དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ལས་བཟོའི་སྨན་བཅོས་འགན་བཅོལ་གཱ་སོ་སོའི་ནང་མིས་ཀྱང་སྤྱོད་ཆོག་གིས།

སྤེལ་དུས 2021-04-09 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཟླ་4ཚེས་7ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཱ་ཁྱེར་ནས་སྨན་ཁང་བསྟེན་པའི་མཉམ་རོགས་འགན་སྲུང་ལམ་སྲོལ་གྱི་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒེར་གྱི་སྨན་བཅོས་འགན་བཅོལ་གཱ་ཡི་དངུལ་སྤྱོད་པའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད། དེའི་ནང་འགྱུར་ལྡོག་ཆེ་ཤོས་ནི་སྒེར་གྱི་སྨན་བཅོས་འགན་བཅོལ་གཱ་སོ་སོའི་ནང་མིས་སྤྱོད་ཆོག་པ་དེ་ཡིན། 
          ཚོགས་འདུའི་ཐོག་སྒེར་གྱི་སྨན་བཅོས་འགན་བཅོལ་གཱ་ཡི་དངུལ་སྤྱོད་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ལས་བཟོའི་ཁྱིམ་ཚང་གི་ནང་མི་ཚང་མས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་སྐབས་ལས་བཟོའི་གཱ་ནས་སྨན་ཡོན་སྤྲོད་ཆོག་པ་དང་། དེ་བཞིན་གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་ནས་སྨན་དང་། སྨན་བཅོས་ཡོ་ཆས་སོགས་ཉོ་སྐབས་སྒེར་གྱིས་འདོན་དགོས་པའི་འགྲོ་གྲོན་ཐད་སྤྱོད་ཆོག 
          དེ་སྔོན། སྒེར་གྱི་སྨན་བཅོས་འགན་བཅོལ་གཱ་ལས་བཟོ་རང་ཉིད་ཀྱིས་མ་གཏོགས་སྤྱོད་ཆོག་གི་མེད་པས། ན་ཚ་མེད་པའི་མི་མང་ཆེ་བའི་གཱ་ནང་དངུལ་འབོར་ཆེན་ལྷག་གི་ཡོད། འོན་ཀྱང་རྒན་རྒོན་དང་གཟུགས་པོ་ཐང་པོ་མེད་པའི་མི་ཉུང་ཤས་ཤིག་གི་གཱ་ནང་དངུལ་འདང་གི་མེད་པས་གནོན་ཤུགས་ཆེན་པོ་བཟོ་ཡི་ཡོད། སྒྱུར་བཅོས་བྱས་རྗེས་ལས་བཟོའི་བཟའ་ཚང་དང་ཕ་མ་བུ་ཕྲུག་གིས་ལས་བཟོ་དེ་པའི་གཱ་སྤྱོད་ཆོག་གི་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།