ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

༄༅།།ཀྲུང་དབྱང་གི་ཡིག་ཆ་དང་པོས་བོད་ལྗོངས་མི་དམངས་ཀྱི་འདོད་བློ་ཚིམ་པར་བྱས་ཡོད་པ།

སྤེལ་དུས 2017-08-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། རྩོམ་པ་པོ། རྡེའུ་དཀར་ནག་གིས་བསྒྱུར།
          ལྷོ་ཁ་ས་ཁུལ་གུང་དཀར་རྫོང་གི་གྲོང་ཚོ་ག་གེ་མོའི་ཞིང་པ་པ་སངས་ཀྱིས་དགའ་སྤྲོ་དང་བཅས་གསར་འགོད་པར་འདི་སྐད་དུ།   ངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི༢༠༠༩ལོའི་གསར་འགྱུར་མཉམ་སྒྲོགས་ལས་ཤེས་གསལ་བྱུང་ཡོད་པ་ནི་ཀྲུང་དབྱང་གི་༢༠༠༩ལོའི་ཡིག་ཆ་དང་པོའི་ལས་དོན་གཙོ་བོ་དེ་མུ་མཐུད་དུ་ཞིང་གསུམ་གནད་དོན་སྟེང་དུ་དམིགས་པའི་སྐབས་དེར།   ང་རང་དགའ་སྤྲོ་ཚད་མེད་སྐྱེ་ཡོད་ཅེས་བརྗོད་པ་རེད།   པ་སངས་ནི་གྲོང་ཚོའི་ནང་བྱ་གསོ་ལས་རིགས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་དང་།   ལོ་འདི་དག་གི་རིང་ལ་ཏང་གི་དམིགས་བསལ་སྲིད་ཇུས་དང་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ངང་ངལ་རྩོལ་བྱས་པར་བརྟེན་ནས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་ཡོད་པ་ཡིན།     ཁོས་འདི་སྐད་དུ།  ལོ་འདི་དག་གི་རིང་ལ་ས་ཞིང་འདེབས་པ་དང་སྒོ་ཕྱུགས་གསོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་སྲིད་གཞུང་གིས་དམིགས་བསལ་གྱི་སྲིད་ཇུས་ང་ཚོ་ཞིང་པ་དག་གི་ལག་ཏུ་སྤྲད་པ་དང་།    ཏང་དང་སྲིད་གཞུང་གི་དམངས་ཕྱུག་སྲིད་ཇུས་ཀྱིས་ང་ཚོ་ཞིང་པ་རྣམས་ཕྱུག་འགྱུར་གྱི་ལམ་བུར་བསྙེགས་པར་རོགས་སྐྱོར་ཆེན་པོ་གནང་ཡོད་པ་རེད།    ལོ་འདི་གཉིས་ཀྱི་རིང་ལ་བྱ་གསོའི་འཆར་འགོད་གནང་བ་བརྒྱུད་ང་རང་ཉིད་ཀྱིས་བྱ་ཁྲི༢ལྷག་འཛོམས་པའི་བྱ་གསོ་ཁང་ཆེན་པོ་ཞིག་འཛུགས་གཉེར་གནང་ཡོད་པ་དང་།    ལོ་རེའི་ཁེར་གཙང་ཡོང་འབབ་སྒོར་ཁྲི༥ལྷག་ལ་སླེབས་ཡོད།    ཁྱིམ་ཚང་གི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་ལེགས་ཇེ་རྒྱས་འགྲོ་བཞིན་ཡོད་ཅེས་བརྗོད་པ་རེད།

          ཉིན་འདི་དག་གི་རིང་ལ་བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་ཞིང་འབྲོག་པ་རྣམས་ཀྱིས་ཀྲུང་དབྱང་གིས་གསར་དུ་བཏོན་པའི་ཡིག་ཆ་དང་པོར་བློ་རྩེ་གཅིག་ཏུ་ཕྱོགས་ཡོད་ཅིང་།སྲིད་གཞུང་གིས་བསྐྱར་དུ་བྱེད་ཐབས་གང་དག་སྤྱད་ན་ད་གཟོད་རང་ཉིད་ལ་ཁེ་ཕན་ཆེན་པོ་ཐེབས་པའི་སྐོར་ནས་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད།

          དར་རྩེ་རྫོང་དར་རྒྱས་ཞང་གི་ཧྲུའུ་ཅི་བུ་ཆུང་ནི་དུས་ཡུན་རིང་པོའི་ནང་ལ་གཞི་རིམ་ནས་ལས་ཀ་གཉེར་བའི་ལས་བྱེད་པ་ཞིག་ཡིན་ཞིང་།    ཁོས་སྐད་ཆ་ཚིག་གཅིག་གིས་ཞིང་པ་རྣམས་ཀྱི་སེམས་པ་ཡོངས་སུ་མཚོན་ཡོད་སྟེ།    ཉིན་འགའི་སྔོན་ལ་ཞང་གྲོང་གི་མང་ཚོགས་ཀྱིས་ད་ལོར་རྒྱལ་ཁབ་ཀྱིས་ཡང་བསྐྱར་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་བཏང་ནས་ཕྱུག་འགྱུར་གྱི་ལམ་བུར་བསྙེགས་པར་རོགས་སྐྱོར་བྱེད་པའི་ཡིག་ཆ་གསར་པ་ཞིག་བཏོན་ཡོད་པ་དང་།    ཏང་དང་སྲིད་གཞུང་ནི་ང་ཚོ་ཞིང་པ་རྣམས་ཕྱུག་འགྱུར་ལབ་བུར་བསྙེགས་པའི་རྒྱབ་རི་ཡིན་པ་དང་།    ང་ཚོ་ཡུལ་གྲུ་འདིའི་མི་རྣམས་མཛེས་སྡུག་ལྡན་པའི་མ་འོངས་པར་ཡིད་ཆེས་ཟབ་མོ་ཡོད་ཅེས་བརྗོད་པ་རེད།

འབྲེལ་ཡོད་སྦྲེལ་མཐུད།
          ད་ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་དུ་ཞིང་གྲོང་གི་དམངས་འཚོ་འཛུགས་སྐྲུན་གཙོ་གནད་ཁྱབ་ཁོངས་ལྔ་ནན་གྱིས་བསྟན་ཡོད་སྟེ།
          གཅིག་ནི་ཞིང་གྲོང་གི་གློག་དྲ་འཛུགས་སྐྲུན་བྱེད་དགོས།
          གཉིས་ནི་ཞིང་གྲོང་གི་གཞུང་ལམ་འཛུགས་སྐྲུན་བྱེད་དགོས།
          གསུམ་ནི་ཞིང་གྲོང་གི་འཐུང་ཆུའི་བདེ་འཇགས་ལས་གཞི་འཛུགས་སྐྲུན་བྱེད་དགོས།
          བཞི་ནི་ཞིང་གྲོང་གི་རྫབ་རླངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།
          ལྔ་ནི་ཞིང་གྲོང་གི་འཇིགས་ཉེན་ཡོད་པའི་ཁང་པ་བཟོ་བཅོས་བྱེད་པའི་ཚོད་ལྟའི་ལས་དོན་ལག་བསྟར་བྱེད་དགོས།