དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་བཤེར་ཨུ་ལྷན་གྱི་དྲ་ཚུགས་ཐོག“སྤྱོད་ཚུལ་བཞིའི”གནད་དོན་གྱི་དཔེ་མཚོན་གྱོད་དཔེ་10བརྡ་ཁྱབ་བཏང་བ།

སྤེལ་དུས 2020-06-12 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་བཤེར་ཨུ་ལྷན་དྲ་ཚུགས་ཀྱི“ལྔ་གཅིག་དང་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་གི‘སྤྱོད་ཚུལ་བཞིའི’གནད་དོན་གྱི་ལྟ་སྐུལ་ཐེར་འདོན་དམར་འདོན་ཆེད་ཁུལ”དུ་ས་གནས་ཁག་ནས་ཞིབ་བཤེར་ཐག་གཅོད་བྱས་པའི“སྤྱོད་ཚུལ་བཞིའི”གནད་དོན་གྱི་དཔེ་མཚོན་གྱོད་དཔེ་10བརྡ་ཁྱབ་བཏང་བ་རེད། འདི་ནི་ཆེད་ཁུལ་དེར“གཟའ་འཁོར་གཉིས་རེར་བརྡ་ཁྱབ་ཐེངས་རེ་གཏོང་བའི”ལེ་ཚན་བཟོས་ཚུན་གྱི་གཅིག་སྡུད་དམར་འདོན་བྱེད་ཐེངས་གསུམ་པ་ཡིན་པ་རེད།
          བརྡ་ཁྱབ་བཏང་བའི་གནད་དོན་དེ་དག་སི་ཁྲོན་དང་། ཀོང་ཏུང་། ཧྲའན་ཤིས། ཉིང་ཤ་སོགས་ཞིང་ཆེན(རང་སྐྱོང་ལྗོངས)10ནས་ཐོན་པ་དང་གཙོ་བོ་སྒྲིག་ཁྲིམས་ལས་འགལ་ནས་འབུལ་རྟེན་བླངས་པ་དང་། སྒྲིག་ཁྲིམས་ལས་འགལ་ནས་གཞུང་དངུལ་སྤྱད་དེ་སྣེ་ལེན་བྱས་པ། སྒེར་འཁོར་གཞུང་གསོ། ཞབས་འདེགས་ཞུ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་ཡུལ་སྐོར་དང་ལེན་བྱས་པ། འདས་མཆོད་ལ་ཁ་གཡར་ནས་རྒྱུ་ནོར་བསྡུ་ལེན་བྱས་པ་སོགས་རིགས་སྣ་ཚོགས་ཚུད་པས། དེས་ལྔ་གཅིག་དང་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་གི‘སྤྱོད་ཚུལ་བཞིའི’གནད་དོན་བསྐྱར་དུ་ལྷག་པར་བཀག་སྡོམ་བྱ་རྒྱུར་ཟིལ་གནོན་གྱི་ནུས་པ་ཅུང་ཆེ་ཙམ་ལྡན་ཡོད་པ་རེད།