ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་ཐད་ཀྱི་རྩ་བའི་སྲིད་ཇུས།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ།
          ཀྲུང་གོ་ནི་མི་རིགས་དང་།སྐད་རིགས།ཡིག་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ།གྲངས་ཉུང་མི་རིགས་55་ཡི་ཁྲོད་དུ་ཁ་ཆེའི་རིགས་ཀྱིས་སྔར་ནས་རྒྱའི་སྐད་ཡིག་སྤྱོད་པ་དང་མན་ཇུའི་རིགས་ཀྱིས་ད་ལྟ་རྒྱ་ཡིག་སྤྱོད་པ་ཕུད།མི་རིགས་གཞན་པ53ཚང་མར་རང་གི་སྐད་རིགས་ཡོད།བཅིངས་འགྲོལ་མ་བཏང་སྔོན་ལ་མི་རིགས21ལ་རང་གི་ཡི་གེ་ཡོད།

          ཀྲུང་གོ་གསར་བ་དབུ་བརྙེས་རྗེས།ཀྲུང་གོ་སྲིད་གཞུང་གིས་མི་སྟོང་ལྷག་ལ་ཉེ་བའི་སྐད་བརྡའི་བརྟག་དཔྱད་ཚོགས་པ་ཞིག་བཙུགས་ཏེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས16ཏུ་གཞི་རྒྱ་ཆེ་བའི་སྒོ་ནས་གྲངས་ཉུང་མི་རིགས་སྐད་ཡིག་ལ་བརྟག་དཔྱད་བྱེད་པའི་ལས་ཀ་སྤེལ་ཞིང་།གྲངས་ཉུང་མི་རིགས་སོ་སོའི་སྐད་ཡིག་གི་རྩ་བའི་གནས་ཚུལ་ལ་རྒྱས་ལོན་ཐུབ་པ་བྱུང་།རྨང་གཞི་འདིའི་སྟེང་དུ།དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་མི་རིགས་འདྲ་མཉམ་དངོས་མཚོན་ཐུབ་པའི་གྲངས་ཉུང་མི་རིགས་སྐད་ཡིག་གི་སྲིད་ཇུས་གཏན་ལ་ཕབ་ཡོད་དེ།གཙོ་བོ་གཤམ་གྱི་ཕྱོགས་འདི་དག་ཡིན།

          (1) གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་དབང་ཆར་ཁག་ཐེག་བྱེད་པ།<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་>>ཀྱི་ཚན་པ་4་བའི་ནང་དུ།"མི་རིགས་ཚང་མར་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གཏོང་བའི་དབང་ཆ་ཡོད།"ཅེས་གཏན་ལ་ཕབ་ཡོད་ཅིང་།ཚན་པ་10པར།"མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་རང་གི་ས་གནས་ཀྱི་གྲངས་ཉུང་མི་རིགས་ཚང་མས་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་དབར་ཆར་ཁག་ཐེག་བྱེད་དགོས་"ཞེས་གཏན་ལ་ཕབ་ཡོད།མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་ཁ་ཤས་ཀྱིས་ཀྱང་དེ་འབྲེལ་གྱི་གྲངས་ཉུང་མི་རིགས་སྐད་ཡིག་གི་ས་གནས་རང་བཞིན་གྱི་ཆེད་བཞག་སྒྲིག་སྲོལ་གཏན་ལ་ཕབ།དཔེར་ན་བོད་རང་སྐྱོང་ལྗོངས་ཀྱིས་1988ལོར་<<བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད།དར་སྤེལ་གཏོང་བའི་གཏན་སྲོལ་དགའ།(ཚོད་ལྟ)>>དཔར་འགྲེམ་བྱས་པ་དང་།ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱིས་1993ལོར་<<ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྐད་ཡིག་བྱ་བའི་སྒྲིག་སྲོལ་>>གཏན་ལ་ཕབ།ནང་སོག་དང་ཡུན་ནན་སོགས་ཞིང་ཆེན་དང་ཁུལ་གྱིས་ཀྱང་འདིའི་རིགས་ཀྱི་སྒྲིག་སྲོལ་གཏན་ལ་ཕབ།མིག་སྔར།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་།རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་སོགས་རྒྱལ་ཁབ་ཀྱི་ཚོགས་འདུ་གལ་ཆེན་ཚང་མས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚོགས་འདུའི་སྤྱོད་ཡིག་ཏུ་བཞག་ཡོད། འབྲེལ་ཡོད་གཏན་སྲོལ་ལྟར་དུ། གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་དུ་གྲངས་ཉུང་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་མཉམ་སྤྱོད་ཐུབ་པ་དང་།རིགས་སོ་སོའི་མི་དམངས་ཀྱིས་ཉིན་རྒྱུན་གྱི་འཚོ་བ་དང་ངལ་རྩོལ་ཐོན་སྐྱེད།འཕྲིན་གྱི་འབྲེལ་འདྲིས་སོགས་སྤྱི་ཚོགས་ཀྱི་འབྲེལ་བའི་ནང་དུ་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པར་བརྩི་བཀུར་དང་ཁྲིམས་ལུགས་ཀྱི་ཁག་ཐེག་ཡོད།

          (2) མི་རིགས་རང་སྐྱོང་སྡེ་ཁག་གིས་ལས་འགན་ལག་བསྟར་བྱེད་དུས་ཁྲིམས་ལྟར་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པ།མི་རིགས་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་ལས་འགན་ལག་བསྟར་བྱེད་དུས་རང་གི་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྒྲིག་སྲོལ་གྱི་གཏན་འབེབས་ལྟར་དུ་ས་གནས་དེའི་སྤྱི་སྤྱོད་ཀྱི་སྐད་རིགས་གཅིག་གམ་སྐད་རིགས་འགའ་བཀོལ་སྤྱོད་བྱེད་པ།མི་རིགས་རང་སྐྱོང་སྡེ་ཁག་གིས་སྐད་རིགས་གཅིག་གམ་འགའ་བཀོལ་སྤྱོད་བྱེད་དུས་མངའ་ཁོངས་རང་སྐྱོང་བྱེད་བཞིན་པའི་མི་རིགས་ཀྱི་སྐད་ཡིག་གཙོ་བོ་བྱས་ཆོག རང་སྐྱོང་ལྗོངས་དང་།རང་སྐྱོང་ཁུལ།རང་སྐྱོང་རྫོང་གིས་འདེམ་བསྐོའི་ཡིག་ཆ་དང་།འདེམ་མིའི་མིང་ཐོ།འདེམ་མིའི་དཔང་རྟགས།གདམ་སྒུག་འཐུས་མིའི་མིང་ཐོ།འཐུས་མིའི་བདམས་དཔང་།འདེམ་བསྐོ་ཨུ་ཡོན་ལྷན་ཚོགས་ཀྱི་ཐམ་ཀ་སོགས་གཏན་འབེབས་དང་སྤྱི་སྒྲོག་བྱེད་དུས་ས་གནས་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་རྒྱལ་ཁབ་སྡེ་ཁག་སོ་སོ་དང་།མི་དམངས་ཚོགས་པ།ཁེ་ལས་ལས་ཁུངས།ལས་རིགས་ལས་ཁུངས་ཀྱིས་ཡིག་ཆ་དང་ཐམ་ཀ དཔང་རྟགས། བྱང་བུ། ཚོང་རྟགས་སོགས་ཀྱི་སྟེང་དུ་ས་གནས་སུ་སྤྱི་སྤྱོད་བྱེད་པའི་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་བཀོལ་སྤྱོད་བྱེད་པ།

          (3) འབྲེལ་ཡོད་སློབ་གྲྭས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱེད་པའམ་སྐད་གཉིས་སློབ་ཁྲིད་བྱེད་པ།གྲངས་ཉུང་མི་རིགས་ཀྱི་སློབ་མ་གཙོ་བོ་བསྡུ་ལེན་བྱེད་པའི་སློབ་གྲྭ་ཆ་རྐྱེན་འཛོམས་པ་དག་གིས་གྲངས་ཉུང་མི་རིགས་སྐད་ཡིག་གི་བསླབ་གཞི་སྤྱོད་འོས་པ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཀྱིས་སློབ་ཁྲིད་བྱེད་པ།སློབ་ཆུང་གི་ལོ་རིམ་མཐོན་པོའམ་སློབ་འབྲིང་དུ་རྒྱའི་སྐད་ཡིག་གི་སློབ་ཐུན་བཀོལ་སྒྲིག་བྱས་ཏེ་རྒྱལ་ཡོངས་སྤྱི་སྤྱོད་ཀྱི་གཅིག་གྱུར་སྐད་ཁྱབ་བརྡལ་ལ་གཏོང་བ།

          (4) མི་རིགས་སོ་སོས་ཕན་ཚུན་གྱི་སྐད་ལ་སློབ་སྦྱོང་བྱེད་པར་སྐུལ་མ་བྱེད་པ། མི་རིགས་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་རིགས་སོ་སོའི་ལས་བྱེད་པས་ཕན་ཚུན་གྱི་སྐད་ལ་སློབ་སྦྱོང་བྱེད་པར་སྐུལ་མ་དང་སློབ་གསོ་གཏོང་བ།རྒྱ་རིགས་ལས་བྱེད་པས་ས་གནས་དེའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས་ལ།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་མཉམ་དུ་རྒྱང་ཡོངས་སྤྱི་སྤྱོད་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་ལ་སློབ་སྦྱོབ་བྱེད་དགོས།མི་རིགས་རང་སྐྱོང་ས་ཁུལ་གྱི་རྒྱལ་ཁབ་ལས་བྱེད་མི་སྣ་ས་གནས་སྤྱི་སྤྱོད་ཀྱི་སྐད་ཡིག་རིགས་གཉིས་ཡན་ལ་བྱང་ཆ་ཡོད་པ་ལ་བྱ་དགའ་སྟེར་བ།

          (5) གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གཏོང་བར་རོགས་རམ་དང་ཆ་རྐྱེན་སྐྲུན་པ།

          (6) ཤུགས་ཆེན་པོས་མི་རིགས་སྐད་ཡིག་གི་ལས་བྱེད་མི་སྣ་གསོ་སྐྱོང་བྱེད་པ།སྲིད་གཞུང་གིས་སྔ་གཞུག་ཏུ་ཀྲུང་དབྱང་དང་མི་རིགས་ས་ཁུལ་དུ་གྲངས་ཉུང་མི་རིགས་སྐད་ཡིག་གི་བྱ་བའི་ལས་ཁུངས་དང་ཞིབ་འཇུག་ལས་ཁུངས་བཙུགས།ཀྲུང་དབྱང་མི་རིགས་སློབ་ཆེན་དང་མི་རིགས་སློབ་གླིང་འགའ།འབྲེལ་ཡོད་སྐད་ཚན་མཐོ་རིམ་སློབ་གྲྭ་རུ་གྲངས་ཉུང་མི་རིགས་སྐད་ཡིག་གི་སྡེ་ཁག་བཙུགས་པའམ།གྲངས་ཉུང་མི་རིགས་སྐད་རིགས་མང་པོའི་ཆེད་ལས་བཙུགས་ཏེ་གྲངས་ཉུང་མི་རིགས་སྐད་ཡིག་གི་བྱ་བ་སྒྲུབ་པའི་ལས་བྱེད་མི་སྣ་དང་ཞིབ་འཇུག་པ་མང་པོ་གསོ་སྐྱོང་བྱས། །