་ཀྱི་སྒོ་ནས་སྐུལ་འདེད་བཏང་བས་རྒྱ་ཆེ་ཚད་དང་ཤུགས་ལྡན་ཚད། གཏིང་ཟབ་ཚད་བཅས་སྔར་ནས་བྱུང་མྱོང་མེད་པ་ཐོན་ཡོད། རྒྱལ་ཡོངས་སུ་ཁྱོན་ཁྲིམས་ལྟར་ནག་ཚོགས་སྒྲིག་འཛུགས་དང་འབྲེལ་བ་ཡོད་རིགས་3644དང་ནག་ཉེས་དང་ཞེ་ཁྲེལ་མེད་པའི་བྱས་ཉེས་དང་འབྲེལ་བ་ཡོད་པའི་ཚོགས་པ་11675གཙང་སེལ་བྱས་ཡོད་པ་རེད། ཧུའུ་ནན་ཤིན་ཧོང་གི་ཐང་ཆེན་ཐོག་ཏུ་རོ་སྦས་པའི་གྱོད་གཞི་དང་ཡུན་ནན་ཁུན་མིང་གི་སུན་ཞའོ་ཀུའོ་གྱི་གྱོད་གཞི་སོགས་ཁྲིམས་ལྟར་ཐག་གཅོད་གཙང་སེལ་བྱས་ཡོད་པ་རེད།
            སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྲིད་ཁྲིམས་ལས་ཁུངས་ཀྱིས་སྲུང་སྐྱོབ་དྲ་བ་གཙང་སེལ་བྱེད་པའི་ཐད་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། རྒྱལ་ཡོངས་སུ་ཁྱོན་ནགས་ཚོགས་དང་འབྲེལ་བ་ཡོད་པ་དང་ཞེ་ཁྲེལ་མེད་པ་འབྲེལ་བ་ཡོད་པ། རུལ་སུངས་དང་འབྲེལ་བ་ཡོད་པ། འགེབས་སྲུང་བྱེད་མཁན་དང་འབྲེལ་བ་ཡོད་པ་བཅས་ཀྱི་གྱོད་གཞི་89742ཞིབ་བཤེར་ཐག་གཅོད་ཐུབ་པ། གྱོད་དོན་ཐོ་འགོད་ཀྱིས་ཆད་པ་བཅད་པའི་མི་གྲངས་115913ཟིན་པ། མང་ཚོགས་ཀྱི་ཉེ་འཁོར་དུ་ཐོན་པའི་རུལ་སུངས་ཀྱི་གནད་དོན་ལ་བཅོས་སྐྱོང་དག་ཐེར་ནུས་ལྡན་ཐུབ་ཡོད་པ་རེད།
            ནག་ཚོགས་ཡོད་ན་ནག་ཚོགས་སེལ་བ་དང་གཤེད་མ་ཡོད་ཕྱིན་གཤེད་མ་བཅོམ་པ། ཟང་ཟིང་ཡོད་ཚེ་ཟང་ཟིང་བཅོས་པ་བཅས་བྱས་ཡོད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དེས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་པས། ནུས་ལྡན་གྱི་སྒོ་ནས་ནག་གཤེད་ཐོན་པའི་རྩ་བ་མེད་པར་བཟོས་ཡོད། ནག་ཚོགས་དང་ཞེ་ཁྲེལ་མེད་པའི་གནད་དོན་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་བླང་བྱའི་ཐོག་ནས་ནག་སེལ་གཤེད་བཅོམ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་གཉིས་ཟུང་སྦྲེལ་བྱས་ཡོད་པ་རེད། ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། རིམ་ཁག་རྩ་འཛུགས་སྡེ་ཁག་གིས་ཉེས་དོན་ཆད་པ་ཕོག་པ་དང་གྲོང་ཚོའི་བཙན་ཧམ་ཅན། ནག་ཚོགས་གཤེད་མ་དང་འབྲེལ་བ་ཡོད་པ་སོག་ཀྱི་གནས་ཚུལ་ཡོད་པའི་གྲོང་ཚོའི་ལས་བྱེད་པ་མི་གྲངས་ཁྲི་4དང་2700རྩད་བཤེར་གཙང་སེལ་བྱས་པ་དང་། ནུས་ལྡན་གྱི་སྒོ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང་ཡོད་པ་རེད།
            ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་དུ་འགྱུར་བ་དེ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ནང་བཅུག་པ་དང་བསྟུན་ནས། ལམ་ལུགས་ཀྱི་བཟང་ཆའི་ཐོག་ནས་ནག་སྤྱོད་སྟོབས་ཤུགས་རྩ་བ་ནས་བཅོས་རྒྱུར་དེ་བས་སྲ་ཞིང་བརྟན་པའི་འགན་སྲུང་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།