ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་མེ་འཁོར་སྤ་སེ་གླགས་འཚོང་གི་ཉེས་གསོག་དོགས་ཅན་ཞིག་བཟུང་བ།

སྤེལ་དུས 2019-01-04 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
            ཉེ་ཆར། ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ལ་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་ཉེ་འཁོར་དུ་མེ་འཁོར་སྤ་སེ་ཚོང་བའི་སྐོར་གྱི་ཁུངས་སྣེ་རག་པར་བརྟེན། ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་འཛིན་རྒྱ་བཀྲམ་པས། 2018ལོའི་ཟླ་12ཚེས་20ཉིན་གྱི་ཆུ་ཚོད་22ཀྱི་ཐོག་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་སི་ཁྲོན་ནས་ཡིན་པའི་སྐྱེས་པ་3ལ་ལྷ་ས་ནས་ཁྲེང་ཏུའུ་རུ་སྐྱོད་པའི་མེ་འཁོར་གྱི་སྤ་སེ་གླགས་ཚོང་བྱེད་སྐབས། སྔ་ས་ནས་དེ་གར་སྲུང་ནས་བསྡད་པའི་མི་དམངས་ཉེན་རྟོག་པས་བཟུང་པ་རེད། མྱུལ་ཞིབ་པར་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་བཏང་བའི་རླངས་འཁོར་ནས་མེ་འཁོར་སྤ་སེ་18རྙེད་པ་དང་གྱོད་འབྲེལ་སྤ་སེའི་རིན་གོང་མི་དམངས་ཤོག་སྒོར་6929ཟིན་ཡོད་པ་རེད།

འདི་ནི་ཉེས་གསོག་དོགས་ཅན་གྱིས་ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་རྩད་ཆོད་པའི་མེ་འཁོར་སྤ་སེ་ངོས་ལེན་ཞུ་བཞིན་པ།
            ཤེས་རྟོགས་བྱུང་བ་ལྟར་ན། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་2016ལོའི་ཟླ་12པར་མེ་འཁོར་སྤ་སེ་གླགས་ཚོང་བྱས་པའི་རྐྱེན་གྱིས་ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་བཟུང་བ་དང་འབྲེལ་ཁོ་པ་སྲིད་འཛིན་བཀག་ཉར་བྱས་པ་རེད། ཉེ་ཆར་དངུལ་མེད་པའི་རྐྱེན་གྱིས་ལིའུ་ཆེ་གེ་མོས་སླར་ཡང་ལས་ངན་བརྩམས་པ་དང་འབྲེལ། ཆེད་མངགས་མིང་བྱང་བཟོས་ཏེ་མངོན་སུམ་དུ་མེ་འཁོར་གྱི་སྤ་སེ་གླགས་ཚོང་བྱེད་འགོ་ཚུགས། བསམ་ཡུལ་ལས་འདས་པ་ཞིག་ལ་ཉོ་ཚོང་ཐོག་མར་བྱེད་སྐབས་ཉེན་རྟོག་ཕྱོགས་ཀྱིས་བཟུང་པ་རེད།
            《སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་གཏོགས་ཁུལ་གྱི་གྱོད་གཞིའི་གྱོད་དོན་ཐོ་འགོད་དང་བདའ་འདེད་ཁྲིམས་སྦྱོར་ཚད་གཞིའི་སྐོར་གྱི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུའུ་ཡི་གཏན་འབེབས》གཞིར་བཟུང་། མེ་འཁོར་སྤ་སེ་གླགས་ཚོང་བྱེད་པའི་རིན་གོང་རིམ་རྩིས་བྱས་ན་སྒོར་5000ཡན་ཟིན་རིཌ་གྱོད་ཁོངས་སུ་བཅུག་ནས་བདའ་འདེད་ཁྲིམས་སྦྱོར་བྱེད་དགོས། མིག་སྔར། ལྷ་ས་ལྕཌ་ལམ་སྤྱི་བདེ་ཁྲུའུ་ཡིས་ཉེས་གསོག་དོཌ་ཅན་ལིའུ་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་པ་རེད།
            ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་ཡུལ་སྐོར་བར་དྲན་སྐུལ་བྱས་དོན། ཚང་མའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། ཁྱེད་ཀྱིས་ཐབས་ལམ་ཡང་དག་ལ་བརྟེན་ནས་སྤ་སེ་ཉོ་རོགས། སྤ་སེ་ཉོ་སྐབས་སྤ་སེ་གླགས་འཚོང་གི་ཁུངས་སྣེ་ཤེས་ཚེ་འཕྲལ་མར་ཉེན་རྟོག་ཕྱོགས་ལ་ཐེར་འདོན་གོང་ཞུ་བྱེད་རོགས། མིང་ངོ་མའི་ཐོག་ནས་ཐེར་འདོན་གོང་ཞུ་བྱེད་རིགས་ཉེན་རྟོག་ཕྱོགས་ཀྱིས་བརྟག་དཔྱད་བྱས་ནས་བདེན་རིགས་ལ་མི་དམངས་ཤོག་སྒོར་1000གི་བྱ་དགའ་སྤྲོད་རྒྱུ་ཡིན། ཁུངས་སྣེ་གལ་ཆེན་བཏོན་ནས་གྱོད་གཞི་ཆེན་པོ་རྩད་ཆོད་རིགས་ལ་གནས་ཚུལ་ལ་གཞིགས་ནས་བྱ་དགའ་སྤྲོད་རྒྱུ་ཡིན། ཐེར་འདོན་གོང་ཞུའི་ཁ་པར་ནི།
            0891—6756391
            0891—6756110