ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ནག་ཆུར་ཨ་རག་རྫུས་མ་ཕྱིར་ཚོང་གི་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2018-12-17 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             རིན་གོང་ཅུང་དམའ་བའི་ཉིའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་བྲིན་ཁ་རྒྱུག་པོ་ཡོད་ཀྱང་། ཟོག་ཁུངས་འབེལ་པོ་མེད་སྟབས་ཨ་རག་རྫུས་མ་ཁག་ཅིག་ཐོན་ཡོད། ཉེ་ཆར། པེ་ཅིང་ཧྲུན་ཤིན་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་ཉིའུ་ལན་ཧྲན་ཨ་རག་བཟོ་གྲྭའི་ཐོན་རྫས་རྫུས་མར་རྡུང་རྡེག་གཏོང་བའི་གཞུང་ལས་ཁང་གིས། ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་སུ་ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་རར་ང་ཚོའི་ཀུང་སིའི་གར་ཚད་ཏུའུ་42དང་ཧའོ་ཧྲེང་500ཅན་གྱི་ཉིའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་རྫུས་བཟོ་བྱས་པའི་རྫུས་སླད་ཞན་གསུམ་གྱི་ཐོན་རྫས་འཚོང་བཞིན་འདུག་ཅེས་ཐེར་འདོན་བྱས་པར། རང་ལྗོངས་ཀྱི་བཟོ་ཚོང་སྡེ་ཚན་གྱིས་འཕྲལ་དུ་ཐག་གཅོད་བྱས་པ་དང་། ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་འབྲེལ་ཡོད་ཁྲིམས་འགལ་གཉེར་སྐྱོང་དུད་ཚང་ལ་གྱོད་བཙུགས་རྩད་ཞིབ་བྱས་པ་རེད།
             ནག་ཆུར་ཨ་རག་རྫུས་མ་འཚོང་བཞིན་འདུག་ཅེས་པའི་ཐེར་འདོན་ཡི་གེ་འབྱོར་པ།
             2018ལོའི་ཟླ་9ཚེས་12ཉིན། ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་སུ་པེ་ཅིང་ཧྲུན་ཤིན་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་ཉིའུ་ལན་ཧྲན་ཨ་རག་བཟོ་གྲྭའི་ཐོན་རྫས་རྫུས་མར་རྡུང་རྡེག་གཏོང་བའི་གཞུང་ལས་ཁང་གི་ཐེར་འདོན་ཡི་གེ་འབྱོར། པེ་ཅིང་ཧྲུན་ཤིན་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་ཉིའུ་ལན་ཧྲན་ཨ་རག་བཟོ་གྲྭའི་བོད་ཀྱི་སྤྱི་ཁྱབ་དབང་སྐུར་ཚབ་གཉེར་བོད་ལྗོངས་ཉིའུ་ཅིང་ཚོང་དོན་ཚད་ཡོད་ཀུང་སིས་བློ་ལྡན་མངགས་ནས་ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཁྲོམ་ར་ཁོའོ་དང་ནག་ཆུ་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་སུ། ཉིའུ་ལན་ཧྲན་ཨ་རག་བཟོ་གྲྭའི་བོད་ཀྱི་སྤྱི་ཁྱབ་དབང་སྐུར་ཚབ་གཉེར་གྱི་འགན་འཁུར་བས་ནག་ཆུའི་ཁྲོམ་རར་གར་ཚད་ཏུའུ་42དང་ཧའོ་ཧྲེང་550ཅན་གྱི་ཉིའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་རྫུས་མ་ཁྲིམས་འགལ་ངང་ཚོང་གཉེར་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་འདུག་ཅེས་ཐེར་འདོན་བྱས།
             ཐེར་འདོན་བྱས་རྗེས། ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་མི་སྣ་བཀོད་སྒྲིག་གིས་ཐོན་རྫས་རྫུས་མར་རྡུང་རྡེག་བཏང་ནས་ཁེ་དབང་སྲུང་སྐྱོང་བྱས་པ་རེད། ཁྲིམས་འཛིན་མི་སྣ་10ཚོགས་ཆུང་གསུམ་དུ་དབྱེ་ནས་གཏོགས་ཁོངས་ནང་གི་སྒོ་རྩིས་ཚོང་ཁང་དང་། ཐ་མག་དང་ཨ་རག་ཚོང་ཁང་། སྡེབ་ཚོང་ཁང་། ཚོང་ཁང་ཆུང་ངུ་སོགས་ཀྱི་ཨ་རག་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། བོད་ལྗོངས་ནག་ཆུ་ཐེང་ཏ་ཚོང་དོན་ཚད་ཡོད་ཀུང་སི་དང་། མེ་ལེ་ཅ་སྒོ་རྩིས་ཚོང་ཁང་། གོ་ཨའོ་སྒོ་རྩིས་ཚོང་ཁང་། དཔྱིད་གསར་ཚོང་ཁང་བཅས་སུ་དབང་གནོད་ཀྱི་ཐོན་རྫས་ཡོད་པའི་དོགས་གཞི་བྱས་པ་མ་ཟད་ཁག་ཅིག་ཕྱིར་བཙོངས་པ་ཤེས་རྟོགས་བྱུང་བ་རེད།
             ཁྲིམས་འཛིན་མི་སྣས་བརྟག་ཞིབ་ནན་པོ་བྱས་པ་བརྒྱུད། ཐ་མག་དང་ཨ་རག་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དེ་དག་ནང་རྫུས་སླད་ཞན་གསུམ་གྱི་ཉིའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་ད་དུང་སྒམ་500ཡོད་པ་ཤེས་རྟོགས་བྱུང་རྗེས། ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་འཕྲལ་དུ་བཀག་སྡོམ་ཉར་ཚགས་བྱས་པ་རེད། པེ་ཅིང་ཁྲུན་ཤིན་ཞིང་ལས་ཚད་ཡོད་ཀུང་སི་ཉིའུ་ལན་ཧྲན་ཨ་རག་བཟོ་གྲྭས་བཏོན་པའི་དཔང་རྟགས་ལས། ཉར་ཚགས་བྱས་པའི་གར་ཚད་ཏུའུ་42དང་ཧའོ་ཧྲེང་550ཅན་གྱི་ཉིའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་སྒམ་500ཚང་མ་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ཡིན་པ་གཏན་འཁེལ་བྱས་པ་རེད། ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད། ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་འཚོང་རྒྱུར་བཞག་པའི་དབང་གནོད་ཀྱི་ཉིའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་གར་ཚད་ཏུའུ་42དང་ཧའོ་ཧྲེང་500ཅན་གྱི་ཐོན་རྫས་རྫུས་མ་སྒམ་501ཁྲིམས་ལྟར་གཞུང་བཞེས་བཏང་བར་རིན་གོང་སྒོར་58300ཟིན་གྱི་ཡོད་པ་རེད།
             ཨ་རག་རྫུས་མ་གཞུང་བཞེས་བཏང་བའི་ཁར་གཉེར་སྐྱོང་ཚོང་པར་དངུལ་ཆད་སྒོར་ཁྲི་4ལྷག་ཙམ་བཅད་པ།
             མིག་སྔའི་བར། འབྲེལ་ཡོད་གྱོད་གཞི་ཐག་གཅོད་བྱུང་བ་དང་། ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། ནག་ཆུ་གྲོང་ཁྱེར་གྱི་ཁྲིམས་འགལ་ཚོང་གཉེར་དུད་ཚང་ལ་ཆད་པ་བཅད་པ་མ་ཟད། ཚད་མི་ལོན་པའི་ཐོན་རྫས་གཞུང་བཞེས་ཀྱང་བཏང་ཡོད། དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཟླ་11ཚེས་20ཉིན་རྩད་ཆོད་པའི་ཉིའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་གར་ཚད་ཏུའུ་42དང་ཧའོ་ཧྲེང་550ཅན་གྱི་ཐོན་ཚད་རྫུས་མ་གད་སྙིགས་གཙང་སེལ་ཁུལ་དུ་དབོར་ནས་མེད་པར་བཟོས་པ་རེད།
             ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་ཅུས་ཀྲང་ལི་ཕེ་ཀྲི་ཡིས། ད་ཐེངས་ཀྱི་ཐོན་རྫས་རྫུས་མར་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཀྱིས་ཁྲིམས་འགལ་གྱི་ཚོང་གཉེར་དུད་ཚང་གི་དབང་གནོད་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་པེ་ཅིང་ཧྲུན་ཤིན་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་ཉིའུ་ལན་ཧྲན་ཨ་རག་བཟོ་གྲྭ་དང་། བོད་ལྗོངས་ཉིའུ་ཅིང་ཚོང་དོན་ཚད་ཡོད་ཀུང་སི། ཞའོ་ཝང་ཚོང་ཁང་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པ་དང་། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་པ། རྒྱ་ཆེའི་འཛད་སྤྱོད་པར་འཛད་སྤྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་ཅེས་ངོ་སྤྲོད་བྱས།
             ཟླ་11ཚེས་21ཉིན་པེ་ཅིང་ཧྲུན་ཤིན་ཞིང་ལས་མ་རྐང་ཚད་ཡོད་ཀུང་སི་ཉིའུ་ལན་ཧྲན་ཨ་རག་བཟོ་གྲྭ་ནག་ཆུའི་དབང་བསྐུར་ལས་ཚབ་འགན་འཁུར་བས་གོས་དར་ཞིག་ཆེད་མངགས་ནག་ཆུ་གྲོང་ཁྱེར་བཟོ་ཚོང་ཅུས་ཁྲོམ་ར་ཁོའོ་དང་ནག་ཆུ་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ལ་བསྐྱལ་ནས་བཟོ་ཚོང་ཅུས་ཀྱིས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་དང་། ཁྲོམ་རའི་དྲང་སྙོམས་འགྲན་རྩོད་ཀྱི་སྒྲིག་ལམ་སྲུང་སྐྱོང་། རྫུས་ལྷད་ཞན་གསུམ་གྱི་ཚོང་ཟོག་ལ་རྡུང་རྡེག་གཏོང་བ་བཅས་ཀྱི་བྱ་སྤྱོད་ནང་ཁེ་ལས་དེའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
             ཉེ་བའི་ལོའི་ནང་ཉིའུ་ལན་ཧྲན་ཨ་རག་རྫུས་མའི་སྐོར་གྱི་གནས་ཚུལ་ཐེངས་མང་ཐོན་པས་ཚང་མས་ཉིའུ་ལན་ཧྲན་གྱི་ཨ་རག་ལ་དབྱེ་འབྱེད་ཇི་ལྟར་བྱེད་དགོས་སམ། དེར་བརྟེན་གསར་འགོད་པས་ཐེན་མའོ་ཚོང་གྲོང་ཉིའུ་ལན་ཧྲན་ཨ་རག་གི་ཚོང་ཁང་ཨ་མའི་ཚོང་འགྲུལ་ཞབས་ཞུར་གར་ཚད་ཏུའུ་42ཀྱི་ཉིའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་དབྱེ་འབྱེད་ཇི་ལྟར་བྱེད་དགོས་མིན་ཐད་སྐད་ཆ་དྲིས་པས། ཚོང་འགྲུལ་ཞབས་ཞུ་བས་གསར་འགོད་པར་དབྱེ་འབྱེད་བྱེད་སྟངས་ཡག་ཤོས་ནི་ཨ་རག་གི་སྤུས་བཤེར་སྙན་ཞུ་ཡིན། གང་ཡིན་ཞེ་ན་ཨ་རག་གི་བྲིན་ཚོང་བྱེད་ཚད་ཅུང་མཐོ་བས་ཨ་རག་མང་པོའི་ཕྱིའི་ཐུམ་སྒྲིལ་གྱི་ཁག་གྲངས་མི་འདྲ་ལ་བཟོ་གྲྭས་འབྲེལ་ཡོད་ཚོང་པར་སྔོན་ལ་བརྡ་མ་བཏང་བའི་ཆ་རྐྱེན་འོག་ཚད་གཞི་མི་འདྲ་བའི་ཐུམ་སྒྲིལ་གསར་བརྗེས་བྱས་པས། དྲ་ཐོག་གི་ཐུམ་སྒྲིལ་དབྱེ་འབྱེད་བྱེད་ཐབས་ལ་བརྟེན་ནས་ཨ་རག་ལ་དབྱེ་འབྱེད་བྱེད་ཐབས་བྲལ་ཞེས་ལན་བཏབ་བྱུང་།