བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཁ་ས་མཚན་དགུང་དུ་ལྷ་ས་ནས་མི་7བཟུང་འདུག

སྤེལ་དུས 2020-01-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཚེས་14ཉིན་གྱི་ཆུ་ཚོད་བཅུ་གཉིས་ཏག་ཏག་ལ། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་འཛིན་ཚན་པའི་ཁྲིམས་འཛིན་ལས་དོན་མི་སྣ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པས་གླིང་དབྱེ་བ་དང་ཚོགས་ཆུང་བགོས་ནས་གྲོང་ཁུལ་གྱི་རོལ་རྩེད་ཁང་ཁག་ཏུ།“ཆགས་སྲེད་རྒྱན་འགྱེད་དུག་འཐེན”གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཅིག་སྡུད་སྤེལ་བ་དང་། ཆེད་དོན་བཅོས་སྒྲིག་གཙང་བཤེར་བྱ་སྤྱོད་དེ་གཟའ་འཁོར་གཅིག་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་རེད། 

    གོང་ཚེས་ཉིན་གྱི་ཆུ་ཚོད་བཅུ་གཉིས་ནས་བཟུང་ལྷ་ས་གྲོང་ཁྱེར་ནག་སེལ་གཤེད་འཇོམ་གཞུང་ལས་ཁང་དང་། དྲིལ་བསྒྲགས། རིག་གནས། མེ་ཟོན། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་གྱིས་མཉམ་འབྲེལ་བྱ་སྤྱོད་ལ་གཞོགས་འདེགས་དམ་ཟབ་བྱས་པ་དང་། ལྷ་ས་གྲོང་ཁྱེར་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་གླིང་གི་བཀོད་འདོམས་པུའུ་དང་གྲོང་ཁུལ་སྤྱི་བདེ་ཅུས་ཀྱི་སྣེ་ཁྲིད་དེ་བདེ་འཇགས་དང་། ཉེས་དོན་མྱུལ་ཞིབ། དུག་འགོག ཁྲིམས་ལུགས། ལྟ་ཞིབ་སོགས་ཉེན་རྟོག་ཚན་པས་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་རོལ་རྩེད་ཁང་དུ“ཆགས་སྲེད་རྒྱན་འགྱེད་དུག་འཐེན”གྱི་ཆེད་དོན་བཅོས་སྒྲིག་གཙང་བཤེར་བྱ་སྤྱོད་གཅིག་སྡུད་སྤེལ་བ་རེད། བྱ་སྤྱོད་ཀྱི་གཙོ་གནད་ནི་དུས་འགོར་མཐིལ་རྟོགས་ཁོང་དུ་ཆུད་པའི་གནད་དོན་གྱི་ཁུངས་སྣེ་དང་བདེ་འཇགས་ཀྱི་ཟང་ཟིང་གནད་དོན་དང་། དེ་བཞིན་གནས་གཏན་འཁེལ་གྱི་ས་ཁོངས་དང་ལམ་དུམ་དུ་འཆལ་སྤྱོད་བྱེད་སྤྱོད་རེ་ཟུང་སྤེལ་བར་དམིགས་ཏེ་རྡུང་རྡེག་བཏང་བ་དང་བཅོས་སྒྲིག་བྱས་པ་རེད། 

    གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་བྱ་སྤྱོད་ལ་ཁྲིམས་འཛིན་མི་སྣ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཁྱོན་750ལྷག་ཙམ་བཏང་ཡོད་པ་དང་། རོལ་རྩེད་ཁང་50དང་། གཟུགས་པོ་འཁྲུ་ཁང་3 ཇ་ཁང་2 བོགས་གཏོང་ཁང་པ་151 མགྲོན་ཁང་དང་ཨར་ཁང་21བཅས་ལ་གཙང་བཤེར་དང་། རིགས་ཁག་གི་མི་སྣ་1702ལ་གྲལ་བཤེར། མི་166ལ་གཅིན་པ་བརྟག་དཔྱད་བཅས་བྱས་པ་རེད། འཆལ་པོ་སྐོང་མཁན་7བཟུང་བ་དང་། དངུལ་ལེན་ཞབས་ཞུ་མ་34ལ་ཁྲིམས་བཞིན་ཐག་གཅོད་བྱས་ཡོད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། གོམས་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་ནག་སེལ་གཤེད་འཇོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་བསམ་འཆར་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་སྲིད་གཞུང་གི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་སྒྲིག་བླང་བྱ་སྔར་བས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་རེད་ལ། མུ་མཐུད་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་ལྟེ་བའི་འདུ་ཤེས་ལ་བརྩིས་ནས་རིགས་ཁག་གི་ཟང་ཟིང་གི་གནད་དོན་དང་ཆགས་སྲེད་རྒྱན་འགྱེད་དུག་འཐེན་བཅས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གནད་དོན་ལ་བཅོས་སྒྲིག་བྱེད་རྒྱུ་དང་། ནག་སེལ་གཤེད་འཇོམ་གྱི་ཆེད་དོན་འཐབ་རྩོད་དེ་བས་གཏིང་ཟབ་དང་། ཚགས་ཚུད། ཏན་ཏིག་བཅས་ཀྱི་ཕྱོགས་སུ་སྤེལ་བར་སྐུལ་མ་གཏོང་རྒྱུ་ཡིན་པ་རེད། 

རྩོམ་སྒྲིག་པ། བདེ་སྒྲོལ།