ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་ལེན་བྱེད་དགོས།

སྤེལ་དུས 2017-08-30 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ། དཔྱད་གཏམ་མཁན།
          མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་ནང་དོན་གལ་ཆེ་དང་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འགན་ལེན་གལ་ཆེ་ཞིག་ཡིན།     
 
          མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བར་མི་རིགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་མི་རིགས་རང་སྐྱོང་ས་གནས་ཀྱིས་རང་སྐྱོང་གི་དབང་ཆ་ཁྲིམས་ལུགས་ལྟར་ལོངས་སུ་སྤྱོད་རྒྱུར་འགན་ལེན་ཏན་ཏིག་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས།

          ཁྲིམས་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བའི་རྒྱབ་རྟེན་བརྟན་པོ་ཞིག་ཡིན་ལ་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེ་ཞིག་ཀྱང་ཡིན།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་ཆབས་ཅིག་རང་རྒྱལ་མི་རིགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་གྲུབ་འབྲས་གལ་ཆེ་ཐོབ་ཡོད།མིག་སྔར་རྩ་ཁྲིམས་ཀྱིས་རྨང་གཞི་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱིས་གཙོ་བོར་བྱེད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་དེའི་འགན་ནུས་སྡེ་ཚན་གྱི་སྲིད་འཛིན་ཁྲིམས་སྲོལ་དང་།སྡེ་ཚན་གྱི་སྒྲིག་སྲོལ།རང་སྐྱོང་ས་གནས་ཀྱི་རང་སྐྱོང་སྲོལ་ཡིགཁེར་སྤྱོད་སྲོལ་ཡིག་བཅས་དང་དེ་བཞིན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་སོགས་ལས་གྲུབ་པའི་མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ལག་རགས་ཙམ་ཆགས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་རྒྱུར་འགན་ལེན་ནུས་ལྡན་བྱུང་ཡོད།

          འདི་ལོ་ནི《མི་རིགས་ས་ཁོངས་ཀྱི་རང་སྐྱོང་བཅའ་ཁྲིམས》ཡོངས་བསྒྲགས་དང་ལག་ལེན་བསྟར་ནས་ལོ་༢༥འཁོར་བའི་ལོ་ཞིག་ཡིན།ལོ་༢༥རིང་གི་ལག་ལེན་གྱི་ཐོག་ནས《མི་རིགས་ས་ཁོངས་ཀྱི་རང་སྐྱོང་བཅའ་ཁྲིམས》ནི་རྩ་ཁྲིམས་ནང་གི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་རྩ་དོན་གཏན་འབེབས་དང་སྙིང་དོན་གྱི་ངོ་བོ་ཞིབ་ཕྲ་ཅན་དུ་འགྱུར་བ་ཞིག་ཡིན་པས་ཏང་གི་མི་རིགས་སྲིད་ཇུས་གཅིག་སྡུད་ཐོག་མཚོན་པ་དང་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་བསམ་འདུན་མཚོན་པས་རང་རྒྱལ་གྱི་མི་རིགས་ལས་དོན་དེ་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་སྲོལ་ལམ་ཐོག་བསྐྱོད་པའི་འགན་ལེན་གལ་ཆེ་ཞིག་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བར་ངེས་པར་དུ《མི་རིགས་ས་ཁོངས་ཀྱི་རང་སྐྱོང་བཅའ་ཁྲིམས》སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལྡོག་མེད་ཀྱི་བླང་བྱ།ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཐོག་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་མ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན།

          མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆ་ནི་རྩ་ཁྲིམས་ཀྱིས་གནང་བ་དང་འབྲེལ་ཀྲུང་དབྱང་གི་འགོ་ཁྲིད་དང་ལྟ་སྐུལ་དང་ལེན་ཡང་ཞུ་དགོས་པའི་ས་ཁོངས་ངེས་ཅན་ཞིག་གི་ནང་ཁུལ་ལས་དོན་ལ་དོ་དམ་བྱེད་པའི་ས་གནས་རང་བཞིན་གྱི་དབང་ཆ་དང་རྒྱལ་ཁབ་ཀྱི་དབང་ཆ་ཧྲིལ་པོའི་ཁོངས་གཏོགས་ནང་གི་གྲུབ་ཆ་ཞིག་ཡིན།རང་སྐྱོང་ལས་ཁུངས་འཛུགས་པ་དང་རང་སྐྱོང་དབང་ཆ་སྤྱོད་པ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་ཆོས་གལ་ཆེ་ཤོས་དང་མི་རིགས་རང་སྐྱོང་ས་གནས་དེ་སྤྱིར་བཏང་སྲིད་འཛིན་ཁུལ་དབྱེའི་ཚན་པ་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆ་འགན་ལེན་བྱེད་པ་ནི《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱེད་པའི་སྲོག་ཤིང་ཡིན།ཕྱོགས་གཅིག་ནས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་འབྲེལ་ཡོད་གྲོས་ཆོད་དང་།གཏན་འབེབས།བཀའ་རྒྱ།མཛུབ་སྟོན་བཅས་གཏན་ལ་ཕབ་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་དོན་དངོས་དང་འཚམས་པ་དང་མི་རིགས་རང་སྐྱོང་ས་གནས་ཀྱི་ཁྱད་ཆོས་དང་དགོས་མཁོར་ལྟ་རྟོག་བྱས་ནས་མི་རིགས་རང་སྐྱོང་ས་གནས་ཀྱིས་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུར་ཁྲིམས་ལུགས་ལྟར་འགན་ལེན་དང་རྒྱབ་སྐྱོར་བྱེད་དགོས།ཕྱོགས་གཞན་ཞིག་ནས་མི་རིགས་རང་སྐྱོང་ས་གནས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་ས་གནས་འདི་གར་ལག་ལེན་བསྟར་རྒྱུར་འགན་ལེན་བྱེད་དགོས་ལ་དོན་དངོས་དང་བསྟུན་ནས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱིས་གནང་བའི་རང་སྐྱོང་དབང་ཆ་ལེགས་པར་སྤྱད་ནས་མི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་དངོས་འབྲེལ་མཚོན་པ་དང་ཡང་ཡང་མངོན་དགོས།

          ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒོ་ཀུན་ནས་ལག་ལེན་བསྟར་སྟེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་གལ་ཆེ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཀྱི་ལས་དོན་དོ་དམ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་ལྷག་པར་དུ་སྣེ་ཡག་པོ་
འཁྲིད་པ་དང་མིག་དཔེ་འདོན་དགོས།མི་རིགས་ཁག་གི་མང་ཚོགས་རྣམས་ཆབ་སྲིད་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་འཚམས་པ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་དང་མི་རིགས་ས་ཁུལ་གྱི་ཤེས་ལྡན་པ་བེད་སྤྱོད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕུལ་དུ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པ་རིམ་ཁག་འགོ་ཁྲིད་ལས་གནས་ཐོག་གནས་སྤོར་བྱས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་ཕྱིར་སྟོབས་ཤུགས་གསར་པ་སྐྱེད་བསྲིང་དང་ཁ་སྣོན་རྒྱག་དགོས།མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་ཆེས་ཐད་ཀར་འབྲེལ་བ་ཡོད་པའི་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འབྲས་བུ་ལོངས་སུ་སྤྱོད་རྒྱུར་འགན་ལེན་བྱས་ཏེ་འདྲ་མཉམ་དང་།མཐུན་སྒྲིལ།རོགས་རེས།མཐུན་སྦྱོར་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

          མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ནི་ཡུན་རིང་བརྒྱུད་དགོས་པ་ཞིག་དང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་འཚོལ་ཞིབ་བྱེད་པ་དང་དུས་བསྟུན་འཕེལ་རྒྱས་ཀྱི་རྒྱུད་རིམ་ཞིག་ཡིན།མི་རིགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཞིབ་ཕྲ་མངོན་སྟངས་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ་དང《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་ལེ་ལག་ཚང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་འཐུས་ཚང་དུ་བཏང་ཚེ་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེར་དར་ཞིང་རྒྱས་པའི་འཕེལ་ཤུགས་དེ་བས་ཆེ་བ་མངོན་ངེས་རེད།