དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྷ་སར་གློག་སྒུལ་སྦག་སྦག་ཐེངས་མང་རྐུ་མཁན་མི་གཉིས་བཟུང་འདུག

སྤེལ་དུས 2020-03-26 ཡོང་ཁུངས། རྩོམ་པ་པོ།

          ཟླ་3ཚེས་9ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་གྲོང་མི་ཞིག་གིས་གློག་སྒུལ་སྦག་སྦག་རྐུས་འདུག་ཞེས་སྙན་གསེང་ཞུས་པ་དང་། ཡང་ཉིན་གཉིས་པར། མི་དམངས་ཉེན་རྟོག་པར་སླར་ཡང་གློག་སྒུལ་སྦག་སྦག་བརྐུ་ཤོར་བའི་སྙན་གསེང་ཞིག་འབྱོར། གནས་ཚུལ་དེར་གཞིགས་ནས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་འཕྲལ་དུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་དོག་སྡེ་མངགས་གཏོང་ཁང་སོགས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་བྱས་ནས་ནུས་ཤུགས་ཡོད་རྒུས་བརྟག་དཔྱད་བྱས་པ་རེད།

          བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་པ་གཉིས་པོའི་བྱད་གཟུགས་ཁོང་དུ་ཆུད་པ་དང་། ཟླ་3ཚེས་12ཉིན་གྱི་ཆུ་ཚོད་22ཙམ་ལ་དོགས་ཡོད་མི་སྣ་དང་འདྲ་པོ་ཡོད་པ་མ་ཟད། ཉེས་གསོག་གི་དོགས་པ་ཆེན་པོ་ཡོད་པའི་མི་གཉིས་བཟུང་བ་རེད།

          ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་རུ་ཆེན་བཞི་པའི་མི་དམངས་ཉེན་རྟོག་པས་འདྲི་རྩད་དང་བརྟག་དཔྱད་བྱས་པ་བརྒྱུད། 2020ལོའི་ཟླ་2པ་ནས་བཟུང་། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོས་མཚན་མོ་མི་མེད་པའི་སྐབས་དང་བསྟུན་ནས། སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་ཁུལ་ཆུང་ཁག་དང་ལམ་འགྲམ་དུ་ལྟ་སྲུང་བྱེད་མཁན་མེད་པའི་གློག་སྒུལ་སྦག་སྦག་8བརྐུས་པ་ཤེས་རྟོགས་བྱུང་བ་རེད།
          དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོས། ཟླ་2པ་ནས་བཟུང་། རིམས་ནད་ཀྱི་རྐྱེན་པས་སྲང་ལམ་དུ་མི་ཉུང་བ་དང་། ཚོང་ཁང་མང་ཆེ་བ་སྒོ་བརྒྱབ་པ་ཤེས་པས། དེ་ནི་བརྐུ་རྒྱག་པའི་གོ་སྐབས་ཡག་ཤོས་རེད་སྙམ་ནས། སྲང་ལམ་དུ་གློག་སྒུལ་སྦག་སྦག་བརྐུ་བར་ཐེངས་མང་ཕྱིན་པས། མཐར་ཁོ་གཉིས་མི་དམངས་ཉེན་རྟོག་པས་བཟུང་བ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།