ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཞིང་པ་ལས་མིས"འཛིན་ཡིག་བྲིས་མ"འཁྱེར་ནས་གླ་ཕོགས་དེད་ལེན་ཇི་ལྟར་བྱེད་དགོས་སམ།

སྤེལ་དུས 2018-01-03 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྙིང་ལྕགས།
           ཉེ་བའི་ལོ་ཤས་རིང་། ཞིང་པ་ལས་མིས"འཛིན་ཡིག་བྲིས་མ"འཁྱེར་ནས་གླ་ཕོགས་དེད་ལེན་བྱེད་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཟླ་12ཚེས་22ཉིན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཁོངས་ཁེ་དབང་འགན་སྲུང་སྡེ་ཁག་གི་འགན་ཁུར་པས་ཀྲུང་གོའི་གསར་འགྱུར་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས། གོང་གི་གནད་དོན་དེར་དམིགས་བསལ་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་རིང་ལའང་འབྲེལ་ཡོད་སློབ་གསོ་དྲིལ་སྒྲོག་ལ་ཤུགས་སྣོན་བརྒྱབ་ཡོད་པས། རྒྱ་ཆེའི་ཞིང་པ་ལས་མིས་ལས་ཞུགས་སམ་ལས་ཀ་གང་རུང་ཞིག་སྒྲུབ་པའི་སྐབས་སུ་ངལ་རྩོལ་གན་རྒྱ་འདི་འཇོག་པར་མཐོང་ཆེན་དང་འབྲེལ་ཡོད་བདེན་དཔང་ཉར་ཚགས་ལེགས་པོ་བྱེད་དགོས་ཞེས་བསྟན་པ་རེད།
           ཟླ་12ཚེས་22ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་2017ལོའི་དྲོད་སྐྱེལ་ལས་དོན་གྱི་གསར་འགྱུར་བརྡ་གཏོང་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཏུ་འགན་འཁུར་པ་ཁོང་གིས་ལོ་གསར་ཚེས་གཅིག་དང་དཔྱིད་གསར་དུས་ཆེན་གཉིས་ཀྱི་སྐབས། རིམ་ཁག་བཟོ་ཚོགས་ཀྱིས་ཞིང་པ་ལས་མི་ཚོའི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས་རང་འགུལ་ངང་འགན་དབང་སྲུང་རོགས་དང་ཞབས་ཞུ་མཁོ་སྤྲོད་ཧུར་ཐག་བྱས་ཏེ་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།
           འགན་ཁུར་བ་དེས་ས་གནས་ཁག་གི་བཟོ་ཚོགས་ཀྱིས་ཞིང་པ་ལས་མིའི་གླ་ཕོགས་སྤྲད་པའི་གནས་ཚུལ་ལ་ཆེད་སྤྱོད་ཞིབ་བཤེར་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྤྱི་བདེ་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ་སོགས་ཀྱི་སྡེ་ཚན་དང་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་བཟོ་ཚོགས་མ་ལག་གི་གླ་ཆ་འགྱངས་ཆད་ཀྱི་སྙན་ཞུའི་ལམ་ལུགས་ནུས་པ་འདོན་པ་དང་། ཞིང་པ་ལས་མིར་ཁྲིམས་ལུགས་ཀྱི་བློ་འདྲི་དང་ཁྲིམས་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ་ཞིང་པ་ལས་མི་ཕ་ཡུལ་ལ་མ་ལོག་གོང་ལ་གླ་ཆ་ཆད་ལུས་མེད་པར་དུས་ཐོག་ཏུ་ལེན་ཐུབ་པའི་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།
           ཞིང་པ་ལས་མིས"འཛིན་ཡིག་བྲིས་མ"འཁྱེར་ནས་གླ་ཕོགས་དེད་ལེན་གྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་དགོས་སམ་ཞེ་ན། འགན་ཁུར་བ་དེ་ཉིད་ཀྱིས་ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་དང་། ལྷག་པར་དུ་སྡོད་ཁང་འཛུགས་སྐྲུན་དང་ཆུ་བེད་འཛུགས་སྐྲུན། འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཕྱོགས་ནི་གཙོ་གནད་ཡིན་པས། ང་ཚོས་ཕྱོགས་གཅིག་ནས་བཟོ་ཚོགས་རྩ་འཛུགས་ཀྱིས་ཞིང་པ་ལས་མིའི་ཁེབས་ཚད་ཇེ་ཆེར་བཏང་སྟེ་ཞིང་པ་ལས་མི་སྔར་ལས་མང་བ་བཟོ་ཚོགས་རྩ་འཛུགས་ནང་བསྡུ་ལེན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་གླ་ཆ་སྤྲོད་པའི་དངོས་མིང་ལམ་ལུགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བའི་རམ་འདེགས་བྱས་ཏེ་ཞིང་པ་ལས་མིའི་གླ་ཆའི་དངུལ་བྱང་གཤམ་སྤྲོད་བྱེད་ཤུགས་མགྱོགས་སུ་འགྲོ་བར་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།
           འགན་ཁུར་བ་དེས་འཛུགས་སྐྲུན་ལས་གྲྭ་ཁ་ཤས་ལ་རིམ་པ་མང་པོའི"ཁག་བགོས་འགན་ལེན"གྱི་གནས་ཚུལ་མང་པོ་འདུག གནད་དོན་འདིའི་སྐོར་འབྲེལ་ཡོད་ལས་གཉེར་མི་སྣ་ཚོས་ངེས་པར་དུ"སྤྱིའི་འགན་ལེན་(ཕྱོགས་)"དང་འབྲེལ་ཡོད་ངལ་རྩོལ་གན་རྒྱ་འཇོག་དགོས་ཤིང་། འདི་ལྟར་བྱས་ན། "འཛིན་ཡིག་བྲིས་མ"འཁྱེར་རིགས་མི་ཐོན་པར་བྱེད་ཐུབ་རེ་ཡོད་ལུགས་ཀྱང་ནན་བཤད་བྱས་པ་རེད།
                འགན་ཁུར་བ་དེ་ཉིད་ཀྱིས། "གཞན་ཡང་། ང་ཚོས་ཀྱང་འབྲེལ་ཡོད་ཁྲིམས་རྩོད་པ་གདན་འདྲེན་ཞུས་ཏེ་ཞིང་པ་ལས་མི་ཚོར་ཁྲིམས་ལུགས་ཀྱི་རོགས་སྐྱོར་བྱས་ཏེ་ཞིང་པ་ལས་མིའི་'འཛིན་ཡིག་བྲིས་མ་'བདེན་རྫུན་དབྱེ་ཞིབ་དང་། བྱ་ཐབས་གང་དག་ཁྲིམས་མཐུན་ཡིན་མིན་སོགས་ཀྱི་ཐོག་ནས་ལས་གནས་མདུན་སར་ཡོད་པའི་ཞིང་པ་ལས་མི་ཚོར་ལས་ཞུགས་དང་། ལས་ཀ་འཚོལ་བ། ལས་ཀ་བྱས་པའི་ལས་མི་སྤྱོད་པའི་བདེན་དཔང་བཅས་ཀྱི་རོགས་སྐྱོར་བྱས་ཏེ་ཁོང་ཚོར་རང་ཉིད་ཀྱི་བསམ་ཚུལ་ཁྲིམས་མཐུན་ལུགས་མཐུན་ངང་བརྗོད་དུ་འཇུག་པ་དང་ངལ་ལས་ཀྱི་རྩོད་གླེང་ཐག་གཅོད་པར་སྣེ་ཁྲིད་བྱེད་ཀྱི་ཡོད"ཅེས་བཤད་པ་རེད།