ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས། རྒྱན་འགྱེད་ནག་ཚང་ཞིག་མེད་པར་བཟོས་ནས་མི་33བཟུང་བ།

སྤེལ་དུས 2019-01-04 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་གིས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁུངས་སྣེ་བརྒྱུད། རྒྱན་འགྱེད་ནག་ཚང་གཅིག་མེད་པར་བཟོས་པ་དང་། རྒྱན་འགྱེད་དོགས་ཡོད་མི་སྣ་33བཟུང་བ་མ་ཟད། རྒྱན་འགྱེད་དངུལ་སྒོར་72350གཞུང་བཞེས་བཏང་བ་རེད།
          ཉིན་ཤས་གོང་། ཀུན་བདེ་གླིང་མངགས་གཏོང་ཁང་ལ་ཁོངས་གཏོགས་ཁུལ་གྱི་ཇ་ཁང་ཞིག་ཏུ་མི་མང་པོ་འཛོམས་ནས་རྒྱན་པོ་འགྱེད་ཀྱི་འདུག་ཅེས་པའི་མང་ཚོགས་ཀྱི་ཐེར་འདོན་འབྱོར་བ་རེད། ཁུངས་སྣེ་ཤེས་རྟོགས་བྱུང་རྗེས་ཀུན་བདེ་གླིང་མངགས་གཏོང་ཁང་གིས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཇ་ཁང་དེར་མཐིལ་རྟོགས་ཞིབ་བཤེར་གྱི་ལས་དོན་སྤེལ་བ་རེད།
          2018ལོའི་ཟླ་12ཚེས་4ཉིན་གྱི་དགོང་མོ་ཇ་ཁང་དེར་མི་མང་པོ་འཛོམས་ནས་རྒྱན་པོ་འགྱེད་པའི་ཁྲིམས་འགལ་དོན་དངོས་ཁོང་དུ་ཆུད་རྗེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཛིན་བཟུང་བྱ་སྤྱོད་སྤེལ་ཞིང་། བྱ་སྤྱོད་སྤེལ་རིང་མི་དམངས་ཉེན་རྟོག་པས་ཟུར་ཁང་8ནས་མི་32བཟུང་བ་དང་འབྲེལ་རྒྱན་པོ་འགྱེད་ས་མཁོ་འདོན་བྱེད་མཁན་ཡན་ཆེ་གེ་མོ་བཟུང་བ་རེད།
          མིག་སྔར། ཀུན་བདེ་གླིང་མངགས་གཏོང་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཅིག་པའི་ནང་གསེས་དང་པོ་དང་དོན་ཚན་བདུན་ཅུ་པའི་གཏན་འབེབས་ལ་གཞིགས་ནས་རྒྱན་འགྱེད་ལ་ཞུགས་མཁན་ཀྲའོ་ཆེ་གེ་མོ་སོགས་མི་4སྲིད་འཛིན་བཀག་ཉར་ཉིན་3བྱས་པ་དང་། རྒྱན་འགྱེད་ལ་ཞུགས་མཁན་ལིའུ་ཆེ་གེ་མོ་སོགས་མི་24སྲིད་འཛིན་བཀག་ཀར་ཉིན་5བྱས་ཡོད། རྒྱན་འགྱེད་ལ་ཞུགས་མཁན་ཁྲེན་ཆེ་གེ་མོ་སོགས་མི་4སྲིད་འཛིན་བཀག་ཉར་ཉིན་7དང་དངུལ་ཆད་སྒོར་500བཏང་བ། ཇ་ཁང་གི་སྦྱིན་བདག་ཡན་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་15དང་འབྲེལ་དངུལ་ཆད་སྒོར་500བཏང་བ་རེད། (ལྷག་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)