ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ངལ་རྩོལ་པའི་ཟླ་ཕོགས་འགན་སྲུང་བྱེད་པར་བཅའ་ཁྲིམས་ཀྱི་གཏན་ཁེལ་ཡོད་པ།

སྤེལ་དུས 2017-08-30 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། གཟུངས་སྐྱིད་ཀྱིས་བསྒྱུར།
          འཚོ་བའི་ཁྲོད་དུ་རྒྱུན་པར་ཁེ་ལས་ཀྱིས་ངལ་རྩོལ་པའི་ཟླ་ཕོགས་དུས་འགྱངས་དང་འཕྲི་འཐེན། ཡང་ན་དོན་མེད་དུ་དངུལ་ཆད་གཅོད་པ་བཅས་བྱེད་པའི་གནས་ཚུལ་འབྱུང་གིན་ཡོད། ངལ་རྩོལ་པར་བཅའ་ཁྲིམས་ཀྱི་ཤེས་བྱ་ཞན་པའི་རྐྱེན་གྱིས་ཁེ་ལས་ལ་ལས་རང་ཉིད་ཀྱི་གནས་ཚུལ་ཁྱད་པར་ཅན་འོག་གི་ཟླ་ཕོགས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བར་བཅའ་ཁྲིམས་བཀོལ་ནས་སྲུང་སྐྱོང་བྱེད་མི་ཤེས། དོན་དངོས་སུ་རང་རྒྱལ་གྱི་བཅའ་ཁྲིམས་ནང་དུ་ངལ་རྩོལ་པའི་ཟླ་ཕོགས་སྲུང་སྐྱོང་བྱེད་པར་དམིགས་བསལ་གྱི་གཏན་ཁེལ་ཡོད་པ་གཤམ་གསལ་ལྟར་ཡིན།

           དང་པོ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འོས་འགན་སྒྲུབ་པའི་སྐབས་ཀྱི་ཟླ་ཕོགས་ཀྱི་འགན་སྲུང་། ངལ་རྩོལ་པས་ཐོན་སྐྱེད་དང་ལས་ཀའི་དུས་ཡུན་སྤྱད་ནས་གཤམ་གསལ་གྱི་འོས་འགན་སྒྲུབ་སྐབས་འཆམ་མཐུན་ཡི་གེའི་གཏན་ཁེལ་བྱུང་བའི་ཚད་གཞི་ལྟར་ངལ་རྩོལ་པར་ཟླ་ཕོགས་སྟེར་དགོས། གཅིག། ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་དང་གཞན་གྱིས་རང་ཉིད་འདེམས་ཆོག་པའི་དབང་ཆ་སྤྱོད་པ། གཉིས། འཐུས་ཚབ་ཏུ་འདེམས་ཐོན་བྱུང་ནས་ཞང་དང་ཆུས་ཡན་གྱི་སྲིད་གཞུང་དང་ཏང་ཁག བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ཀྱིས་བསྡུས་པའི་ཚོགས་འདུར་ཞུགས་པ། གསུམ། མི་དམངས་ཁྲིམས་ཁང་གི་དཔང་མི་དང་ཡང་ན་ར་སྤྲོད་མཁན་བྱེད་པ།   བཞི། ཐོན་སྐྱེད་དང་མ་བྲལ་བའི་བཟོ་ཚོགས་ཀྱི་གཞི་རིམ་བསྐོས་མིས་བཟོ་ཚོགས་ཀྱི་བྱ་འགུལ་སྤེལ་ཕྱིར་ཐོན་སྐྱེད་དང་ལས་ཀའི་དུས་ཡུན་སྤྱོད་པ། ལྔ། ཁྲིམས་ལྟར་སྤྱི་ཚོགས་ཀྱི་བྱ་འགུལ་གཞན་དག་ཏུ་ཞུགས་པ།

           གཉིས་པ། ལས་ཡུན་བསྣན་པའི་ཟླ་ཕོགས་ཀྱི་འགན་སྲུང་། 《ངལ་རྩོལ་བཅའ་ཁྲིམས》ནང་གཏན་འཁེལ་བྱས་དོན། གཤམ་གསལ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ན། མི་སྣ་བཀོལ་བའི་ལས་ཁུངས་ཀྱིས་གཤམ་གྱི་ཚད་གཞི་ལྟར་ངལ་རྩོལ་པར་རྒྱུན་ལྡན་ལས་ཀའི་དུས་ཡུན་གྱི་ཟླ་ཕོགས་སམ་གླ་ཆ་སྟེར་དགོས། གཅིག། ངལ་རྩོལ་པའི་ལས་ཀའི་དུས་ཚོད་ཇེ་རིང་ལ་བཏང་ན་ཟླ་ཕོགས་ཀྱི་བརྒྱ་ཆའི་བརྒྱ་དང་ལྔ་བཅུ་ལས་དམའ་མི་རུང་བའི་གླ་ཆ་སྟེར་དགོས། གཉིས། ངལ་གསོའི་ཉིན་མོར་ངལ་རྩོལ་པར་ལས་ཀ་ལས་སུ་བཅུག་ཅིང་ངལ་གསོའི་དུས་ཡུན་སྐོང་སྣོན་ཡོང་བར་བཀོད་སྒྲིག་བྱེད་མི་ཐུབ་པ་ལ་ཟླ་ཕོགས་ཀྱི་བརྒྱ་ཆའི་ཉིས་བརྒྱ་ལས་དམའ་མི་རུང་བའི་གླ་ཆ་སྟེར་དགོས། གསུམ། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་གུང་སེང་ཉིན་མོར་ངལ་རྩོལ་པར་ལས་ཀ་ལས་སུ་བཅུག་པར་ཟླ་ཕོགས་ཀྱི་བརྒྱ་ཆའི་སུམ་བརྒྱ་ལས་མི་དམའ་བའི་གླ་ཆ་སྟེར་དགོས། བཞི་བ། ལོ་རེའི་གུང་སེང་སྐབས་ཀྱི་གླ་ཕོགས་ཀྱི་འགན་སྲུང་། ངལ་རྩོལ་པས་བསྟུད་མར་ལོ་གཅིག་ཡན་ལ་ལས་ཀ་ལས་ན་གླ་ཕོགས་ལེན་པའི་ལོ་རེའི་གུང་སེང་རོལ་ཆོག ལོ་རེའི་གུང་སེང་སྐབས་སུ་མི་བཀོལ་བའི་ལས་ཁུངས་ཀྱིས་ཁྲིམས་ལྟར་དངུལ་ཕོགས་སྟེར་དགོས། དྲུག་པ། ཁེ་ལས་གང་ཡིན་ན་དེ་ཁྲིམས་ལྟར་མ་རྩ་རྡིབ་ཚེ་ངལ་རྩོལ་པའི་གླ་ཕོགས་ཀྱི་འགན་སྲུང་དང་། ཁེ་ལས་ཀྱི་མ་རྩ་རྡིབ་པའི་བུ་ལོན་གཙང་སེལ་བྱེད་སྐབས་མི་བཀོལ་བའི་ལས་ཁུངས་ཀྱིས་མ་རྩ་རྡིབ་པའི་བཅའ་ཁྲིམས་ཀྱི་ནང་དུ་གཏན་ཁེལ་བྱས་པའི་བུ་ལོན་གཙང་སེལ་བྱེད་པའི་གོ་རིམ་ལྟར། ཐོག་མར་རང་རང་ལས་ཁུངས་ཀྱི་ངལ་རྩོལ་པར་ཆད་པའི་གླ་ཕོགས་སྟེར་དགོས་པ་བཅས་རེད།

          གསུམ་པ། གཉེན་སྒྲིག་དང་མྱ་ངན་གྱི་གནང་བའི་སྐབས་སུ་ཟླ་ཕོགས་ཀྱི་འགན་སྲུང་སྟེ། མི་བཀོལ་བའི་ལས་ཁུངས་ཀྱིས་ངལ་རྩོལ་པའི་གཉེན་སྒྲིག་དང་མྱ་ངན་གྱི་གནང་བའི་སྐབས་སུ་ཁྲིམས་ལྟར་ཟླ་ཕོགས་སྟེར་དགོས།

         ལྔ་བ། གཉེན་ཉེ་ལ་ཐུག་པའི་གནང་བའི་སྐབས་ཀྱི་གླ་ཕོགས་ཀྱི་འགན་སྲུང་། དེ་ནི་ཁྲིམས་ལྟར་བཟའ་ཟླར་ཐུག་ཏུ་འགྲོ་བའམ་ཕ་མ་ལ་ལྟ་རུ་སོང་སྐབས་ཀྱི་གླ་ཕོགས་དེར་བཤད་པ་ཡིན། ལས་བཟོ་བ་བཟའ་ཟླར་འཕྲད་དུ་སོང་བ་དང་གཉེན་སྒྲིག་བྱས་མེད་ན་ཕ་མར་ལྟ་རུ་སོང་བའི་འགྲོ་འོངས་ཀྱི་ལམ་ཁའི་འགྲོ་གྲོན་རང་ཉིད་ཀྱི་ཟླ་ཕོགས་ཀྱི་བརྒྱ་ཆའི་སུམ་ཅུ་ནང་ཡིན་ན་རང་གིས་ཁུར་བ་དང་། དེ་ལས་བརྒལ་བའི་ཆ་ཤས་རང་གནས་པའི་ལས་ཁུངས་ཀྱིས་འཁུར་དགོས། ལས་བཟོ་བས་གཉེན་ཉེར་འཕྲད་ཡུན་གྱི་གླ་ཕོགས་ཁོ་རང་གི་ཚད་ལྡན་གླ་ཕོགས་ལྟར་སྟེར་དགོས།