དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

མི་བསད་རྗེས་བྲོས་བྱོལ་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་འདུག

སྤེལ་དུས 2021-04-06 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           སྤྱི་ཟླ་༤ཚེས་༤ཉིན། ལྷ་ས་གྲོང་ཁྱེར་གྲོང་སྐོར་བྱང་ལམ་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་བྲོས་བྱོལ་དུ་སོང་རྗེས་མི་གཅིག་རྐྱེན་ལམ་དུ་ཤོར་བ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དོན་དེར་མཐོང་ཆེན་གནང་ནས། འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། བརྙན་མིག་ལས་ཉེ་འཁོར་དུ་བལྟས་པ་བརྒྱུད། གྱོད་གཞི་ཐོན་པའི་ཉིན་མོར་འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་མི་བསད་ནས་གྲོས་བྱོལ་དུ་སོང་བའི་གྱོད་གཞི་དེ་རྩད་ཆོད་པ་རེད།
           རླངས་འཁོར་གཏོང་མཁན་ཚེ་ཆེ་གེ་མོ་འཛིན་བཟུང་བྱས་ཏེ་ཉེན་རྟོག་པར་རྩིས་སྤྲད་པ་རེད། ལས་འཛོལ་ཐོན་རྗེས་དུས་ཐོག་ཏུ་རླངས་འཁོར་ཁ་བཀག་ནས་སྲོག་སྐྱོབ་བྱས་མེད་ལ་མིག་བལྟ་ཙམ་ཡང་མ་བྱས་པར། མུ་མཐུད་རླངས་འཁོར་བཏང་ནས་ལས་འཛོལ་ཐོན་ས་ནས་བྲོས་བྱོལ་བྱས་ཏེ། ཁྲིམས་ལུགས་ཀྱི་རྒྱ་ལས་ཐར་བའི་དམིགས་ཡུལ་བཅངས་པ་དེས། གློག་འཁོར་གཏོང་མཁན་དེ་གྲོངས་པ་རེད།
           ཚེ་ཆེ་གེ་མོས་འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་བྲོས་བྱོལ་དུ་ཕྱིན་པའི་སྐོར་མ་གསང་དྲང་པོས་ངོས་ལེན་བྱས་པར་མ་ཟད། གྲོང་བྱང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་ཚེ་ཆེ་གེ་མོ་གནོང་འགྱོད་ཆེན་པོས་མིག་ཆུ་ཤོར་བ་རེད། 
           འགྲིམ་འགྲུལ་ལས་འཛོལ་ཐོན་ནས་བྲོས་བྱོལ་དུ་ཕྱིན་པའི་ཚེ་ཆེ་གེ་མོས་འགྱོད་པ་ཆེན་པོས། གལ་སྲིད་གནས་ཚུལ་དེ་ལྟ་བུ་ཐོན་ཚེ། བྲོས་བྱོལ་རྩ་བ་ནས་མི་བྱེད་པར་ལམ་སང་༡༡༠དང་༡༢༠ཁ་པར་བརྒྱག་དགོས་པ་ལས་བྲོས་བྱོལ་དུ་འགྲོ་རྒྱུ་མི་འདུག དེ་ལས་ལྡོག་ཚེ་འགྱོད་པ་སྐྱེས་ཀྱང་འཕྱི་དྲགས་འདུག
           མིག་སྔར། ཚེ་ཆེ་གེ་མོའི་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་དེར་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། གྱོད་གཞི་དེ་ད་ལྟ་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།