ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

པུའུ་ལྔ་ཡིས་མཉམ་འབྲེལ་ཡིག་ཆ་སྤེལ་ཏེ་ཁྲིམས་འཛིན་མི་སྣའི་འབྲེལ་འདྲིས་བྱ་སྤྱོད་རིགས ༦ གཏན་འགོག་བྱས།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མགོན་པོ།
          ཆེས་མཐོའི་ཁྲིམས་ཁང་དང་། ཆེས་མཐོའི་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། རྒྱལ་ཁབ་བདེ་འཇགས་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་མཉམ་འབྲེལ་གཏན་འབེབས་བྱེད་དོན།

          ཁྲིམས་འཛིན་མི་སྣས་དོ་བདག་ལ་བཤེར་རྩོད་དག་འརྗད་བྱེད་མཁན་ངོ་སྤྲོད་བྱེད་མི་ཆོག་པ་དང་ཁྲིམས་རྩོད་པར་གྱོད་གཞིའི་ནང་དོན་ངོ་སྤྲོད་བྱེད་མི་ཆོག

          གཏན་འབེབས་ཁྲོད་དུ། ཁྲིམས་འཛིན་མི་སྣ་དང་། དོ་བདག ཁྲིམས་རྩོད་པ། དམིགས་བསལ་འབྲེལ་བ་ཅན། མཚམས་སྦྱོར་བཅས་ཀྱིས་སྤེལ་བའི་འབྲེལ་འདྲིས་བྱ་སྤྱོད་རིགས ༦ ལ་བཀའ་བཙན་གྱིས་གཏན་འགོག་བྱས་ཡོད་དེ། གཏན་འགོག་བྱེད་དགོས་པའི་བྱ་སྤྱོད ༦ ནི།

          དང་པོ།  ཁྲིམས་འཛིན་ལས་ཁུངས་ཀྱི་ཞིབ་གཤེར་ལས་དོན་ཁྲོད་ཀྱི་གསང་བ་དང་ཁྲིམས་སུ་གཏན་འབེབས་བྱས་པའི་གསང་བའི་ཆ་འཕྲིན་ཕྱིར་བསྒྲགས་བྱེད་པ།

          གཉིས་པ།  དོ་བདག་ལ་གཏུག་བཤེར་ཚབ་བྱེད་མི་སྣ་དང་བཤེར་རྩོད་དག་འརྗད་བྱེད་མཁན་ངོ་སྤྲོད་བྱེད་མི་ཆོག་པ་དང་། ཁྲིམས་རྩོད་པ་དང་མཚམས་སྦྱོར་གྱིས་གྱོིད་དོན་ངོ་སྤྲོད་བྱེད་པ་འམ། ཡང་ན་དོ་བདག་ལ་ཆ་རྐྱེན་ལྡན་པའི་ཁྲིམས་རྩོད་པ་བརྗེ་བོ་བྱེད་དགོས་པའི་རེ་འདུན་དང་བསམ་འཆར་བརྗོད་པ་སོགས་བྱེད་མི་ཆོག

          གསུམ་པ།  དོ་བདག་དང་ཁྲིམས་རྩོད་པ། དམིགས་བསལ་འབྲེལ་བ་ཅན། མཚམས་སྦྲེལ་མི་སྣ་སོགས་ཀྱི་མགྲོན་འབོད་སྐྱེས་འབུལ་གྱི་བྱ་སྤྱོད་དང་ལེན་བྱས་པ།
 
          བཞི་བ།  དོ་བདག་དང་ཁྲིམས་རྩོད་པ། དམིགས་བསལ་འབྲེལ་བ་ཅན། མཚམས་སྦྲེལ་མི་སྣ་སོགས་ལ་ངུལ་བུན་ལེན་པ་དང་། ཁང་པ་གཡོར་བ། འགྲིམ་འགྲུལ་ཡོ་བྱད་གཡོར་བ། འབྲེལ་གཏུགས་ཡོ་བྱད་གཡོར་བ་སོགས་ཀྱི་བྱ་སྤྱོད་སྤེལ་བ།

          ལྔ་བ།  ཆེད་མངགས་རིན་གཅོད་དང་འགྲེམ་འཚོང་བྱེད་པའི་བྱ་འགུལ་ཁྲོད་དུ་སྒེར་ཕན་རྫུན་བཟོ་བྱེད་པ་དང་། འབྲེལ་ཡོད་མི་སྣའི་བར་དུ་ལྐོག་ཇུས་ངན་སེམས་བཅངས་ནས་རྫུན་བཟོ་བ། སྒྲིག་འགལ་བྱ་སྤྱོད་སྤེལ་བ་སོགས།

          དྲུག་པ།  དོ་བདག་དང་ཁྲིམས་རྩོད་པ། དམིགས་བསལ་འབྲེལ་བ་ཅན། མཚམས་སྦྲེལ་མི་སྣ་སོགས་ཀྱི་བར་ལ་ཚུལ་མིན་འབྲེལ་བ་འཛུགས་པ།

          གཏན་འབེབས་འདིའི་ཁྲོད་དུ། བཀའ་ཁྱབ་གསལ་པོས་ཁྲིམས་འཛིན་མི་སྣའི་འབྲེལ་འདྲིས་བྱ་སྤྱོད་རིགས ༦ གཏན་འགོག་བྱས་ཡོད་པ་དང་། ཞིབ་དཔྱོད་ཁང་གིས་སྒྲིག་འགལ་བྱ་སྤྱོད་གྱི་ཐག་གཅོད་ཇེ་བཙན་དུ་གཏོང་དགོས་ཞེས་བཀོད་ཡོད།


  ཁ་བྱང་ཕྱི་མོ། པུའུ་ལྔ་ཡིས་མཉམ་འབྲེལ་ཡིག་ཆ་སྤེལ་ཏེ་ཁྲིམས་འཛིན་མི་སྣའི་འབྲེལ་འདྲིས་བྱ་སྤྱོད་རིགས ༦ གཏན་འགོག་བྱས།