ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་བརྗོད་ཚུལ་གསར་པ་དང་བྱ་ཐབས་གསར་པ།

སྤེལ་དུས 2018-01-02 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། ཆོས་སྒྲོན།
          ལེ་ཚན་གཏོད་པའི་གཏམ།
          ཚོགས་ཆེན་བཅུ་དགུ་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ལེན་པའི་བརྗིད་ཆེའི་དམིགས་ཚད་བཀོད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་བཅས་རེད།
          མིག་སྔར་ང་ཚོའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ལས་འགན་ཁག་གི་ཐོག་གཅིག་སྒྲིལ་བྱ་རྒྱུ་དེ་རེད།
          དེ་རིང་ནས་བཟུང་རེས་གཟའ་ལྷག་པ་དང་པ་སངས་ཀྱི་པར་ངོས་ལྔ་པའི་ཐོག“ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བསྡུས་གསལ་མེ་ལོང”ཞེས་པའི་ལེ་ཚན་གཏོད་རྒྱུ་ཡིན་པས། དོ་ཁུར་ཡོད་པ་ཞུ།
          1.ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་པའི་རྩ་བའི་སྒུལ་ཤུགས་ཤིག་ཡིན་ཞེས་བཏོན་ཡོད།
          2.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ།
          འདི་ནི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཅད་པའི་བརྡར་ཤ་གལ་ཆེན་ཞིག་ཡིན། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པར་རིམ་པ་གསུམ་གྱི་དོན་སྙིང་དང་ཕྱོགས་ལྔ་ཡི་ངེས་གནས་ལྡན་པ་རྒྱས་བཤད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བསྟུན་ནས་རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླར་ཡང་འགྱུར་ལྡོག་བྱུང་ཡོད།
          3.རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ།
          “མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ”ནས“མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར”གྱུར་ཡོད།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་ཕྱིན་པ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན་མོད། འོན་ཀྱང་ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་གནས་པའི་ལོ་རྒྱུས་ཀྱི་དུས་མཚམས་ལ་བརྡར་ཤ་བཅད་པར་འགྱུར་ལྡོག་བྱུང་མེད། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་སྔར་བཞིན་གནས་པ་དང་ཡུན་རིང་གནས་རྒྱུ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད། རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་གནས་བབ་ལའང་འགྱུར་ལྡོག་བྱུང་མེད་ཅེས་བསྟན་ཡོད།
          4.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། གང་འདྲ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་དམིགས་ནས་རང་རེའི་ཏང་གིས་དཀའ་ཚེགས་ཆེན་པོས་རིགས་པའི་གཞུང་ལུགས་ཀྱི་འཚོལ་ཞིབ་བྱས་པ་བརྒྱུད་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་ཡོད་ཅེས་བཏོན་ཡོད།
          དགོངས་པ་འདི་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་རེད་ལ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་དང་། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན།
          5.དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་ཆེ་མོ་བཅུ་བཞི་བཏོན་ཡོད་པ་དང་། དེའི་ནང་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་གཏོང་བྱེད་རྒྱུ་མཐའ་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བཅས་ཚུད་ཡོད།
          6.ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
          དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་བཅུ་བཞིའི་ནང་ཨང་དང་པོར་བཞག་པ་ནི་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དེ་ཡིན། སྙན་སྒྲོན་ནང“ཏང་སྲིད་དམག་དམངས་སློབ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཏང་ནི་ཚང་མར་འགོ་ཁྲིད་བྱེད་མཁན་ཞིག་ཡིན”ཞེས་བསྐྱར་བཤད་བྱས་ཡོད།
          7.“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་དུས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཚོགས་ཆེན་བཅུ་དགུ་པ་ནས་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་དུས་ཤིག་རེད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་དགོས་ལ། དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་བཙུགས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་ཕྱོགས་སུ་སྐྱོད་དགོས་ཞེས་བཏོན་ཡོད།
          8.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུས་མཚམས་གཉིས་ལ་ཕྱེ་ནས་བཀོད་སྒྲིག་བྱས་ན་ཆོག་ཅེས་བཏོན་ཡོད།
          དུས་མཚམས་དང་པོ་ནི2020ལོ་ནས2035ལོའི་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་སླར་ཡང་ལོ་བཅོ་ལྔ་འབད་འཐབ་བྱས་ཏེ་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ཡིན་པ་དང་།
          དུས་མཚམས་གཉིས་པ་ནི2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རྩ་བའི་ཆ་ནས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་པའི་རྨང་གཞིའི་ཐོག་སླར་ཡང་ལོ་བཅོ་ལྔ་འབད་འཐབ་བྱས་ཏེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་རྒྱུ་དེ་རེད།
          9.འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས”ཞེས་བཏོན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འབད་འཐབ་དམིགས་ཚད་དེ“འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན”བཅས་ནས“འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག”བཅས་བར་སྔར་བས་རྒྱ་ཆེར་བཏང་ཡོད། དེའི་ནང“མཛེས་སྡུག”ཅེས་པ་ཁ་སྣོན་བརྒྱབ་ཡོད་པས། དཔལ་འབྱོར་དང་། ཆབ་སྲིད། ཤེས་དཔལ། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་ཚད་དེ་བས་ལེགས་པའི་ངང་སྦྲེལ་མཐུད་ཐུབ་ཡོད།
          10.བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ་བཅས་བྱེད་པའི་ཐད་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་བ་བྱས་ཏེ་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ནང་མི་དམངས་ཡོངས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
          “དེ་བས་ལེགས་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་གནས་སྡོད་ཆ་རྐྱེན། དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག དེ་བས་ཕུན་སུམ་ཚོགས་པའི་བསམ་པ་དང་རིག་གནས་ཀྱི་འཚོ་བ་རེ་སྒུག་བྱེད་པའི”ཐད་ཚིག་ཉུང་དོན་གསལ་གྱི་སྒོ་ནས་ཞིབ་གླེང་བྱས་ཡོད།
          11.དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་དགོས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་རྒྱལ་གྱི་དཔལ་འབྱོར་དེ་མགྱོགས་མྱུར་འཕར་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་གྱུར་ཞིང་། འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྒྱུར་བྱེད་པ་བཅས་ཀྱི་འགག་སྒྲོལ་དུས་མཚམས་སུ་གནས་ཡོད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་འགག་སྒོ་སྒྲོལ་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་ཚད་ཅིག་ཡིན་ཞེས་བསྟན་ཡོད།
          12.གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་བཏོན་པ་དང་འབྲེལ་ཚན་རྩལ་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས། རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་འཐབ་ཇུས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཅས་དང་མཉམ་དུ་འཇོག་དགོས་པ་བཏོན་ཡོད།
          13.རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ལ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་དེ་བས་ཆེ་བ་སྤྲད་དེ་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས་ཞེས་བཏོན་ཡོད།
          14.ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་ཚོགས་ཆུང་འཛུགས་དགོས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཁྲིམས་སྐྱོང་ཀྲུང་གོ་སྐྲུན་པའི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།
          15.རྩ་ཁྲིམས་དང་མཐུན་མིན་རང་བཞིན་ལ་ཞིབ་བཤེར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རྩ་ཁྲིམས་ལག་བསྟར་དང་དེར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩ་ཁྲིམས་དང་མཐུན་མིན་རང་བཞིན་ལ་ཞིབ་བཤེར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས་ཞེས་བཏོན་ཡོད།
          16.ཏང་སྲིད་ལས་ཁུངས་ཟླ་སྒྲིལ་བཏང་ནས་འཛུགས་པའམ་ཡང་ན་ལས་ཁུངས་མཉམ་རུབ་ཀྱིས་གཞུང་དོན་སྒྲུབ་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྒྲིག་གཞི་དང་སྲིད་འཛིན་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ཞིང་ཆེན་རིམ་པ་མན་གྱི་སྲིད་གཞུང་ལ་རང་ཐག་རང་གཅོད་ཀྱི་དབང་ཆ་དེ་བས་མང་བ་སྤྲོད་དགོས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་སུ་འགན་ནུས་འདྲ་མཚུངས་ཡིན་པའི་ཏང་སྲིད་ལས་ཁུངས་ཟླ་སྒྲིལ་བཏང་ནས་འཛུགས་པའམ་ཡང་ན་ལས་ཁུངས་མཉམ་རུབ་ཀྱི་གཞུང་དོན་སྒྲུབ་སྟངས་འཚོལ་ཞིབ་བྱེད་དགོས་ཞེས་བཏོན་ཡོད།
          17.ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་དམ་པོ་སྒྲིལ་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
          18.དྲ་རྒྱའི་ཕྱོགས་བསྡུས་བཅོས་སྒྲིག་མ་ལག་སྐྲུན་དགོས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དྲ་སྦྲེལ་ནང་དོན་འཛུགས་སྐྲུན་ལ་ཤུགས་སྣོན་དང་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྒྲིག་མ་ལག་བཙུགས་ཏེ་ཁམས་གཙང་བའི་དྲ་རྒྱའི་བར་མཐོངས་གཏོད་དགོས་ཞེས་བཏོན་ཡོད།
          19.ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་དགོས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མི་རྣམས་ལ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་དགོས་པའི་ཁྲིད་སྟོན་བྱེད་དགོས་ཞེས་བཏོན་ཡོད།
          20.སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་བརྩི་རང་བཀུར་དང་། རང་གཅུན་ཞི་ལྷོད། ཧུར་བརྩོན་ཡར་སྐྱེད་བཅས་ཀྱི་སྤྱི་ཚོགས་ཀྱི་བསམ་པའི་འཁྱེར་སོ་སྐྱེད་སྲིང་བྱེད་དགོས་ཞེས་བཏོན་ཡོད།
          21.སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ལོ་ངོ་སྟོང་གི་ཇུས་ཆེན་ཡིན།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་རྒྱུན་འཁྱོངས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ལོ་སྟོང་གི་ཇུས་ཆེན་ཡིན་ཞེས་བཏོན་ཡོད།
          22.རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་རང་བྱུང་སྣོད་བཅུད་ཀྱི་ལྟ་སྡོམ་སྒྲིག་གཞི་འཛུགས་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་འཆར་འགོད་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་རང་བྱུང་སྣོད་བཅུད་ཀྱི་ལྟ་སྡོམ་སྒྲིག་གཞི་འཛུགས་དགོས་ཞེས་བཏོན་ཡོད།
          23.དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཁྲོད་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱེད་དགོས་ཞེས་བཏོན་ཡོད། དེ་སྔ“དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ”ཞེས་བརྗོད་ཀྱི་ཡོད། དེ་སྔ“དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད”ཅེས་བརྗོད་པ་དེའང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད”ཅེས་སུ་བསྒྱུར་ཡོད།
          24.དམག་ཞབས་འཐིམས་པའི་དམག་མིའི་དོ་དམ་འགན་སྲུང་སྒྲིག་གཞི་འཛུགས་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དམག་ཞབས་འཐིམས་པའི་དམག་མིའི་དོ་དམ་འགན་སྲུང་སྒྲིག་གཞི་བཙུགས་ཏེ་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་དམག་མི་སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་ཞུ་བའི་ལས་རིགས་སུ་འགྱུར་བར་བྱེད་དགོས་ཞེས་བཏོན་ཡོད།
          25.ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། དེ་སྔ“མཉམ་ལས་གཉིས་ཕན་ལྟེ་བར་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ”ཞེས་བརྗོད་ཀྱི་ཡོད།
          26.ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས་ཞེས་བཏོན་ཡོད། དེ་སྔའི་བརྗོད་སྟངས་ནི“ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”ཞེས་པ་དེ་རེད།
          27.དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་བཏོན་ཡོད།
          སྤྱིའི་བླང་བྱ་དེ་ནི། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པ་དང་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་ཡུན་རིང་སྲིད་སྐྱོང་བའི་ཏང་གི་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ། ཕུགས་བསམ་དད་སེམས་དམིགས་ཡུལ་གསུམ་བརྟན་དུ་གཏོང་བ་གཞི་རྩར་འཛིན་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་ཤུགས་རྒྱག་སར་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ལམ་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་པ་འདི་རེད།
          28.ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས།
          དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། “ཕྱོགས་ཡོངས”ཞེས་པའི་ཡིག་འབྲུ་གཉིས་ལས་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་པ་མཚོན་ཡོད།
          29.ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་དགོས།
          དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་སྔ“ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་དགོས”ཞེས་བརྗོད་ཀྱི་ཡོད།
          30.ཡུན་རིང་སྲིད་སྐྱོང་བའི་ཏང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཡུན་རིང་སྲིད་སྐྱོང་བའི་ནུས་པ་འཛུགས་སྐྱོང་གི་བརྗོད་གཞི་བཏོན་ཡོད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་ཡུན་རིང་སྲིད་སྐྱོང་བའི་ཏང་གི་ནུས་པ་འཛུགས་སྐྱོང་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          31.ཕྱོགས་ཁག་རིང་ལུགས་དང་། འཁོར་རྒྱའི་རིག་གནས། གྲུ་ཁའི་རིག་གནས་བཅས་བཀག་འགོག་དང་ངོ་རྒོལ་བྱེད་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་དོན་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གཅེས་རིང་ལུགས། མི་བཟང་རིང་ལུགས་བཅས་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཕྱོགས་ཁག་རིང་ལུགས་དང་། འཁོར་རྒྱའི་རིག་གནས། གྲུ་ཁའི་རིག་གནས་བཅས་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཏོན་ཡོད། འཁོར་རྒྱའི་རིག་གནས་དང་གྲུ་ཁའི་རིག་གནས་ཞེས་པ་དེ་སྔ་བརྗོད་དཀོན་པོ་ཡིན། 
          32.“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བྱས་ནས་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་དགོས་ཞེས་བཏོན་ཡོད།
          33.ལས་བྱེད་པར་དོ་དམ་བྱེད་དབང་ཡོད་པའི་ཏང་ཙུའུ་ལ་དེ་མཚུངས་ཀྱི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའི་དབང་ཚད་སྤྲོད་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ལས་བྱེད་པར་དོ་དམ་བྱེད་དབང་ཡོད་པའི་ཏང་ཙུའུ་ལ་དེ་མཚུངས་ཀྱི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའི་དབང་ཚད་སྤྲད་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
          34.རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས།
          འདས་ཟིན་པའི་ལོ་ལྔའི་རིང་གི“རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་གྲུབ་པ་མ་ཟད། བརྟན་གཏོང་འཕེལ་རྒྱས་བྱུང་བའི”རྨང་གཞིའི་ཐོག་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས་པ”བཏོན་ཡོད། རྣམ་གནོན་རང་བཞིན་གྱི་རྣམ་པ་ནས་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པའི་བར་འཕོ་འགྱུར་བྱུང་བ་ལས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཏན་ཏན་ཏིག་ཏིག་གིས་གཞོལ་བ་དང་འཐབ་རྩོད་རྒྱག་མཁས་ཚུལ་མངོན་ཡོད། སྙན་སྒྲོན་ནང“རྣམ་གནོན་རང་བཞིན་གྱི་རྣམ་པ་བརྟན་དུ་གཏོང་བ་དང་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པའི་ཆོད་སེམས་རྡོ་རྗེ་བྲག་ལྟར་བརྟན་པོ་ཡོང་བ་བྱེད་དགོས”ཞེས་བསྒྲགས་ཡོད་པ་རེད།
          35.སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ལ་ཁྱབ་པའི་ཐེར་འདོན་གོང་ཞུའི་ལས་སྟེགས་སྐྲུན་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་པར་སྐུལ་འདེད་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ལ་ཁྱབ་པའི་ཐེར་འདོན་གོང་ཞུའི་ལས་སྟེགས་བསྐྲུན་དགོས་ཞེས་བཏོན་ཡོད།
          36. རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། རུལ་སུངས་བྱེད་མི་ཐུབ་པའི་རླུང་ཙིའི་ཚགས་སྔར་བས་དམ་དུ་གཏོང་དགོས། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཆེ་རུ་གཏོང་དགོས།
          “རུལ་སུངས་བྱེད་མི་ཕོད་པའི་དམིགས་ཚད་རགས་ཙམ་གྲུབ་པ་དང་། རུལ་སུངས་བྱེད་མི་ཐུབ་པའི་རླུང་ཙིའི་ཚགས་སྔར་བས་དམ་དུ་གཏོང་བ། རུལ་སུངས་བྱེད་མི་འདོད་པའི་འགོག་རགས་སྐྲུན་བཞིན་པའི”རྨང་གཞིའི་ཐོག་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། རུལ་སུངས་བྱེད་མི་ཐུབ་པའི་རླུང་ཙིའི་ཚགས་སྔར་བས་དམ་དུ་གཏོང་དགོས། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཆེ་རུ་གཏོང་དགོས”ཞེས་བཏོན་ཡོད།
          37.བཀག་སྐྱིལ་གྱིས“གཏན་འཁེལ་གཉིས”ཀྱི་བྱེད་ཐབས་ཀྱི་ཚབ་བྱེད་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་བཟོས་ནས་ཁྲིམས་ལྟར་ལྟ་ཞིབ་ཨུ་ལྷན་ལ་འགན་འཁྲིའི་དབང་ཚད་དང་བརྟག་དཔྱད་བྱེད་ཐབས་བཟོས་སྟེ། བཀག་སྐྱིལ་གྱིས“གཏན་འཁེལ་གཉིས”ཀྱི་བྱེད་ཐབས་ཀྱི་ཚབ་བྱེད་དགོས་ཞེས་བཏོན་ཡོད།
          38.ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དགོས་ལ་འཇོན་ཐང་ཡང་རྩེར་སོན་པ་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་རེའི་ཏང་གིས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཡང་རྩེར་སོན་པ་ཞིག་དགོས་ཞེས་བཏོན་པ་དང་། སྙན་སྒྲོན་ནང་སློབ་སྦྱོང་གི་འཇོན་ཐང་དང་། ཆབ་སྲིད་འགོ་ཁྲིད་ཀྱི་འཇོན་ཐང་། སྒྱུར་བཅོས་གསར་གཏོད་ཀྱི་འཇོན་ཐང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་འཇོན་ཐང་། ཁྲིམས་ལྟར་སྲིད་འཛིན་པའི་འཇོན་ཐང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འཇོན་ཐང་། ཉེན་ཁར་སྟངས་འཛིན་བྱེད་པའི་འཇོན་ཐང་བཅས་ཕྱོགས་བརྒྱད་ཐད་ཀྱི་སྲིད་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
          39.དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ནུས་ཤུགས་ཡོད་རྒུས་ཡག་པོ་སྐྱོད་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་འཐབ་བྱེད་པ་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། དུས་ཚོད་ཀྱིས་མི་སྒུག་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ནུས་ཤུགས་ཡོད་རྒུས་ཡག་པོ་སྐྱོད་དགོས་ཞེས་བཏོན་ཡོད།
          40.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་འགོ་བརྗོད་དུ《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས》ཞེས་འཁོད་ཡོད།
          སྙན་སྒྲོན་གྱི་མཇུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་འབད་འཐབ་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དང་། མེས་རྒྱལ་གཅིག་གྱུར། འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་དེ་བཞིན་ཐུན་མོང་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་ལེགས་འགྲུབ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བཅས་ཀྱི་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད། །