ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་སྐོར་གྱི་བཅའ་ཁྲིམས།

སྤེལ་དུས 2017-08-30 ཡོང་ཁུངས། མཚོ་སྔོན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ། རྩོམ་པ་པོ། སྐྱ་རེངས་ཀྱིས་བསྒྲིགས།
(༡༩༨༩ལོའི་ཟླ་༡༠བའི་ཚེས་༣༡ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བདུན་པའི་གྲོས་ཚོགས་ཐེངས་བཅུ་བའི་ཐོག་གྲོས་འཆམ་བྱུང་།)

ལེའུ་དང་པོ། སྤྱིའི་རྩ་དོན།
          དོན་ཚན་དང་པོ།
          སྤྱི་དམངས་ཀྱིས་ཁྲིམས་ལྟར་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་དང་། སྤྱི་ཚོགས་ཀྱི་བདེ་འཇགས་དང་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད། རྩ་ཁྲིམས་གཞིར་བཟུང་སྟེ། བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན།

          དོན་ཚན་གཉིས་པ།
          ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་ནས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་སྐབས་སུ་བཅའ་ཁྲིམས་འདི་བཀོལ་སྤྱོད་བྱེད་དགོས།
          བཅའ་ཁྲིམས་འདིའི་འདུ་ཚོགས་ཟེར་བ་ནི། སྤྱི་པའི་ཁྲོམ་རར་འདུས་ནས་བསམ་འཆར་འདོན་པ་དང་འདོད་བློ་མཚོན་པར་བྱེད་པའི་བྱ་འགུལ་ལ་བསྟན་པ་ཡིན།
          བཅའ་ཁྲིམས་འདིའི་ཁྲོམ་སྐོར་ཟེར་བ་ནི། སྤྱི་པའི་བགྲོད་ལམ་དང་སྤྱི་པའི་ཁྲོམ་ར་ནས་གྲ་སྒྲིག་སྟེ་ཐུན་མོང་གི་འདོད་བློ་མཚོན་པར་བྱེད་པའི་བྱ་འགུལ་ལ་བསྟན་པ་ཡིན།
          བཅའ་ཁྲིམས་འདིའི་ཟིལ་ངོམ་ཟེར་བ་ནི། སྤྱི་པའི་ཁྲོམ་ར་དང་ཡང་ན་སྤྱི་པའི་བགྲོད་ལམ་ཐོག་ཏུ་འདུ་ཚོགས་དང་ཁྲོམ་སྐོར། འཇམ་སྡོད་སོགས་ཀྱི་བྱེད་སྟངས་སྤྱད་དེ། རེ་འདུན་དང་རྒོལ་གཏམ་དང་ཡང་ན་རྒྱབ་སྐྱོར་དང་ཁ་ཐོག་གི་རོགས་སྐྱོར་སོགས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པར་བྱེད་པའི་བྱ་འགུལ་ལ་བསྟན་པ་ཡིན།
           རོལ་རྩེད་དང་ལུས་རྩལ་བྱ་འགུལ། རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ། སྲོལ་རྒྱུན་གྱི་དམངས་ཁྲོད་གོམས་གཤིས་ཀྱི་བྱ་འགུལ་བཅས་ཐད་ལ། བཅའ་ཁྲིམས་འདི་བཀོལ་སྤྱོད་བྱེད་རྒྱུ་ཡིན།

           དོན་ཚན་གསུམ་པ།
           སྤྱི་དམངས་ཀྱིས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་དབང་ཆ་སྤྱོད་ཚེ། རིམ་པ་སོ་སོ་མི་དམངས་སྲིད་གཞུང་གིས་བཅའ་ཁྲིམས་འདིའི་གཏན་ཁེལ་ལྟར་འགན་སྲུང་བྱེད་དགོས།

           དོན་ཚན་བཞི་བ།
           སྤྱི་དམངས་ཀྱིས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་དབང་ཆ་སྤྱོད་ཚེ། ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པ་ལས། རྩ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་མི་ཆོག་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་དེ་མིན་སྤྱི་དམངས་ཀྱི་ཁྲིམས་མཐུན་གྱི་རང་དབང་དང་དབང་ཆར་གནོད་པ་བྱེད་མི་ཆོག

           དོན་ཚན་ལྔ་བ།
           འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཞི་བདེ་ངང་བྱེད་དགོས་པ་ལས། མདའ་གྲི་མདུང་གསུམ་དང་གས་གཏོར་གྱི་རིགས་ཁྱེར་མི་ཆོག་ལ། དྲག་ཤུགས་བཀོལ་བ་དང་ཡང་ན་དྲག་ཤུགས་བཀོལ་བར་ངན་སྐུལ་ཡང་བྱེད་མི་ཆོག

           དོན་ཚན་དྲུག་པ།
           འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་གཙོ་གཉེར་དོ་དམ་ལས་ཁུངས་ནི། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་ཡུལ་གྱི་གྲོང་ཁྱེར་དང་རྫོང་གི་སྤྱི་བདེ་ཅུའུ་དང་། གྲོང་ཁྱེར་གྱི་སྤྱི་བདེ་ཡན་ལག་ཅུའུ་བཅས་ཡིན། ཁྲོམ་སྐོར་དང་ཟིལ་ངོམ་བྱེད་པའི་འགྲོ་ལམ་དེ་ཆུའུ་དང་རྫོང་གཉིས་ཡན་ཆད་དུ་བརྒྱུད་ཚེ། གཙོ་གཉེར་དོ་དམ་ལས་ཁུངས་ནི་དེ་བརྒྱུད་སའི་ཆུའུ་དང་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་གོང་རིམ་སྤྱི་བདེ་ལས་ཁུངས་དང་ཚང་མ་གཅིག་པ་ཡིན།

ལེའུ་གཉིས་པ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་རེ་ཞུ་དང་ཆོག་མཆན།
           དོན་ཚན་བདུན་པ།
           འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱ་འགུལ་སྤེལ་ཚེ། ངེས་པར་དུ་བཅའ་ཁྲིམས་འདིའི་གཏན་ཁེལ་ལྟར་གཙོ་གཉེར་དོ་དམ་ལས་ཁུངས་ལ་རེ་ཞུ་འདོན་དགོས་པ་མ་ཟད། ཆོག་མཆན་ཡང་ཐོབ་དགོས།
           གཤམ་གྱི་བྱ་འགུལ་ལ་རེ་འདུན་ཞུ་མི་དགོས་པ་སྟེ།
            (གཅིག)རྒྱལ་ཁབ་ཀྱིས་མཛད་སྒོ་སྤེལ་བ་དང་ཡང་ན་རྒྱལ་ཁབ་གྱིས་གཏན་ཁེལ་གཞིར་བཟུང་ནས་མཛད་སྒོ་སྤེལ་བའི་དགའ་སྟོན་རྟེན་འབྲེལ་དང་རྗེས་དྲན་ཞུ་བ་སོགས་ཀྱི་བྱ་འགུལ།
            (གཉིས)རྒྱལ་ཁབ་ལས་ཁུངས་དང་སྲིད་ཏང་། སྤྱི་ཚོགས་ཚོགས་པ། ཁེ་དོན་ལས་རྩ་འཛུགས་བཅས་ཀྱིས་བཅའ་ཁྲིམས་ལྟར། སྒྲིག་སྲོལ་རྩ་འཛུགས་བྱས་ནས་སྤེལ་བའི་འདུ་འཛོམས་བཅས་སོ།།

           དོན་ཚན་བརྒྱད་པ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱ་འགུལ་སྤེལ་ཚེ། ངེས་པར་དུ་འགན་ཁུར་པ་ཡོད་དགོས།
           བཅའ་ཁྲིམས་འདིའི་གཏན་ཁེལ་ལྟར་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་རེ་འདུན་ཞུ་དགོས་ཚེ། དེའི་འགན་ཁུར་པས་ངེས་པར་དུ་བྱ་འགུལ་མ་སྤེལ་བའི་ཉིན5ཡི་སྔོན་དུ་གཙོ་གཉེར་དོ་དམ་ལས་ཁུངས་ལ་ཡིག་ཐོག་གི་རེ་འདུན་ཞུ་དགོས། རེ་ཞུའི་ཡི་གེ་ནང་དུ་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་དམིགས་ཡུལ་དང་སྒྲུབ་སྟངས། སྦྱར་ཡིགའབོད་ཚིག མི་གྲངས། འཁོར་ལོ་རིགས་ཀྱི་གྲངས་ཀ སྒྲ་སྐྱེད་ཡོ་བྱད་བཀོལ་བའི་སྣ་ཁ་དང་གྲངས་ཀ འགོ་རྩོམ་པ་དང་མཇུག་རྫོགས་པའི་དུས་ཚོད་དང་ས་ཆ(འདུས་ས་དང་གྲོལ་ས་འདུས་ཡོད)། འགྲོ་ལམ། འགན་ཁུར་པའི་རུས་མིང་དང་ལས་རིགས། སྡོད་གནས་བཅས་གསལ་བོ་འབྲི་དགོས།

           དོན་ཚན་དགུ་བ། གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་རེ་ཞུ་ཡི་གེ་འབྱོར་རྗེས། བྱ་འགུལ་སྤེལ་བར་དུས་ཚོད་རེ་ཞུ་བྱས་པའི་ཉིན་གཉིས་སྔོན་དུ། བྱ་འགུལ་སྤེལ་ཆོག་མིན་གྱི་གྲོས་ཆོད་ཡི་གེ་དེ་དེའི་འགན་ཁུར་པར་བརྡ་སྤྱོར་གཏོང་དགོས། བྱ་འགུལ་སྤེལ་མི་ཆོག་པར་དེའི་རྒྱུ་མཚན་གསལ་བཤད་བྱེད་དགོས། དུས་ཚོད་བརྒལ་ནས་བརྡ་སྦྱོར་མ་བཏང་བར། བྱ་འགུལ་སྤེལ་ཆོག་པར་བརྩིས་ཆོག
           དངོས་གནས་དོན་རྐྱེན་གློ་བུར་བྱུང་བའི་སྟབས་ཀྱིས་གནས་སྐབས་སུ་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་རེ་འདུན་བཏོན་ཚེ། ངེས་པར་དུ་དེ་མ་ཐག་ཏུ་དོ་དམ་སྡེ་ཁག་ལ་སྙན་ཞུ་འབུལ་དགོས། གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་སྙན་ཞུ་འབྱོར་རྗེས། འཕྲལ་དུ་བྱ་འགུལ་སྤེལ་ཆོག་མིན་ལ་ཞིབ་བཤེར་དང་གཏན་ཁེལ་བྱེད་དགོས།

           དོན་ཚན་བཅུ་བ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་བྱ་འགུལ་སྤེལ་བར་རེ་འདུན་ཞུས་ནས་བྱེ་བྲག་གི་གནད་དོན་ཐག་གཅོད་དགོས་པར། གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་རེ་ཞུ་ཡི་གེ་འབྱོར་རྗེས་འབྲེལ་ཡོད་ཀྱི་ལས་ཁུངས་དང་ཡང་ན་སྡེ་ཚན་གྱིས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་འགན་ཁུར་པ་དང་མཉམ་དུ་གྲོས་མོལ་བྱས་ནས་གནས་དོན་ཐག་གཅོད་པར་བརྡ་སྦྱོར་བཏང་ཆོག་པ་མ་ཟད། བྱ་འགུལ་སྤེལ་བར་རེ་འདུན་ཞུ་བའི་དུས་ཚོད་དེ་ཉིད་ལྔར་འཕྱི་འགྱངས་བྱེད་ཆོག

           དོན་ཚན་བཅུ་གཅིག་པ། གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་བལྟས་ན་རེ་ཞུ་བྱས་པའི་དུས་ཚོད་དང་ས་ཆ། འགྲོ་ལམ་བཅས་ལྟར་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་བྱ་འགུལ་སྤེལ་ཚེ། འགྲིམ་འགྲུལ་གྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གནོད་པ་ཚབས་ཆེན་ཐེབས་སྲིད་ཅེས་སྙམ་ཚེ། བྱ་འགུལ་སྤེལ་ཆོག་མིན་གཏན་ལ་ཕབ་སྐབས་དང་བྱ་འགུལ་སྤེལ་ཆོག་པ་གཏན་ལ་ཕབ་རྗེས། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་གྱི་བྱ་འགུལ་སྤེལ་བའི་དུས་ཚོད་ས་ཆ། འགྲོ་ལམ་བཅས་སྒྱུར་ཆོག་པ་མ་ཟད། དུས་ཐོག་ཏུ་དེའི་འགན་ཁུར་པར་བརྡ་སྦྱོར་གཏོང་དགོས།

           དོན་ཚན་བཅུ་གཉིས་པ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་བྱ་འགུལ་སྤེལ་བར་རེ་འདུན་ཞུ་པར། གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ཚེ། བྱ་འགུལ་སྤེལ་མི་ཆོག
            (གཅིག)རྩ་ཁྲིམས་ནང་གཏན་ཁེལ་བྱས་པའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་པ།
           (གཉིས)རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་གནོད་འཚེ་གཏོང་བ།
           (གསུམ(མི་རིགས་ཁ་འབྲལ་ལ་ངན་སྐུལ་བྱེད་པ།
           (བཞི)རེ་འདུན་ཞུས་ནས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་བྱ་འགུལ་སྤེལ་བ་དེས་ཐད་ཀར་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོ་བར་ངོས་མཐའ་གཅིག་ཏུ་འཛིན་པའི་གཞིར་འཛིན་ས་གང་ལེགས་ཡོད་པ།

           དོན་ཚན་བཅུ་གསུམ་པ། འདུ་ཚོགས་དང་ཁྲོམ་སྐོར།ཟིལ་ངོམ་བཅས་བྱེད་པའི་འགན་ཁུར་པས་གཙོ་གཉེར་དོ་དམ་ལས་ཁུངས་ཀྱི་གཏན་ཁེལ་ཁས་མི་ལེན་ཚེ། གཏན་ཁེལ་བརྡ་སྦྱོར་འབྱོར་བའི་ཉིན་ནས་བཟུང་ཉིན་གསུམ་གྱི་ནང་དུ། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ཆོག མི་དམངས་སྲིད་གཞུང་གིས་བསྐྱར་གྲོས་རེ་ཞུ་ཡི་གེ་འབྱོར་བའི་ཉིན་ནས་བཟུང་ཉིན་གསུམ་གྱི་ནང་དུ་གཏན་ཁེལ་བྱེད་དགོས།

           དོན་ཚན་བཅུ་བཞི་བ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་འགན་ཁུར་པས་རེ་འདུན་ཞུས་རྗེས། གཙོ་གཉེར་དོ་དམ་ལས་ཁུངས་ཀྱི་བརྡ་སྦྱོར་མ་འབྱོར་བའི་སྔོན་དུ་རེ་ཞུ་ཕྱིར་འཐེན་བྱེད་ཆོག གཙོ་གཉེར་དོ་དམ་ལས་ཁུངས་ཀྱི་བྱ་འགུལ་སྤེལ་ཆོག་པའི་བརྡ་སྦྱོར་འབྱོར་རྗེས། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་བྱ་འགུལ་མི་སྤེལ་རྒྱ་ཐག་བཅད་ཚེ། དུས་ཐོག་ཏུ་གཙོ་གཉེར་དོ་དམ་ལས་ཁུངས་ལ་ཞུ་འབུལ་བྱེད་དགོས་པ་དང་། དེར་ཞུགས་པའི་མི་རྣམས་ཁྲོམས་ཚོགས་ལས་གྲོལ་དུ་འཇུག་པའི་འགན་ཁུར་དགོས།

           དོན་ཚན་བཅོ་ལྔ་བ། སྤྱི་དམངས་ཀྱིས་རང་ཉིད་ཀྱི་སྡོད་གནས་ཕན་ཆད་ཀྱི་གྲོང་ཁྱེར་ནས་ས་དེའི་སྤྱི་དམངས་ཀྱི་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པར་སྐུལ་སློང་དང་རྩ་འཛུགས། ཞུགས་པ་བཅས་བྱེད་མི་ཆོག

           དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ཁེལ་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་འགན་འཁྲི་དང་འོས་འགན་དང་འགལ་བའི་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པར་རྩ་འཛུགས་དང་ཡང་ན་དེར་ཞུགས་མི་ཆོག

           དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་དོན་ལས་བཅས་ཀྱི་མིང་ཐོགས་ནས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པར་རྩ་འཛུགས་དང་ཡང་ན་དེར་ཞུགས་ཚེ། ངེས་པར་དུ་སྡེ་ཚན་དེའི་འགན་ཁུར་པའི་ཆོག་མཆན་བརྒྱུད་དགོས།

ལེའུ་གསུམ་པ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་བྱ་འགུལ་སྤེལ་ཚུལ།
       དོན་ཚན་བཅོ་བརྒྱད་པ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཁྲིམས་ལྟར་སྤེལ་བར་གཙོ་གཉེར་དོན་དམ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པ་མངགས་ནས་འགྲིམ་འགྲུལ་སྒྲིག་ལམ་དང་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས།

           དོན་ཚན་བཅུ་དགུ་བ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཁྲིམས་ལྟར་སྤེལ་བར། མི་སུས་ཀྱང་དྲག་ཤུགས་དང་འཇིགས་སྐུལ་དང་ཡང་ན་ཁྲིམས་དང་མི་མཐུན་པའི་བྱེད་ཐབས་གཞན་པ་སྤྱད་ནས་ཟིང་སློང་དང་ཤོར་རྡུང་། གཏོར་བརླག་བཅས་བྱེད་མི་ཆོག

           དོན་ཚན་ཉི་ཤུ་བ། ཁྲིམས་ལྟར་ཁྲོམ་སྐོར་འགྲོ་བར་འགན་སྲུང་བྱེད་ཆེད། འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་སྐྱོང་གི་འགན་ཁུར་པའི་མི་དམངས་ཉེན་རྟོག་པས་གནས་སྐབས་འགྲོ་ལམ་བསྒྱུར་ནས་འགྲིམ་འགྲུལ་སྒྲིག་སྲོལ་གྱི་འབྲེལ་ཡོད་གཏན་ཁེལ་ལག་ལེན་བྱེད་ཆོག

           དོན་ཚན་ཉེར་གཅིག་པ། ཁྲོམ་སྐོར་དུ་འགྲོ་སྐབས་སུ་བསམ་ཡས་ལས་འདས་པའི་གནས་ཚུལ་བྱུང་ཚེ། བྱ་འགུལ་སྤེལ་ཆོག་པའི་འགྲོ་ལམ་ལྟར་སྐྱོད་མི་ཆོག་ཚེ། སྐབས་དེའི་མི་དམངས་ཉེན་རྟོག་པ་འགན་ཁུར་པར་ཁྲོམ་སྐོར་དཔུང་སྡེའི་འགྲོ་ལམ་སྒྱུར་བའི་དབང་ཆ་ཡོད།

           དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ལས་ཁུངས་དང་དམག་དོན་ལས་ཁུངས། རྒྱང་སྒྲོག་ཁང་། བརྙན་འཕྲིན་ཁང་། ཕྱི་རྒྱལ་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོའི་ལས་ཁུངས་སོགས་ཀྱི་སྡེ་ཚན་གནས་ཡུལ་ནས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་སྤེལ་བ་དང་ཡང་ན་དེར་བརྒྱུད་ཚེ། གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད། ཉེ་འཁོར་དུ་གནས་སྐབས་ཉེན་ཟོན་བཀག་སྡོམ་གྱི་ལམ་མཚམས་འཇོག་ཆོག མི་དམངས་ཉེན་རྟོག་པས་འགྲོ་ཆོག་པའི་ཆོག་མཆན་མ་བཀོད་ཚེ།ལམ་དེ་ལས་བརྒལ་མི་ཆོག

           དོན་ཚན་ཉེར་གསུམ་པ། གཤམ་གྱི་བྱ་འགུལ་སྤེལ་ས་མཐའ་འཁོར་ལས་བར་ཐག་སྨིས༡༠ནས་སྨིས༣༠བར་ནང་ནས། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་སྤེལ་མི་ཆོག རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་ལས་གཞན།
           (གཅིག)རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཆགས་གནས་སུ།
            (གཉིས)རྒྱལ་ཁབ་ཀྱི་སྐུ་མགྲོན་སྡོད་ཁང་།
           (གསུམ)དམག་དོན་གྱི་སྒྲིག་ཆས་གཙོ་གནས།
           (བཞི)མཁའ་སྐྱོད་ལྟེ་གནས་དང་མེ་འཁོར་འབབ་ཚུགས། གྲུ་ཁ་བཅས་སུ།

           གོང་གི་དོན་ཚན་ནང་བཀོད་པའི་བྱ་འགུལ་སྤེལ་སའི་བྱེ་བྲག་གི་མཐའ་འཁོར་གྱི་བར་ཐག་དེ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོ་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱེད་དགོས།

           དོན་ཚན་ཉེར་བཞི་བ། ས་དེ་གའི་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱས་པའམ་ཆོག་མཆན་བཀོད་པ་ལས་གཞན། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་དུས་ཚོད་ནི་སྔ་དྲོའི་དུས་ཚོད་དྲུག་ནས་དགོང་མོའི་དུས་ཚོད་བཅུའི་བར་ཡིན།

           དོན་ཚན་ཉེར་ལྔ་བ། ཆོག་མཆན་བཀོད་པའི་དམིགས་ཡུལ་དང་བྱེད་སྟངས། སྦྱར་ཡིག འབོད་ཚིགའགོ་རྩོམ་པ་དང་མཇུག་རྫོགས་པའི་དུས་ཚོད། ས་ཆ། འགྲོ་ལམ་དང་དེ་མིན་བྱ་དོན་གཞན་པ་ལྟར་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་དགོས།
           འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་འགན་ཁུར་པས་ངེས་པར་དུ་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་མ་ཟད། ད་དུང་གཞན་པ་ཞུགས་པར་སྔོན་འགོག་ནན་མོ་བྱེད་པར་འགན་འཁུར་དགོས།
           འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་འགན་ཁུར་པས་དགོས་ངེས་ཀྱི་སྐབས་སུ། ཆེད་དམིགས་མི་སྣ་དམིགས་འཛུགས་བྱས་ཏེ་མི་དམངས་ཉེན་རྟོག་པར་སྒྲིག་ལམ་སྲུང་སྐྱོང་བྱེད་རོགས་བྱེད་དགོས། སྒྲིག་ལམ་སྲུང་སྐྱོང་བྱེད་པའི་འགན་ཁུར་མི་སྣས་བྲང་རྟགས་འདོགས་དགོས།

           དོན་ཚན་ཉེར་དྲུག་པ། འདུ་ཚོགས་དང་ཁྲོམ་སྐོར།ཟིལ་ངོམ་བཅས་ཀྱི་བྱ་འགུལ་སྤེལ་དུས། བདེ་འཇགས་དོ་དམ་ཁྲིམས་སྲོལ་དང་འགལ་མི་ཆོག་པ་དང་། ཉེས་བསགས་བྱ་འགུལ་སྤེལ་མི་ཆོག་པ་དང་ནག་ཉེས་བསགས་པར་ངན་སྐུལ་ཡང་བྱེད་མི་རུང་།

           དོན་ཚན་ཉེར་བདུན་པ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་དུས་གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་པར། མི་དམངས་ཉེན་རྟོག་པས་བཀག་འགོག་བྱེད་དགོས།

           (གཅིག)བཅའ་ཁྲིམས་འདིའི་གཏན་ཁེལ་ལྟར་རེ་འདུན་མ་ཞུ་བའམ་རེ་འདུན་ཞུས་ཀྱང་ཆོག་མཆན་བཀོད་མེད་པ།
           (གཉིས)གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་དམིགས་ཡུལ་དང་བྱེད་སྟངས། སྦྱར་ཡིག འབོད་ཚིག འགོ་རྩོམ་པ་དང་མཇུག་རྫོགས་པའི་དུས་ཚོད། ས་ཆ།འགྲོ་ལམ་བཅས་ལྟར་བྱས་མེད་པ།
           (གསུམ)འདུ་ཚོགས་ཁྲོམ་སྐོར། ཟིལ་ངོམ་བཅས་བྱ་འགུལ་སྤེལ་བའི་སྐབས་སུ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་ཡང་ན་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་གཏོང་བའི་གནས་ཚུལ་བྱུང་ཡོད་པ།

           གོང་གསལ་གྱི་ཚན་པ་ནང་གི་གནས་ཚུལ་གཅིག་ཡོད་པར་བཀག་འགོག་བྱས་ཀྱང་མི་ཉན་ཚེ། སྐབས་དེའི་མི་དམངས་ཉེན་རྟོག་འགན་ཁུར་པར་འདུ་ཚོགས་གྲོལ་དུ་འཇུག་པའི་བཀའ་འབེབས་དབང་ཡོད། འདུ་ཚོགས་གྲོལ་བའི་བཀའ་དང་ལེན་མི་བྱེད་པར། སྐབས་དེའི་མི་དམངས་ཉེན་རྟོག་འགན་ཁུར་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་བཙན་གྱིས་འདུ་ཚོགས་གྲོལ་དུ་འཇུག་པ་མ་ཟད། ད་དུང་དང་ལེན་གཏན་ནས་མི་བྱེད་པའི་མི་སྣར་གནས་དེ་ནས་བཙན་གྱིས་ཕྱིར་ཁྲིད་པ་དང་ཡང་ན་དེ་མ་ཐག་ཏུ་བཀག་ཉར་བྱེད་པའི་དབང་ཆ་ཡོད།

           འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་མི་སྣས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཉིས་པའི་གཏན་ཁེལ་ལྟར་བཙུགས་པའི་གནས་སྐབས་ཉེན་ཟོན་བཀག་འགོག་གི་ལམ་མཚམས་ལས་བརྒལ་ནས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་གསུམ་པའི་ནང་བཀོད་པའི་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་མི་ཆོག་པའི་ཆེད་བཙུགས་གནས་ཡུལ་མཐའ་སྐོར་གྱི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་ཡོང་བའམ་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་གཞན་པ་ཡོད་པར། མི་དམངས་ཉེན་རྟོག་པས་གནས་དེ་ནས་བཙན་གྱིས་ཕྱིར་ཁྲིད་པ་དང་ཡང་ན་དེ་མ་ཐག་ཏུ་བཀག་ཉར་བྱེད་ཆོག

ལེའུ་བཞི་བ། བཅའ་ཁྲིམས་འགན་འཁྲི།
           དོན་ཚན་ཉེར་བརྒྱད་པ། འདུ་ཚོགས་དང་ཁྲོམ་སྐོར།ཟིལ་ངོམ་བཅས་བྱ་འགུལ་སྤེལ་དུས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོད་པར། བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག་གི་འབྲེལ་ཡོད་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།
           འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱ་འགུལ་སྤེལ་དུས་གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་པར། སྤྱི་བདེ་ལས་ཁུངས་ཀྱིས་དེའི་འགན་ཁུར་པ་དང་ཐད་ཀའི་འགན་ཁུར་མི་སྣ་ལ་ཐ་ཚིག་སྒྲོག་པའམ་ཉིན་བཅོ་ལྔ་མན་ཆད་ཀྱི་བཀག་ཉར་གྱི་ཆད་པ་བཅད་ཆོག
           (གཅིག)བཅའ་ཁྲིམས་འདིའི་གཏན་ཕབ་ལྟར་རེ་འདུན་མི་ཞུ་དང་ཡང་ན་རེ་འདུན་ཞུས་ཀྱང་ཆོག་མཆན་བཀོད་མེད་པ།
           (གཉིས)གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་དམིགས་ཡུལ་དང་བྱེད་སྟངས། སྦྱར་ཡིག འབོད་ཚིག འགོ་རྩོམ་པ་དང་མཇུག་རྫོགས་པའི་དུས་ཚོད།ས་ཆ།འགྲོ་ལམ་བཅས་ལྟར་བྱས་མེད་པ་དང་བཀག་འགོག་བྱེད་པར་མི་ཉན་པ།

           དོན་ཚན་ཉེར་དགུ་བ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱ་འགུལ་སྤེལ་དུས་ཉེས་བསགས་ཀྱི་བྱ་སྤྱོད་ཡོད་པར། ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་དགོས།
           མདའ་གྲི་མདུང་གསུམ་དང་ཡང་ན་གས་གཏོར་གྱི་རིགས་ཁྱེར་པར། ཉེས་ཁྲིམས་ཀྱི་དོན་ཚན་ཆིག་བརྒྱ་རེ་གསུམ་པའི་གཏན་ཁེལ་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་དགོས།
           བཅའ་ཁྲིམས་འདིའི་གཏན་ཁེལ་ལྟར་རེ་འདུན་མི་ཞུ་བའམ་རེ་འདུན་ཞུས་ཀྱང་ཆོག་མཆན་བཀོད་མེད་པ་དང་ཡང་ན་གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་འགོ་རྩོམ་པ་དང་མཇུག་རྫོགས་པའི་དུས་ཚོད་དང་ས་ཆ། འགྲོ་ལམ་བཅས་ལྟར་བྱས་མེད་ལ། གྲོལ་དགོས་པའི་བཀའ་ཡང་དང་ལེན་མི་བྱེད་པ་དང་། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཏང་ཚེ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་འགན་ཁུར་པ་དང་ཐད་ཀའི་འགན་ཁུར་པར་ཉེས་ཁྲིམས་ཀྱི་དོན་ཚན་ཆིག་བརྒྱ་ང་བརྒྱད་པའི་གཏན་ཕབ་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་དགོས། རྒྱལ་ཁབ་ལས་ཁུངས་ཀྱི་མཐའ་ནས་སྐོར་བ་དང་ཤོར་རྡུང་བཏང་བའི་རྐྱེན་གྱིས། རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་དོན་བྱ་འགུལ་དང་ཡང་ན་རྒྱལ་དོན་བྱ་འགུལ་རྒྱུན་ལྡན་ལྟར་སྤེལ་དུ་མི་འཇུག་པར། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་འགན་ཁུར་པ་དང་ཐད་ཀའི་འགན་ཁུར་མི་སྣ་ལ་ཉེས་ཁྲིམས་ཀྱི་དོན་ཚན་ཆིག་བརྒྱ་ང་བརྒྱད་པའི་གཏན་ཁེལ་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་དགོས།
           སྤྱི་པའི་ཁྲོམ་ར་བཙན་བཟུང་བྱེད་པ་དང་ལམ་བར་དུ་འཁོར་ལོའི་རིགས་དང་མི་འགྲོ་རུ་མི་བཅུག་པ་དང་ཡང་ན་མི་མང་འདུས་ནས་བགྲོད་ལམ་བཀག་པ། སྤྱི་པའི་ཁྲོམ་རའི་སྒྲིག་ལམ་དང་འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཏང་ཚེ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་འགན་ཁུར་པ་དང་ཐད་ཀའི་འགན་ཁུར་པར་ཉེས་ཁྲིམས་ཀྱི་དོན་ཚན་ཆིག་བརྒྱ་ང་དགུ་བའི་གཏན་ཁེལ་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་དགོས།

           དོན་ཚན་སུམ་ཅུ་བ། ཁྲིམས་ལྟར་བྱ་འགུལ་སྤེལ་བཞིན་པའི་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་ལ་ཟིང་སློང་དང་ཤོར་རྡུང་དང་ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་གཏོར་བརླག་བྱས་པར། སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་པ་དང་ཡང་ན་ཉིན་བཅོ་ལྔ་མན་ཆད་བཀག་ཉར་གྱི་ཆད་པ་བཅད་ཆོག གནས་ཚུལ་ཚབས་ཆེན་ཡིན་པ་དང་ནག་ཉེས་སུ་གྱུར་ཚེ། ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།

           དོན་ཚན་སོ་གཅིག་པ། དོ་བདག་པས་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་བརྒྱད་པའི་ཚན་པ་གཉིས་པ་དང་ཡང་ན་དོན་ཚན་སུམ་ཅུ་བའི་གཏན་ཁེལ་ལྟར་བཀག་ཉར་ཀྱི་ཆད་པ་བཅད་པར་དང་ལེན་མ་བྱས་ན། ཆད་གཅོད་བརྡ་སྦྱོར་འབྱོར་བའི་ཉིན་ནས་བཟུང་ཉིན་ལྔའི་ནང་དུ་གོང་རིམ་སྤྱི་བདེ་ལས་ཁུངས་ལ་གཏུག་བཤེར་བྱེད་ཆོག གོང་རིམ་སྤྱི་བདེ་ལས་ཁུངས་ཀྱིས་གཏུག་བཤེར་ཡི་གེ་འབྱོར་བའི་ཉིན་ནས་བཟུང་ཉིན་ལྔའི་ནང་དུ་ཁྲུན་གཅོད་དགོས། གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་ཁྲུན་བཅད་ཁས་མི་ལེན་ན། ཁྲུན་བཅད་བརྡ་སྦྱོར་འབྱོར་བའི་ཉིན་ནས་བཟུང་ཉིན་ལྔའི་ནང་དུ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག

           དོན་ཚན་སོ་གཉིས་པ། འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་ཁྲོད་སྤྱི་སྒེར་གཉིས་ཀྱི་རྒྱུ་རྫས་ལ་གཏོར་བརླག་དང་ཡང་ན་མི་གཞན་པའི་ལུས་པོར་གནོད་འཚེ་བཏང་སྟེ་ཤི་རྨས་བྱུང་ཚེ། ཉེས་ཁྲིམས་དང་ཡང་ན་བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག་གི་འབྲེལ་ཡོད་གཏན་ཁེལ་ལྟར་ཆད་པ་བཅད་ཆོག་པ་ལས་གཞན། ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།

           དོན་ཚན་སོ་གསུམ་པ། སྤྱི་དམངས་ཀྱིས་རང་ཉིད་འདུག་ས་མིན་པའི་གྲོང་ཁྱེར་གཞན་པ་ནས་ས་དེ་གའི་སྤྱི་དམངས་ལ་སྐུལ་སློང་དང་རྩ་འཛུགས་བྱས་ཏེ་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱས་ཚེ། སྤྱི་བདེ་ལས་ཁུངས་ལ་བཀག་ཉར་བྱེད་པ་དང་ཡང་ན་སྔར་གནས་སུ་བཙན་གྱིས་ཕྱིར་སྐྱེལ་བའི་དབང་ཆ་ཡོད།

ལེའུ་ལྔ་བ། ཞར་བྱུང་།
           དོན་ཚན་སོ་བཞི་བ། ཕྱི་གླིང་པས་ཀྲུང་གོའི་མངའ་ཁོངས་ནང་དུ་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱས་ཚེ་བཅའ་ཁྲིམས་འདིའི་གཏན་ཁེལ་བཀོལ་སྤྱོད་བྱེད་དགོས།
           ཀྲུང་གོའི་མངའ་ཁོངས་ནང་ནས་ཕྱི་གླིང་པ་རྣམས་གཙོ་གཉེར་དོ་དམ་ལས་ཁུངས་ཀྱིས་ཆོག་མཆན་མ་ཐོབ་ཚེ་ཀྲུང་གོའི་སྤྱི་དམངས་ཀྱིས་འདུ་ཚོགས་དང་ཁྲོམ་སྐོར། ཟིལ་ངོམ་བཅས་བྱེད་པའི་བྱ་འགུལ་ཁྲོད་ཞུགས་མི་ཆོག

           དོན་ཚན་སོ་ལྔ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་པུའུ་ཡིས་བཅའ་ཁྲིམས་འདི་ལྟར་ལག་བསྟར་སྲོལ་ཡིག་གཏན་འབེབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ལག་བསྟར་ཆོག་མཆན་འགོད་པར་ཡར་ཞུ་བྱས་ཆོག
           ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་འདི་ལྟར་ལག་བསྟར་བྱེད་ཐབས་གཏན་འབེབ་བྱས་ཆོག

           དོན་ཚན་སོ་དྲུག་པ། བཅའ་ཁྲིམས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།