ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྷ་སས་ཕག་ཤ་དང་སྲོག་ཆགས་ཐོན་རྫས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ། ནད་ཡམས་བརྟག་ཞིབ་ཀྱི་དཔང་ཡིག་མེད་པའི་ཕག་པའི་སུག་མཐིལ་སྤྱི་རྒྱ་350ཐག་གཅོད་བྱས་པ།

སྤེལ་དུས 2018-12-19 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
               ལྷ་ས་གྲོང་ཁྱེར་ཨ་ཧྥེ་རི་ཁའི་ཕག་པའི་རིམས་ནད་སྔོན་འགོག་ཚོད་འཛིན་འཕྲལ་སྡོམ་བཀོད་འདོམས་པུའི་འགོ་ཁྲིད་འོག ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་ཕག་ཤ་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་དང་བཟོས་རྫས་རྒྱུན་འཁོར་ལྷུ་ཚིགས་ཀྱི་བདེ་འཇགས་ལྟ་སྐུལ་ལ་དམ་འཛིན་ལྷོད་མེད་བྱས་ཤིང་། འགན་འཁྲི་ཁ་གསལ་དུ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་བྱ་སྤྱོད་ལ་བརྩིས་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་ཞིབ་དཔྱད་དང་ནད་ཡམས་བརྟག་ཞིབ་བྱས་མེད་པའི་ཕག་ཤ་དང་། ཤི་རྐྱེན་གསལ་པོ་མེད་པའི་སྲོག་ཆགས་དང་དེའི་ཐོན་རྫས་ཁྲོམ་རར་འདོན་རྒྱུ་སྔོན་འགོག་ནན་པོ་བྱས་ཁར། སྡེ་ཚན་གཞན་དག་དང་གཞོགས་འདེགས་དམ་ཟབ་ཀྱིས་ཨ་ཧྥེ་རི་ཁའི་ཕག་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བརྩོན་ལེན་བྱས་པ་རེད།
               ཟླ་གོང་མར། ལྷ་ས་གྲོང་ཁྱེར་གྱིས་ཨ་ཧྥེ་རི་ཁའི་ཕག་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚོགས་འདུ་འཚོགས་རྗེས། ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཏང་ཙུའུ་ཡིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱི་འགན་འཁུར་བ་དང་། ལྷ་ས་གྲོང་ཁྱེར་གྱི་བཟའ་བཅའི་ཞིང་ལས་ཐོན་རྫས་གཅིག་བསྡུས་ཉོ་ཚོང་ཁྲོམ་ར་23(བཟའ་བཅའི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་ཞིང་ཟོག་ཁྲོམ་ར)གྱི་འགན་འཁུར་བ་བསྡུས་ནས་ཚོགས་འདུ་འཚོགས་ཏེ། ཨ་ཧྥེ་རི་ཁའི་ཕག་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱིས་ཨ་ཧྥེ་རི་ཁའི་ཕག་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོ་བརྡ་ཁྱབ་བཏང་ཞིང་། ཕག་ཤ་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་དང་བཟོས་རྫས་རྒྱུན་འཁོར་ལྷུ་ཚིགས་ཀྱི་བདེ་འཇགས་ལ་ལྟ་སྐུལ་བྱ་རྒྱུར་དམིགས་ནས་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། འགན་ནུས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་། ཁྲོམ་རའི་གཙོ་གཉེར་ཕྱོགས་དང་དེ་བཞིན་གཉེར་སྐྱོང་མཁན་གྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོས་ཁར། ཞིབ་ཕྲའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁ་གསལ་བཟོས་པ་རེད། ཚོགས་འདུའི་ཐོག་ད་དུང་ལྟ་སྐུལ་དོ་དམ་སྡེ་ཚན་དང་ཁྲོམ་རའི་བྱེད་པོ་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་ནས་འབྲེལ་གཏུག་པ་གཏན་འཁེལ་བྱས་ཏེ། ཨ་ཧྥེ་རི་ཁའི་ཕག་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་ཆ་འཕྲིན་སྤེལ་རེས་བྱ་རྒྱུར་སྟབས་བདེ་བསྐྲུན་པ་རེད།
               ཟླ་11ཚེས་1ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་སྲིད་འཛིན་ཁྲིམས་སྐྱོང་པ་མི་ཐེངས་141བཏང་ནས་ཞིབ་བཤེར་ཐེངས་395བྱས་ཏེ། སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་དང་ཞིབ་དཔྱད་ཀྱི་དཔང་ཡིག་མེད་པའི་ཕག་པའི་སུག་མཐིལ་སྤྱི་རྒྱ་350ཐག་གཅོད་བྱས་ཤིང་། བཟའ་བཅའི་ཞིང་ལས་ཐོན་རྫས་གཅིག་བསྡུས་ཉོ་ཚོང་ཁྲོམ་ར་12ཀྱིས་རང་ངོས་སྒྲིག་འཛུགས་བྱས་ཏེ་ཞིབ་བཤེར་ཐེངས་2783བྱས་པ་དང་། ཕག་ཤ་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་ཏུན་766.57ལ་ཞིབ་བཤེར་བྱས་པ་རེད། དེའི་ནང་ཕག་ཤ་སོས་པ་ཚོང་སར་ཐེངས་1506དང་ཕག་པའི་འཁྱག་ཤ་ཚོང་སར་ཐེངས་650 སྲོག་ཆགས་ཀྱི་ཐོན་རྫས་ཚོང་སར་ཐེངས་216 བཙོས་བཟས་རིགས་ལས་སྣོན་བྱེད་སར་255 བསྙལ་བཟོས་ཐོན་རྫས་ཚོང་སར་ཐེངས་156ཞིབ་བཤེར་བྱས་པ་རེད།
               བཟའ་བཅའི་ཞིང་ལས་ཐོན་རྫས་གཅིག་སྡུད་ཉོ་ཚོང་ཁྲོམ་རའི་གཙོ་གཉེར་ཕྱོགས་ཁག་གཅིག་དང་། ཕག་ཤ་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་གཉེར་སྐྱོང་བྱེད་མཁན་གྱི་སྔོན་འགོག་ཚོད་འཛིན་ལས་ཀའི་འདུ་ཤེས་ཞན་པས། རང་ངོས་སྒྲིག་འཛུགས་ཀྱིས་ཞིབ་བཤེར་བྱས་པའི་གནས་ཚུལ་དུས་ཐོག་ཏུ་གོང་ཞུ་བྱས་མེད་པའམ་ཡང་ན་གོང་ཞུ་བྱས་པའི་ཆ་འཕྲིན་ཆ་ཚང་པོ་མེད་པ་དང་། གཉེར་སྐྱོང་བྱེད་མཁན་གྱིས་ཚོང་ཟོག་ནང་འདྲེན་བྱེད་སྐབས་ཞིབ་བཤེར་ཐོ་འགོད་ལམ་ལུགས་དང་བྲིན་ཚོང་ཐོ་འགོད་ལམ་ལུགས་བཙུགས་ནས་ལག་བསྟར་བྱེད་པ་སོགས་ལ་ནན་པོ་མེད་པ་དང་ཚད་ལྡན་མེད་པའི་གནད་དོན་ལྷག་ཡོད་པ་རེད།
               གནད་དོན་དེ་དག་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་དང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་དོན་སྤེལ་ཚུལ་དུས་ཐོག་ཏུ་གོང་ཞུ་བྱས་མེད་པའི་ཁྲོམ་རའི་གཙོ་གཉེར་ཕྱོགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱུ་མཚན་རྩད་ཆོད་མཐའ་གསལ་དང་ཕན་གནོད་ཀྱི་འབྲེལ་བ་ནན་བཤད་བྱས་ཤིང་། ད་དུང་ཡོ་བསྲང་མི་བྱེད་རིགས་གྱོད་དོན་ཐོ་འགོད་བྱས་ཏེ་ཐག་གཅོད་ནན་པོ་བྱས་པ་རེད། ད་དུང་ཁྲོམ་ར་ཆེ་གྲས་ཀྱི་གཙོ་གཉེར་ཕྱོགས་ཀྱིས་གཅིག་གྱུར་གྱི་བྲིན་ཚོང་དཔང་རྟགས་པར་སྐྲུན་བྱེད་པར་སྐུལ་ཁྲིད་བྱས་ཏེ་ཁུངས་སྣེ་འདེད་རྒྱུར་སྟབས་བདེ་བསྐྲུན་པ་རེད།