དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

མཚོ་སྔོན་གྲོ་ཚང་དུ་ལོ16སྔོན་གྱི་མི་གསོད་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2020-03-23 ཡོང་ཁུངས། གངས་ལྗོངས་འཕྲིན་གསར། རྩོམ་པ་པོ།

          ཟླ3པའི་ཚེས19ཉིན།མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་སྤྱི་བདེ་ཅུས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་དང་དེ་བཞིན་ཀན་སུའུ་དང་ཤིན་ཅང་ཉེན་རྟོག་ཕྱོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་གཞོགས་འདེགས་འོགལོ་ངོ16རིང་བྲོས་བྱོལ་བྱས་པའི་མི་གསོད་ཉེས་ཅན་ལིས་ཆེ་གེ་མོ་ཁྲིམས་ལ་སྦྱར་ཏེ།ལོ་ངོ16རིང་ཐག་གཅོད་མ་ཐུབ་པར་ལུས་པའི་མི་བསད་གྱོད་དོན་ཞིག་ལ་རྫོགས་ཚིག་བཀོད།
          2004ལོའི་ཟླ2པའི་ཚེས3ཉིན།མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྲུང་ལིན་ཞང་དུ་མི་བསད་པའི་གྱོད་དོན་ཞིག་བྱུང་བ་རེད།དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོ་དང་སྡེ་བ་དེ་གའི་སྡེ་མི་ལིས་ཆེ་གེ་མོ་གཉིས་ཀྱིས་དོན་དག་ཙག་ཙིག་ཅིག་བརྩད་ནས་ཁ་རྩོད་ཤོར་ཞིང་རྡུང་རེས་བྱས་ལ།དེ་ནས་ལིས་ཆེ་གེ་མོས་ཆང་གི་དམ་བེ་ཞིག་གིས་ལིས་ཆེ་གེ་མོར་བརྒྱབ་ནས་བསད་པ་དང་།དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོས་ནག་ཉེས་བསགས་རྗེས་བྲོས་བྱོལ་བྱས།གྱོད་དོན་བྱུང་རྗེས།གྱོད་དོན་གྱི་ངོ་བོ་དང་དོགས་ཡོད་ཉེས་ཅན་གྱི་མིང་གཏན་འཁེལ་བྱས་པའི་གནས་ཚུལ་འོགགྲོ་ཚང་ཆུས་སྤྱི་བདེ་ཅུས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོ་འཛིན་བཟུང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་དོར་མྱོང་མེད།ལོ་ངོ16གི་ལོ་ཟླ་རིང་མོའི་ཁྲོད།སྤྱི་བདེ་ལས་ཁུངས་ཀྱི་གྱོད་གཞི་རྩད་གཅོད་ནུས་པར་མང་ཚོགས་ཀྱི་དོགས་འདྲི་སྣ་ཚོགས་དང་གནོད་འཚེ་ཕོག་མཁན་གྱི་ནང་མིས་རེ་སྒུག་ཆེན་པོ་བྱས་པའི་མདུན་དུ།ཅུས་ཏང་ཨུས་སྐབས་རེ་ནས་སྐབས་རེའི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་ཡང་ཡང་བརྗེས་མོད།འོན་ཀྱང་ལིས་ཆེ་གེ་མོ་འཛིན་བཟུང་བྱེད་པའི་ཆོད་སེམས་གཏན་ནས་འགྱུར་མྱོང་མེད་ལ།མི་བསད་གྱོད་དོན་ངེས་པར་བརྟོལ་དགོས་པའི་འདུ་ཤེས་བརྟན་པོ་བཅངས་ནས་གྲོ་ཚང་ཆུས་སྤྱི་བདེ་ཅུས་ཀྱིས་ལོ་ངོ16རིང་གི་ཉེས་ཅན་བདའ་འདེད་ཀྱི་ལམ་བུ་རིང་མོ་ཞིག་བཏོད་པ་རེད། 2020ལོའི་ཟླ3པ་ནས་བཟུང་།ཞིང་ཆེན་དང་གྲོང་ཁྱེར།དེ་བཞིན་ཀན་སུའུ་དང་ཤིན་ཅང་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཞི་གྲངས་ཆེན་པོའི་ཆ་འཕྲིན་ལག་རྩལ་གྱི་འདེགས་སྐྱོར་འོགབདའ་འདེད་འཛིན་བཟུང་གི་ལས་དོན་ཐད་དགའ་འོས་པའི་གོ་སྐབས་ཤིག་བྱུང་བ་དང་།འདེད་འཛིན་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་གོམ་མཚམས་མི་འཇོག་པར་ཀན་སུའུ་དང་ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་བསྐྱོད་དེ་ལམ་ཐག་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཟིན་པ་དང་།ཟླ3པའི་ཚེས9ཉིན།མཐར་དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོ་ཤིན་ཅང་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར།

         “དྲང་བདེན་སླེབས་པ་འཕྱི་སྲིད་ཀྱང་།།གཏན་དུ་མི་ཡོང་ག་ལ་སྲིད།།” ལོ་ངོ16འདས་རྗེས།མི་རྣམས་ཀྱིས་སྔ་མོ་ནས་མི་ཡུལ་དང་གྱེས་སོང་སྙམ་པའི་ལིས་ཆེ་གེ་མོ་འཛིན་བཟུང་བྱས།ཝ་མོར་གཡོ་སྒྱུ་ཅི་འདྲ་ཆེ་ཡང་རྔོན་པའི་མིག་ལས་ཐར་མི་ཐུབ།དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོས་ངོས་ལེན་ཞུས་པར་གཞིགས་ན།ལོ་ངོ16རིང་ཁོས་གང་སར་འཁྱམས་ཉུལ་བྱས་པ་དང་།སྒེར་གཉེར་ཟ་ཁང་དུ་དུས་ཐུང་གླ་བ་བྱས་ཏེ་རང་ཁ་ཙམ་གསོས་ཤིང་།ཉིན་བཞིན་དངངས་སྐྲག་གིས་ཉི་མ་འཁྱོལ་ཐབས་བྱས།དཀའ་སྡུག་ཆེ་ལ་དུས་ཡུན་རིང་བའི་བྲོས་བྱོལ་གྱི་འཚོ་བའི་ཁྲོད་ནས་ཆེས་མཛེས་སྡུག་ལྡན་པའི་ལང་ཚོ་ཤོར་བ་དང་།སྤྱིར་བཏང་གི་མི་ཚེའི་ལྡོག་མེད་ཀྱི་བདེ་སྐྱིད་ལོངས་སྤྱོད་བྱེད་མ་ཐུབ་ལ།ཕ་མའི་མདུན་དུ་སྲི་ཞུ་དང་སེམས་ནུས་ཡོད་རྒུ་ཡང་འབུལ་མ་ཐུབ།གལ་ཏེ་དང་ཐོག་གཞོན་པའི་ཧོལ་རྒྱུག་དེ་འདྲ་བྱས་མེད་ཚེ།མི་ཚེའི་སྐྱོ་གར་འདི་བྱུང་དགོས་དོན་མེད་ཟེར།དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོའི་གདོང་ལ་སྔ་མོ་ནས་འགྱོད་གདུང་གི་མིག་ཆུ་འཁོར་ཡོད་ཀྱང་།དངོས་ཡོད་ཀྱི་མི་ཚེར་གལ་ཏེ་ཟེར་བ་ཞིག་མེད་པས་ཁོ་ལ་སྒུག་ཡོད་པ་ནི་བཅའ་ཁྲིམས་ཀྱི་ཆད་པ་ནན་མོ་དེའོ།།

རྩོམ་སྒྲིག་པ། བདེ་སྒྲོལ།