ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

༄༅།།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་བོད་ལྗོངས་འཕེལ་རྒྱས་འགྲོ་བའི་གཞི་རྩའི་ཁག་ཐེག་ཡིན།

སྤེལ་དུས 2017-08-30 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། རྡེའུ་དཀར་ནག་གིས་བསྒྱུར།

          མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གཞི་རྩའི་ངོ་བོ་གླེང་སྐབས།    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཐུབ་བསྟན་ཚེ་དབང་གིས་འདི་སྐད་དུ།   མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན།    དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དེ་རང་རྒྱལ་གྱི་མི་རིགས་ཀྱི་དངོས་དོན་དང་ཟུང་དུ་སྦྲེལ་བའི་སྔར་མེད་གསར་གཏོད་ཅིག་ཡིན་པ་དང་།    རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་གདམ་གསེས་ཤིག་ཀྱང་ཡིན་ཞེས་གསུངས་པ་རེད།

          བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར༤༠ལོན་པའི་ཚུན་ལ།    བོད་ལྗོངས་ཀྱི་མི་རིགས་ཁག་གི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ།   རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱིས་སྤྲད་པའི་རང་ཁྱིམ་རང་བདག་གི་དབང་ཆ་ལག་བསྟར་བྱས་པ་ཡིས་བོད་ལྗོངས་ཀྱི་དབུལ་བོ་དང་རྗེས་ལུས་ཀྱི་རྣམ་པ་ཡོངས་སུ་བསྒྱུར་ཡོད་པ་དང་།   རང་ཉིད་ཀྱི་དངོས་པོའི་རིག་གནས་འཚོ་བའི་ཆུ་ཚད་མཐོར་འདེགས་བཏང་ཡོད་ལ།   མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་ལྗོངས་ཉིད་དར་རྒྱས་དང་བརྟན་བརླིང་ཡོང་པའི་གཞི་རྩའི་ཁག་ཐེག་ཏུ་གྱུར་ཡོད་པ་རེད།

          ༡༩༦༥ལོའི་ཟླ༩པའི་ནང་དུ།   བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་།   སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་དང་དེ་མིན་འགོ་ཁྲིད་མཐའ་དག་བདམས་ཐོན་བྱུང་བ་དང་།    བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དངོས་སུ་ཁྱབ་བསྒྲགས་གནང་།   ང་ཕོད་ངག་དབང་འཇིགས་མེད་ཉིད་བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་།   ཡར་ལངས་ཞིང་བྲན་སྐོར་ཞིག་གིས་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་གོ་གནས་ཁུར་ཡོད་པ་དང་།   དུས་དེ་ནས་བཟུང་བོད་ལྗོངས་མི་དམངས་ཀྱིས་རང་ས་གནས་ཀྱི་ལས་དོན་ལ་རང་བདག་དང་དོ་དམ་བྱེད་འགོ་བརྩམས་ཡོད་པ་རེད།

          ཐུབ་བསྟན་ཚེ་དབང་གིས་གསར་འགོད་པར་འདི་སྐད་དུ།   ༡༩༦༥ལོའི་ཟླ༩པའི་ཚེས༡ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་འཚོགས་པ་དེས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་།    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཉིད་བོད་ལྗོངས་སུ་ཁྱོན་ཡོངས་ནས་དངོས་སུ་བརྟན་པོར་བཙུགས་ཡོད་པ་མཚོན་པ་དང་།   ས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་རིགས་སོ་སོའི་མི་དམངས་ཀྱིས་ཡང་དག་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སྤྱོད་འགོ་བརྩམས་ཤིང་།    ལོ༤༠འགོར་བའི་ཚུན་དང་ལྷག་པར་དུ་བཅོས་སྒྱུར་བྱས་ནས་ལོ༣༠འགོར་བའི་ཚུན་ལ་ས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་ཏུ།    རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱིས་སྤྲད་པའི་རང་ཁྱིམ་རང་བདག་གི་དབང་ཆ་ལག་བསྟར་བྱས་པས།    ས་ཁུལ་ཡོངས་ཀྱི་རྣམ་པ་ཧྲིལ་བོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་རེད།

          ཐུབ་བསྟན་ཚེ་དབང་གིས་འདི་སྐད་དུ།    རང་ས་ཁུལ་དང་རང་མི་རིགས་ཀྱི་དོན་དངོས་ངོ་མར་གཞིགས་ནས་བྱ་བཞག་གལ་ཆེན་དག་གཏན་འབེབས་བྱེད་པའི་དབང་ཆ་ལྡན་པ་ནི།མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱིས་ཕན་འབྲས་ལྡན་པའི་སྒོ་ནས་རང་སྐྱོང་དབང་ཆ་སྤྱོད་པའི་མཚོན་ཚུལ་གཙོ་བོ་ཞིག་ཡིན་ཞིང་།    བོད་རང་སྐྱོང་ལྗོངས་ལས་ཁུངས་ཀྱིས་རྒྱལ་ཇུས་དམངས་འཚོ་དང་མི་དམངས་མང་ཚོགས་ཀྱིས་ཧ་ཅང་སེམས་ཁུར་བྱེད་པའི་དོན་དག་དང་དཀའ་གནད་ཀྱི་གནད་དོན་ཐད་ལ་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་གནང་བ་ཡིན་ཞེས་གསུངས་པ་རེད།

 
          བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ལྕང་རྭ་ཞང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་རྒན་པ་བསྐལ་བཟང་དོན་གྲུབ་དང་ཚ་བོ་ཆུང་བ་ལྷ་སྐྱིད་གཉིས་མཉམ་གཅིག(༢༠༠༥ལོའི་ཟླ༦པའི་ཚེས༡༢ཉིན་པར་བླངས།)ཏུ་ཡོད་ཅིང་།    བསྐལ་བཟང་དོན་གྲུབ་ན་གཞོན་སྐབས་སུ་རྒྱལ་རྩེ་འཕགས་ལ་གཞིས་ཀའི་ཞིང་བྲན་ཡིན་པ་དང་།     རང་ལུས་རང་དབང་མེད་པ་དང་།    གྲོད་པའང་མི་འགྲང་པ་རེད།    ༡༩༥༩ལོའི་བོད་ལྗོངས་ཀྱི་དམངས་གཙོ་བཅོས་སྒྱུར་དང་།   ནང་སྒོས་སུ་༡༩༦༥ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཚུན་ལ།    བསྐལ་བཟང་དོན་གྲུབ་ལ་ཡར་ལངས་བཅིངས་བཀྲོལ་ཐོབ་སོང་པ་རེད།