ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམས་བྱས།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ།
          ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》(གཤམ་དུ་བསྡུས་མིང་《སྲོལ་ཡིག་》ཅེས་བརྗོད་རྒྱུ་)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དེ་གཞིར་བཟུང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

          བརྡ་ཐོའི་ནང་2003ལོའི་ཟླ་བཅུ་གཉིས་པར་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》དེས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་སྲུང་སྐྱོང་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་དུས་བབ་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སྲོལ་ཡིག་དེས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལག་ལེན་དངོས་ཀྱི་དགོས་མཁོ་གསར་པ་ཡོངས་སུ་སྐོང་མི་ཐུབ་སྟབས་ཏང་ཀྲུང་དབྱང་གིས་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་འཁོད་ཡོད།

          བརྡ་ཐོའི་ནང་《སྲོལ་ཡིག་》དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་པའི་དགོངས་དོན་ལག་བསྟར་དང་། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་ཏང་སྐྱོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བླང་བྱར་བསྟུན་ནས་དགག་ཆ་གསལ་ཐོ་བཏོན་པ་དེ་སྒྲིག་ཁྲིམས་བཟོ་རྒྱུ་གལ་ཆེར་བཟུང་བ་ཞིག་ཡིན། དེས་ཏང་གི་སྒྲིག་ཡིག་ནང་གི་གཏན་འབེབས་ཞིབ་ཕྲ་ཅན་དུ་གྱུར་པ་དང་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་བྱེད་མི་ཆོག་པའི་མཐའ་ཚད་བཏོན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བླང་བྱ་ལག་བསྟར་བྱ་རྒྱུའི་ཐད་སྒྲིག་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་ཞུས་ནས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་གི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ཐུབ་པའི་འགན་ལེན་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་ཡོད།

          བརྡ་ཐོའི་ནང་རིམ་ཁག་ཏང་ཨུད་(ཏང་རྩ་འཛུགས་)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་གྲུབ་ཆ་གཙོ་བོའི་འགན་འཁྲི་ཡག་པོ་འཁུར་བ་དང་དོན་འཁྱོལ་བྱས་ཏེ་ཏང་གི་བྱ་གཞག་དང་ཏང་ཡོན་ལས་བྱེད་པར་ཚད་མཐོའི་འགན་འཁུར་བའི་བསམ་བློའི་ཐོག་ནས་《སྲོལ་ཡིག་》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་དེ་ཏང་ཡོན་ཡོངས་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སེམས་སུ་ཟུག་པ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་རྒྱུ་དེ་དུས་ནམ་ཡང་གནས་བབ་ཨང་དང་པོར་འཇོག་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་བརྒྱུད་སྒྲིག་ཁྲིམས་གཞན་དག་ནན་དུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས། རིམ་ཁག་སྒྲིག་ཨུད་(སྒྲིག་བཤེར་ཚོགས་ཆུང་)ཀྱིས་ལྟ་སྐུལ་དང་། འགན་འཁྲི་བདའ་འདེད། སྒྲིག་ཁྲིམས་སྐྱོང་བ་བཅས་ཀྱི་ལས་འགན་ནན་ཏན་ངང་འཁུར་ནས་《སྲོལ་ཡིག་》ལས་འགལ་བའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ཐོག་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཚོལ་ཞིབ་བྱེད་པ་དང་འཛུགས་དགོས། ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ་བཅས་ཐད་ཀྱི་འདུ་ཤེས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ་འགན་འཁྲི་ཁུར་ཕོད་པ་དང་། ཨུ་ཚུགས་རྒྱག་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ་བཅས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ་བཅས་ཐད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། སྒྲིག་ཁྲིམས་ཀྱི"མཐའ་ཚད"སྲུང་བ་བཅས་བྱས་ནས་རང་འགུལ་ངང་སྒྲིག་ཁྲིམས་དང་སྒྲིག་ལམ་སྲུང་བའི་མིག་དཔེ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

          བརྡ་ཐོའི་ནང་རིམ་ཁག་ཏང་ཨུད་(ཏང་ཙུའུ་)དང་སྒྲིག་ཨུད་(སྒྲིག་བཤེར་ཚོགས་ཆུང་)ཀྱིས་དུས་བསྟུན་ངང་《སྲོལ་ཡིག་》ལག་ལེན་བསྟར་ཚུལ་ཐད་ཆེད་དོན་ཞིབ་བཤེར་བྱས་ནས་གཏན་བེབས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ་བསྡུས་མིང་《སྲོལ་ཡིག་》ཅེས་བརྗོད་རྒྱུ་)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དེ་གཞིར་བཟུང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

          བརྡ་ཐོའི་ནང་2003ལོའི་ཟླ་བཅུ་གཉིས་པར་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དེས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་སྲུང་སྐྱོང་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་དུས་བབ་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སྲོལ་ཡིག་དེས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལག་ལེན་དངོས་ཀྱི་དགོས་མཁོ་གསར་པ་ཡོངས་སུ་སྐོང་མི་ཐུབ་སྟབས་ཏང་ཀྲུང་དབྱང་གིས་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་འཁོད་ཡོད།

          བརྡ་ཐོའི་ནང་《སྲོལ་ཡིག་》དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་པའི་དགོངས་དོན་ལག་བསྟར་དང་། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་ཏང་སྐྱོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བླང་བྱར་བསྟུན་ནས་དགག་ཆ་གསལ་ཐོ་བཏོན་པ་དེ་སྒྲིག་ཁྲིམས་བཟོ་རྒྱུ་གལ་ཆེར་བཟུང་བ་ཞིག་ཡིན། དེས་ཏང་གི་སྒྲིག་ཡིག་ནང་གི་གཏན་འབེབས་ཞིབ་ཕྲ་ཅན་དུ་གྱུར་པ་དང་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་བྱེད་མི་ཆོག་པའི་མཐའ་ཚད་བཏོན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བླང་བྱ་ལག་བསྟར་བྱ་རྒྱུའི་ཐད་སྒྲིག་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་ཞུས་ནས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་གི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ཐུབ་པའི་འགན་ལེན་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་ཡོད།

          བརྡ་ཐོའི་ནང་རིམ་ཁག་ཏང་ཨུད(ཏང་རྩ་འཛུགས)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་གྲུབ་ཆ་གཙོ་བོའི་འགན་འཁྲི་ཡག་པོ་འཁུར་བ་དང་དོན་འཁྱོལ་བྱས་ཏེ་ཏང་གི་བྱ་གཞག་དང་ཏང་ཡོན་ལས་བྱེད་པར་ཚད་མཐོའི་འགན་འཁུར་བའི་བསམ་བློའི་ཐོག་ནས་《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་དེ་ཏང་ཡོན་ཡོངས་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སེམས་སུ་ཟུག་པ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་རྒྱུ་དེ་དུས་ནམ་ཡང་གནས་བབ་ཨང་དང་པོར་འཇོག་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་བརྒྱུད་སྒྲིག་ཁྲིམས་གཞན་དག་ནན་དུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས། རིམ་ཁག་སྒྲིག་ཨུད་(སྒྲིག་བཤེར་ཚོགས་ཆུང)ཀྱིས་ལྟ་སྐུལ་དང་། འགན་འཁྲི་བདའ་འདེད། སྒྲིག་ཁྲིམས་སྐྱོང་བ་བཅས་ཀྱི་ལས་འགན་ནན་ཏན་ངང་འཁུར་ནས་《སྲོལ་ཡིག་》ལས་འགལ་བའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ཐོག་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཚོལ་ཞིབ་བྱེད་པ་དང་འཛུགས་དགོས། ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ་བཅས་ཐད་ཀྱི་འདུ་ཤེས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ་འགན་འཁྲི་ཁུར་ཕོད་པ་དང་། ཨུ་ཚུགས་རྒྱག་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ་བཅས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ་བཅས་ཐད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། སྒྲིག་ཁྲིམས་ཀྱི"མཐའ་ཚད"སྲུང་བ་བཅས་བྱས་ནས་རང་འགུལ་ངང་སྒྲིག་ཁྲིམས་དང་སྒྲིག་ལམ་སྲུང་བའི་མིག་དཔེ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

          བརྡ་ཐོའི་ནང་རིམ་ཁག་ཏང་ཨུད་(ཏང་ཙུའུ་)དང་སྒྲིག་ཨུད་(སྒྲིག་བཤེར་ཚོགས་ཆུང་)ཀྱིས་དུས་བསྟུན་ངང 《སྲོལ་ཡིག 》ལག་ལེན་བསྟར་ཚུལ་ཐད་ཆེད་དོན་ཞིབ་བཤེར་བྱས་ནས་གཏན་འབེབས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།