ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཙན་དན་དམར་པོ་ལྐོག་ཚོང་གི་གྱོད་གཞི་ཁྲིམས་ཐག་བཅད་པ།

སྤེལ་དུས 2019-01-04 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
           2018ལོའི་ཟླ་10ཚེས་26ཉིན། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཙན་དན་དམར་པོ་ལྐོག་ཚོང་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་5ལ་ཁྲུན་ཐག་བཅད་པའི་ནང་། ཉེས་ཅན་གཏེ་པོ་ཅང་ཆེ་གེ་མོར་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་ཉེས་གསོག་དོགས་ཅན་5པོས་གོང་གཏུག་བྱས་མེད་པས། ཁྲུན་ཐག་བཅད་པ་དེ་ད་ཆ་ནུས་པ་ཐོན་ཡོད།
           2017ལོའི་ཟླ་11པའི་ཚེས་1ཉིན། གཉའ་ནང་འགག་སྒོ་ལས་ཁུངས་ལྐོག་ཚོང་ཞིབ་བཤེར་ཡན་ལག་ཅུས་ཀྱིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་མཛོད་ཁང་ཞིག་ནས་ལྐོག་ཚོང་བྱས་པའི་ཙན་དན་དམར་པོ་སྤྱི་རྒྱ་1716.8དང་རིན་ཐང་སྒོར་ཁྲི་185.32ཟིན་པའི་གྱོད་གཞི་ཞིག་རྩད་ཆོད་པ་མ་ཟད། ཉེས་གསོག་དོགས་ཅན་5བདེ་བླག་ངང་བཟུང་བ་རེད།
           ཙན་དན་དམར་པོ་ནི《སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་སྣ་ཁའི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས》ཀྱི་ཟུར་བཀོད་IIཔར་འཁོད་པའི་ཕྱིར་གཏོང་དང་ནང་འདྲེན་བྱེད་མི་ཆོག་པའི་རིགས་རེད། ཙན་དན་དམར་པོ་ནང་འདྲེན་བྱེད་དགོས་ན་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྟོངས་ལ་ཉེ་བའི་དངོས་རིཌ་ནང་འདྲེན་ཕྱིར་གཏོང་དོ་དམ་གཞུང་ལས་ཁང་གིས་གཉེར་བའི《སྟོངས་ཉེའི་དངོས་རིཌ་ནང་འདྲེན་བྱ་ཆོག་པའི་ཆོག་འཐུས་ལག་ཁྱེར》རག་རྗེས། གཞི་ནས་འགག་སྒོ་སྒྲོལ་བའི་འགྲོ་ལུཌ་གཉེར་ཆོག་གི་ཡོད།