དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

རང་རྒྱལ་གྱིས་རིམ་ལྔའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་ལས་སྟེགས་བཏོད་ཚད་ཁྲི་56ལས་བརྒལ་བ།

སྤེལ་དུས 2021-04-06 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཉིན་ཤས་གོང་། གསར་འགོད་པས་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱས་པར། 2020ལོའི་ལོ་མཇུག་བར་རང་རྒྱལ་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་ལས་སྟེགས་ཁྲི་56.6བཏོད་པར་བརྟེན་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་དང་། ཐད་གཏོང་ཁ་པར། དྲ་བ་བཅས་སྟེགས་བུ་ཆེན་པོ་གསུམ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་རང་རྒྱལ་གྱི་རིམ་ཁག་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་སྟེགས་བུས་ཁྱོན་རིགས་ཁག་གི་ཞབས་ཞུ་ཐེངས་ཁྲི་1800མཁོ་འདོན་བྱས་པ་དང་། ཐད་གཏོང་ཁ་པར་ནས་ཇུས་འདྲིའི་ཁ་པར་ཐེངས་ཁྲི་877ཉན་པ། ཀྲུང་གོ་བཅའ་ཁྲིམས་ཞབས་ཞུ་དྲ་བ་སོགས་བཅའ་ཁྲིམས་ཞབས་ཞུའི་སྟེགས་བུ་ནས་རིམ་རྩིས་བྱས་ན་ཇུས་འདྲི་བྱེད་ཚད་ཐེངས་དུང་ཕྱུར་1.2ཟིན་ཡོད་པ་རེད།
          སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་གཞན་གྱི་ཐད་མཉམ་ལས་ལམ་ལུགས་ཀྱི་གཞུང་དཔང་སྒྲིག་གཞིའི་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། 2020ལོར་ཐོ་འགོད་སྙན་སེང་མཉམ་ལས་ལམ་ལུགས་ཀྱི་གཞུང་དཔང་སྒྲིག་གཞི་17གསར་དུ་ཞིབ་དཔྱད་བྱས་ནས་ཆོག་མཆན་སྤྲད་ཡོད། 2020ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གཞུང་དཔང་ལས་དོན་མི་སྣ་ཁྲི་1.3དང་གཞུང་དཔང་སྒྲིག་གཞི་2800ཙམ་ཡོད་པ་རེད།
          2020ལོར་ཁྲིམས་འཛིན་པུས་ཁྲིམས་འཛིན་གསལ་འབྱེད་ཀྱི་སྤུས་ཚད་དང་སྤྱི་མོས་ཐོབ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ཁྲིམས་ཀྱི་སྨན་པ་དང་། དངོས་དཔང་། སྒྲ་བརྙན་བཅས་དཔྱད་ཡིག“ཆེ་རིགས་གསུམ”གྱི་ལས་གཉེར་རིགས་དབྱེའི་གཏན་འབེབས་བཏོན་པ་མ་ཟད། ཁྲིམས་འཛིན་གསལ་འབྱེད་ལ་ཐེ་ཇུས་བྱེད་པ་ཐོ་འགོད་དང་། སྙན་ཞུའི་ལམ་ལུགས། གསལ་འབྱེད་མི་སྣས་ཁྲིམས་རར་དཔང་པོ་བྱེད་པའི་དོ་དམ་ལམ་ལུགས་སོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད། 2020ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་3100ཙམ་དང་ཁྲིམས་འཛིན་གསལ་འབྱེད་ཀྱི་ལས་དོན་མི་སྣ་ཁྲི་3.8ཡོད་པ་རེད།
          གཞན་ཡང་། སྤྱི་ཚོགས་བཅོས་སྐྱོང་ནང་ཁྲིམས་རྩོད་པ་ཞུགས་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་ཞིང་། 2020ལོ་བར་རྒྱལ་ཡོངས་སུ་ཁྲིམས་རྩོད་འདུམ་འགྲིག་ལས་དོན་ཁང་8600ལྷག་ཙམ་ཟིན་པ་དང་ཁྲིམས་རྩོད་འདུམ་འགྲིག་པ་ཁྲི་4.9ལྷག་ཙམ་ཡོད་པ་རེད། རྒྱལ་ཡོངས་སུ་རྫོང(གྲོང་ཁྱེར་དང་ས་ཁུལ)2368ལ་ཉེས་དོན་གྱོད་གཞིའི་ཁྲིམས་རྩོད་པའི་དག་འབུད་ཕྱོགས་ཡོངས་ལ་ཁྱབ་པའི་ཚོད་ལྟའི་ལས་དོན་སྤེལ་བ་དང་ས་གནས་ཁག་གིས་ཀྱང་ཚོད་ལྟའི་ལས་དོན་སྤེལ་ནས་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞིར་དག་འབུད་བྱེད་ཚད་ཁྲི་59.1ཟིན་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།