དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

གཤེད་མའི་གཉའ་ནས་བཅག དམངས་ཀྱི་བདེ་རྩ་བསྲུངས།

ཆབ་མདོའི་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པ་ཞིག་རྩ་མེད་བཏང་བའི་སྐོར་བཀོད་པ།

སྤེལ་དུས 2020-12-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

           ནག་སེལ་གཤེད་བཅོམ།
           ནག་གཤེད་ཕྱོགས་གཏོགས་ནི་སྤྱི་ཚོགས་ཀྱི་འབྲས་སྐྲན་ལྟ་བུ་ཞིག་ཡིན་པས་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་བཟོ་གི་ཡོད།
           བཀྲ་ཆེ་གེ་མོ་སོགས་ཀྱིས་གཉེར་སྐྱོང་བྱེད་པའི་ཤིན་ཅང་སྐྱེལ་འདྲེན་ཀུང་སི་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དུ་ཡོད་པའི་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པ་ཞིག་རེད།
           ལོ་གཉིས་ལྷག་ཙམ་རིང་། མྱུལ་ཞིབ་བྱས་པ་བརྒྱུད་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པ་དེ་མཐར་རྩ་མེད་བཏང་ཞིང་། དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་2018ལོར་འཇོ་མདའ་རྫོང་སྤྱི་བདེ་ཅུས་ལ་གྱོད་དོན་སྙན་སེང་མང་པོ་ཞིག་འབྱོར་བ་ནས་བརྗོད་དགོས།
           A སྔ་ཕྱིའི་འགྱུར་ལྡོག
           “ངས་ཤིན་ཅང་སྐྱེལ་འདྲེན་ཀུང་སིའི་ནག་ཉེས་ཐེར་འདོན་བྱེད་ཀྱི་ཡིན”ཞེས་2018ལོའི་ཟླ་5པའི་ཟླ་སྟོད་ལ། ཐན་ཆེ་གེ་མོས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས་ཤིང་། “ཁོ་ཚོས་ངའི་མོ་ཊར་བཅཌ་གཅོག་དང་། ཁ་ལོ་བར་རྡུང་བ། གན་རྒྱར་བཙན་ཤེད་ཀྱིས་མིང་རྟགས་འགོད་དུ་བཅུག་པ་བཅས་ཐེངས་གཅིག་མིན། ད་ལྟ་ང་ཚོ་འཚོ་བ་འཁྱོལ་ཐབས་མི་འདུག”ཅེས་ཉེན་རྟོག་པར་ཞུས།
           ཐན་ཆེ་གེ་མོ་ནི་ཨར་སྐྲུན་ལས་ཡུལ་ཞིག་གི་ལས་དཔོན་རེད། ལོ་ཤས་གོང་། ཁོ་པས་འཇོ་མདའ་རྫོང་ནས་ལས་གྲྭ་ཞིག་འགན་གཙང་བླངས་པ་རེད། འོན་ཀྱང་། ཤིན་ཅང་སྐྱེལ་འདྲེན་ཀུང་སིའི་གཉའ་གནོན་དང་བཀག་འགོག་འོག ལས་ཡུན་ཐེངས་མང་ནར་འགྱངས་བྱེད་དགོས་བྱུང་ནས་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་ཡོད།
           དེ་རྗེས་འཇོ་མདའ་རྫོང་སྤྱི་བདེ་ལས་ཁུངས་ལ་མང་ཚོགས་ཀྱི་ཐེར་འདོན་ཐེངས་མང་འབྱོར་ཞིང་། ཐེར་འདོན་གྱི་ནང་དོན་ནི་ཐན་ཆེ་གེ་མོ་དང་འདྲ་བར་ཤིན་ཅང་སྐྱེལ་འདྲེན་ཀུང་སི་དང་འབྲེལ་བ་ཡོད་པ་རེད། དེར་བརྟེན་འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་དེར་དོ་སྣང་ཆེན་པོ་བྱུང་ནས་འཕྲལ་མར་གོང་རིམ་ལ་སྙན་སེང་ཞུས་པ་རེད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག འཕྲལ་མར་ཆེད་དོན་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ། ལས་ཀའི་ཇུས་གཞི་བཟོས་ནས་གྱོད་གཞི་ཆེད་སྒྲུབ་མྱུལ་ཞིབ་ཚོགས་ཆུང་དང་དྲིལ་བསྒྲགས་སློབ་གསོའི་ཚོགས་ཆུང་སོགས་ལས་དོན་ཚོགས་ཆུང་13བཙུགས་པ་དང་། ཁ་རུབ་ཆུས་དང་སྨར་ཁམས་རྫོང་སོགས་རྫོང(ཆུས)8ནས་རྐང་འཛིན་ཉེན་རྟོག་པ་བསྐོངས་ནས་འཇོ་མདའ་རྫོང་དུ་རྡུང་རྡེག་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
           ཐན་ཆེ་གེ་མོས་ལོ་གསུམ་གྱི་རྗེས་ལ་གཞི་ནས་ཐེར་འདོན་བྱེད་དོན་གང་ཡིན་ནམ་ཟེར་ན། ཐན་ཆེ་གེ་མོས“ཁོ་ཚོས་འཁོན་ལན་སློག་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་འདུག”“དེ་གོང་ཁོ་ཚོས་རྙོག་དྲ་སློང་བར་ཡོང་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། ད་ཡིན་ན་ཡག་པོ་བྱུང་སོང་། ང་རང་བློ་བདེ་པོར་གྱུར་སོང”ཞེས་དགའ་ཚོར་ཆེན་པོས་བཤད།
           B ནག་གཤེད་ཕྱོགས་གཏོགས་ཀྱི་ངན་སྤྱོད།
           ཐན་ཆེ་གེ་མོ་སོགས་ས་གནས་དེ་གའི་མི་སེར་གྱིས་སྐྲག་སྣང་དེ་ལྟར་བྱེད་པའི་ནག་གཤེད་ཕྱོགས་གཏོགས་འདི་ཡང་སྙིང་གང་འདྲ་ཞིག་རེད་དམ།
           2015ལོའི་ཟླ་3ཚེས་23ཉིན་བཀྲ་ཆེ་གེ་མོ་དང་། ཚེ་ཆེ་གེ་མོ། སྐལ་ཆེ་གེ་མོ། བསོད་ཆེ་གེ་མོ་སོགས་མི་5ཁ་མཐུན་ནས་མི་རེས་སྒོར་ཁྲི་20བཏོན་ཏེ། “འཇོ་མདའ་རྫོང་ཤིན་ཅང(ཞིང་འབྲོག་པ)སྐྱེལ་འདྲེན་ཚད་ཡོད་འགན་འཁྲི་ཀུང་སི”བཙུགས་པ་རེད།
           བཀྲ་ཆེ་གེ་མོས་ཀུང་སིའི་ལག་བསྟར་ཏུང་ཧྲི(ཁྲིམས་མི)དང་། བསོད་ཆེ་གེ་མོས་ཀུང་སི་ཅིང་ལི། ཚེ་ཆེ་གེ་མོས་ཀུང་སིའི་ཅིང་ལི་གཞོན་པ། སྐལ་ཆེ་གེ་མོ་དང་བསོད་ཆེ་གེ་མོས་ཀུང་སིའི་ལྟ་ཞིབ་པ་བཅས་བྱས། ཀུང་སིའི་ཐོ་བཀོད་མ་དངུལ་སྒོར་ཁྲི་100ཟིན་པ་དང་དེའི་གཤམ་དུ་རླངས་འཁོར་རུ་ཁག་5ཡོད་ཅིང་། ཁོ་ཚོ་5པོས་རླངས་འཁོར་རུ་ཁག་གི་རུ་དཔོན་གྱི་འགན་ཁུར་ཡོད།
           འཇོ་མདའ་རྫོང་གི་སྐྱེལ་འདྲེན་ལས་སྒོར་སྒེར་འཛིན་བྱ་ཆེད། བཀྲ་ཆེ་གེ་མོ་སོགས་ཀྱིས་འཇོ་མདའ་རྫོང་ཤིན་ཅང(ཞིང་འབྲོག་པ)སྐྱེལ་འདྲེན་ཚད་ཡོད་འགན་འཁྲི་ཀུང་སིར་ཞུགས་རྗེས་གཞི་ནས་འཇོ་མདའ་རྫོང་ཁོངས་སུ་སྐྱེལ་འདྲེན་ལས་སྒོ་གཉེར་ཆོག་པའི་གཏན་འབེབས་བཟོས་ཡོད།
           བཀྲ་ཆེ་གེ་མོ་སོགས་ཀྱིས་འཇིགས་སྐུལ་ལ་བརྟེན་ནས་ཨར་ལས་ལ་འགོག་རྐྱེན་བཟོ་བ་དང་། རྫོང་གཞན་གྱི་རླངས་འཁོར་འཇོ་མདའི་ཁོངས་སུ་སྐྱེལ་འདྲེན་བྱེད་དུ་མི་འཇུག་པ། རྫོང་གི་ཨར་ལས་ཚན་པ་ཁག་ལ་བཏང་སྙོམས་མེད་པའི་སྐྱེལ་འདྲེན་གན་རྒྱ་བཙན་ཤེད་ཀྱིས་བཞག་ཏུ་འཇུག་པ་སོགས་བྱས་པ་དང་། འཇོ་མདའ་རྫོང་གི་སྐྱེལ་འདྲེན་ཁྱབ་ཁོངས་ཁ་ཤས་ཀྱི་ཐག་རིང་སྐྱེལ་འདྲེན་ལས་སྒོ་རིམ་བཞིན་སྒེར་འཛིན་བྱས་པ་དང་ཁོངས་མི་ཡང་མི་500ལྷག་ཙམ་བར་མང་དུ་ཕྱིན་ཡོད།
           དོན་དངོས་ཐོག་ཀུང་སི་དེ་2015ལོའི་ཟླ་3ཚེས་23ཉིན་ནས་བཙུགས་ཚུན། 《འགྲོ་ལམ་སྐྱེལ་འདྲེན་གཉེར་སྐྱོང་ཆོག་པའི་ལག་ཁྱེར》མེད་པའི་གནས་ཚུལ་འོག ཁྲིམས་འགལ་ངང་ཐག་རིང་ཟོག་འདྲེན་ལས་སྒོ་ལོ་3དང་ཟླ་3གཉེར་བ་དང་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་500བྱུང་ཡོད།
           C བརྟག་དཔྱད་དཔང་ལེན་ཉེས་ཅན་ཁྲིམས་ལ་སྦྱར།
           ཁྲིམས་མེད་ལུགས་མེད་དང་བཙན་པོ་དབང་ཡོད་བྱེད་མཁན་ནག་གཤེད་ཕྱོགས་གཏོགས་དེ་རྩ་མེད་གཏོང་བར་མྱུལ་ཞིབ་ལས་དོན་འབོར་ཆེན་སྤེལ་དགོས་བྱུང་ཡོད།
           བཀྲ་ཆེ་གེ་མོ་སོགས་ཀྱིས་ཉེན་རྟོག་པས་དོ་སྣང་བྱུང་བ་ཤེས་རྗེས། ཁ་ལོ་བ་སྒྲིག་འཛུགས་བྱས་ནས་ཟིང་སློང་བའི་བྱ་ངན་ལ་བརྟེན་ནས་རང་སྲུང་བྱེད་རྩིས་བྱས་ཡོད། གལ་སྲིད་གནས་ཚུལ་དེ་རིགས་ཐག་གཅོད་ཡག་པོ་མ་བྱས་ན། སྤྱི་ཚོགས་ཐོག་གནད་དོན་མང་པོ་བཟོ་ངེས་རེད།
           དེར་བརྟེན་དྲིལ་བསྒྲགས་སློབ་གསོ་ཚོགས་ཆུང་གིས་གྱོད་འབྲེལ་ཤང་དང་གྲོང་རྡལ་10ལ་བསྐྱོད་དེ་ཁ་ལོ་བའི་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་དང་། དེ་ནས་གཅིག་སྡུད་ཐོག་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་ཏེ་ཕན་གནོད་དབར་གྱི་འབྲེལ་བ་གསལ་པོ་བརྗོད་ནས་ཁ་ལོ་བ་ཚོ་མི་གཞན་གྱི་ལག་རྩེད་དུ་གྱུར་པ་ཤེས་སུ་བཅུག་པ་རེད།
           མྱུལ་ཞིབ་དཔང་ལེན་ཟླ་འགའ་ཤས་བྱས་པ་བརྒྱུད། གྱོད་དོན་ཆེད་སྒྲུབ་ཚོགས་ཆུང་གིས་ཀུང་སིའི་གྱོད་འབྲེལ་རླངས་འཁོར་ཁ་ཤས་བཀག་ཉར་བྱས་པ་དང་། འཇོ་མདའ་རྫོང་ཁོངས་ཀྱི་ཨར་ལས་ཚན་པ་ཁག་དང་བཞག་པའི་སྐྱེལ་འདྲེན་གན་རྒྱ་12ཚུར་བླངས་པ། དཔང་ཚིག་300ལྷག་ཙམ་བཀོད་པ། པར་སྒྲ་བརྙན་གསུམ་གྱི་གློག་རྡུལ་དཔང་རྟགས་90ཉར་ཚགས་བྱས་པ་རེད། 2018ལོའི་ཟླ་8ཚེས་13ཉིན། བཀྲ་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་12བཟུང་ནས་ཁྲིམས་ལ་སྦྱར་བ་རེད།
           2020ལོའི་ཟླ་5ཚེས་16ཉིན་། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཙན་ཤེད་ངང་ཉོ་ཚོང་བྱས་པའི་ཉེས་པ་དང་། བསྙད་བརྐོ་ཟིང་སློང་གི་ཉེས་པའི་ཐོག་ནས་ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོ་སོགས་མི་12ལ་ལོ་11ནས་1བར་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་1དང་ཟླ་6བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་མི་འདྲ་བ་བཏང་བ་མ་ཟད། དངུལ་ཆད་མི་འདྲ་བ་བཏང་བ་དང་ཁྲིམས་འགལ་གྱི་ཐོབ་ཆ་འདེད་ལེན་བྱས་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།