དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

མཚོ་སྔོན་ཞིང་ཆེན་རིམས་འགོག་ལ་འགོག་རྐྱེན་བཟོས་པའི་ཉེས་གསོག་གྱོད་གཞི་ཐོག་མའི་འདྲི་གཅོད་དང་པོས་ཀུའི་ཆེ་གེ་མོར་ལོ་གཅིག་གི་ཁྲིམས་ཆད་བཅད་པ།

སྤེལ་དུས 2020-03-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          ཟླ3ཚེས17ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་མི་དམངས་ཁྲིམས་ཁང་གིས་རིམས་འགོག་རིང་རིམས་འགོག་ལ་འགོག་རྐྱེན་བཟོས་པའི་ཉེས་གསོག་གྱོད་གཞི་ཞིག་འདྲི་གཅོད་བྱས་པ་མ་ཟད། ཁྲིམས་སར་ཞུ་སྦྱོར་ཕྱི་མ་ཀིའུ་ཆེ་གེ་མོས་རིམས་འགོག་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པ་དང་། དུས་བཀག་བཙོན་འཇུག་ལོ་གཅིག་གི་ཁྲིམས་ཐག་བཅད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ནི་མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་གིས་འདྲི་གཅོད་བྱས་པའི་རིམས་འགོག་ལ་གནོད་རྐྱེན་བཟོས་བའི་གྱོད་གཞི་ཐོག་མ་ཡིན་པ་རེད།
          ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་ཤེས་གསལ་བྱུང་བར། ཞུ་སྦྱོར་ཕྱི་མ་ཀིའུ་ཆེ་གེ་མོ2020ལོའི་ཟླ1ཚེས16ཉིན་མེ་འཁོར་ལ་བསྡད་དེ་ཝུའུ་ཧན་ནས་ཟི་ལིང་དུ་ལོག་པ་དང་། ཟླ1ཚེས17ཉིན་གྱི་ཆུ་ཚོད19ཐོག་ཟི་ལིང་དུ་འབྱོར་ནས་གྲོང་མིའི་རླངས་འཁོར་ལ་བསྡད་དེ་རང་ཁྱིམ་ཧོང་ཀྲུང་རྫོང་ལི་ཅ་ཧྲན་གྲོང་རྡལ་དུ་ལོག ཟླ1ཚེས18ཉིན་གྱི་ས་སྲོད་དུ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་རང་གི་ནུ་བོར་འཚམས་འདྲི་ཕྱིན་པ་དང་ཞག་སྡོད་ཀྱང་བྱས། ཟླ1ཚེས19ཉིན་ལི་ཅ་ཧྲན་གྲོང་རྡལ་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་རང་ཉིད་ལ་ཆམ་པ་ཕོག་པ་རྒྱུ་མཚན་དུ་བྱས་ནས་སྨན་བཅོས་བྱས་པ་དང་། གྲོང་ཚོའི་སྨན་པས་ཟི་ལིང་དུ་ཕྱིར་ལོག་པའི་དུས་ཚོད་འདྲི་སྐབས། ཀིའུ་ཆེ་གེ་མོས་ཟི་ལིང་དུ་ལོག་ནས་ཉིན40ལྷག་ཙམ་ཟིན་ཞེས་རྫུན་བཤད་པ་རེད། དེའི་རིང་ཀིའུ་ཆེ་གེ་མོས་རང་འགུལ་ངང་ཁྱིམ་ནས་ལོགས་སུ་མ་བཀར་བ་མ་ཟད། གང་འདོད་དུ་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་པར་ཕྱིན།
          ཟླ1པོའི་ཚེས23ཉིན། གྲོང་ཚོའི་སྡེ་དམངས་ཨུ་ལྷན་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམས་འགོག་བླང་བྱ་གཞིར་བཟུང་། ཝུའུ་ཧན་ནས་ཕྱིར་ལོག་པའི་མི་སྣར་གྲལ་བཤེར་ཐོ་འགོད་བྱས་པ་དང་། ཀིའུ་ཆེ་གེ་མོས་བླང་བྱ་ལྟར་ཐོ་འགོད་མ་བྱས། ཟླ1པོའི་ཚེས25ཉིན་གྱི་དགོང་མོར། གྲོང་རྡལ་དང་གྲོང་ཚོའི་སྨན་དོན་མི་སྣ་དང་དེ་བཞིན་གྲོང་ཚོའི་ལས་བྱེད་པ་ཀིའུ་ཆེ་གེ་མོའི་ཁྱིམ་དུ་རིམས་ནད་གྲལ་བཤེར་བྱེད་སྐབས།  ཀིའུ་ཆེ་གེ་མོས་སྔར་བཞིན་རང་ཉིད་ཁྱིམ་དུ་ལོག་ནས་ཉིན40ལྷག་ཙམ་སོང་བར་བཤད་པ་དང་ཕྱིར་ལོག་མེ་འཁོར་སྤ་སེ་མེད་བརླག་ཏུ་བཏང་ཟིན།
          ཀིའུ་ཆེ་གེ་མོར་ལུས་ཕུང་མི་བདེ་བའི་ཚོར་སྣང་བྱུང་བ་དང་། ཟླ1ཚེས27ཉིན་ཁོང་གི་གཅུང་མོ་སོགས་གཉེན་ཉེའི་ཕེབས་རོགས་འོག མཚོ་སྔོན་རྒྱ་གྲམ་དམར་པོ་རྟགས་ཅན་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དེ་རིམས་ནད་ཀྱི་ནད་རྟགས་འདྲ་བར་ངོས་འཛིན་བྱས་པ་དང་། ཟླ1ཚེས30ཉིན་པྲོག་དབྱིབས་ནད་དུག་གསར་པར་ངོས་བཟུང་། གྲོང་མི་ཚུད་པའི་མི900ལྷག་ཙམ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣའི་ཁྲོད་ཀྱི་མི་3ལ་པྲོག་དབྱིབས་ནད་དུག་གསར་པ་འགོས་ནས་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་པ་རེད།
          ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཀིའུ་ཆེ་གེ་མོ་འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཏེ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་པྲོག་གསར་གློ་ཚད་ལ་རིམས་ནད་ཀ་པའི་འགོག་བཅོས་བྱེད་ཐབས་སྤྱད་པ་ཁྱབ་བསྒྲགས་བྱས་རྗེས། སྔོན་འགོག་བྱེད་ཐབས་མ་སྤྱད་པར་ནད་དུག་མཆེད་པའི་ཉེན་ཁ་བཟོས་པས་འགོས་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་བྱས་ཉེས་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་ཀིའུ་ཆེ་གེ་མོས་ཁྲིམས་ལ་སྦྱར་རྗེས་ནག་ཉེས་བསགས་པའི་བྱ་སྤྱོད་ཇི་མ་ཇི་བཞིན་ངོས་ལེན་ཞུས་པར་གཞིགས་ནས་ནག་ཉེས་ཁས་ལེན་དང་ཆད་གཅོད་ཁས་ལེན་བྱས་པ་མ་ཟད། ནག་ཉེས་ངོས་ལེན་དང་ཆད་གཅོད་ངོས་ལེན་ཞུ་ཡིག་ལ་མིང་རྟགས་བཀོད་པས། ཁྲིམས་ལྟར་ཉེས་ཆད་ཇེ་ཡང་དུ་བཏང་སྟེ་ཁྲིམས་ལྟར་གོང་གསལ་གྱི་ཁྲིམས་ཐག་བཅད་ཡོད། བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཞུ་སྦྱོར་ཕྱི་མ་ཀིའུ་ཆེ་གེ་མོས་ཁྲིམས་བཅད་དང་ལེན་བྱས་ཏེ་གོང་གཏུག་མི་བྱེད་པའི་རྣམ་འགྱུར་བསྟན། །

རྩོམ་སྒྲིག་པ། བདེ་སྒྲོལ།