ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

༄༅།།མི་རིགས་མཐུན་སྒྲིལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགན་ལེན་གལ་ཆེན་ཡིན།

སྤེལ་དུས 2017-08-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྷག་ཚེས་ཞུས།
          རང་རྒྱལ་ནི་མི་རིགས༥༦ལས་གྲུབ་པའི་མི་རིགས་མང་བའི་རྒྱལ་ཁབ་གཅིག་གྱུར་ཞིག་ཡིན།  བསྒྱུར་བཅོས་སྒོ་འབྱེད་ལོ་ངོ་༣༠བྱས་ཚུན་དུ།  ཏང་གི་འགོ་ཁྲོད་འོག་རང་རྒྱལ་མི་རིགས་ཁག་གིས་བློ་གཅིག་སེམས་གཅིག་དང་ཕྱར་བ་གྲུ་འདེགས།  ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་བཅས་བྱས་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་སློང་དང་གནོན་ཤུགས་སྣ་ཚོགས་ལ་ཁ་གཏད་འཇལ་བ་མ་ཟད་དེའི་ཉམས་ཚོད་ཀྱང་ཐེག་པར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་།  ཆབ་སྲིད་བརྟན་ལྷིང་།  རིག་གནས་དར་རྒྱས།  སྤྱི་ཚོགས་འཆམ་མཐུན།  མི་དམངས་བདེ་སྐྱིད་བཅས་ཡོང་བའི་རྣམ་པ་བཟང་པོ་སྲུང་འཛིན་བྱས་ཡོད།  མི་རིགས་ཀྱི་འབྲེལ་བ་མཐུན་སྦྱོར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་སྐོར་གྱི་ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ཟམ་མི་འཆད་པར་དུས་བསྟུན་འཕེལ་རྒྱས་འགྲོ་བ་དང་།   རླབས་ཆེ་ཉམས་བརྗིད་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལག་ལེན་གྱིས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ལས་དོན་ལ་རྒྱུན་མི་འཆད་པར་གསོན་ཤུགས་སྣོན་པ།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྔར་ལས་སྲ་བརྟན་དུ་འགྱུར་བ་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བ་གཞག་རླབས་པོ་ཆེ་འཕེལ་རྒྱས་ཟམ་མི་འཆད་པ་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད།