ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་སློབ་ཚན་གྱི་མཛུབ་ཁྲིད་ཚད་གཞི་བཏོན་པ།

སྤེལ་དུས 2018-01-05 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། མི་གསལ།
          སློབ་གསོ་པུས་《སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་སློབ་ཚན་གྱི་མཛུབ་ཁྲིད་ཚད་གཞི་(འོས་འགན་སློབ་གསོའི་སྐད་ཡིག་དང་། ཨང་རྩིས། རྫས་འགྱུར་བཅས་ཀྱི་སློབ་ཁྲིད)》(གཤམ་དུ《ཚད་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། ཚན་རིག་ལ་བརྟེན་ནས་དགེ་རྒན་གསོ་སྦྱོང་གི་དགོས་མཁོར་དབྱེ་ཞིབ་བྱས་རྗེས་རིགས་དང་། བསླབ་ཚན། རིམ་པ་བཅས་དབྱེ་ནས་རིམ་འཕར་གྱི་གསོ་སྦྱོང་སློབ་ཚན་ཇུས་འགོད་ཀྱིས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོའི་གསོ་སྦྱོང་བྱ་རྒྱུ་ཡིན་ཞིང་། འདི་ནི་ཚེས་3ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། དགེ་རྒན་གསོ་སྦྱོང་ལས་དོན་ཐད་འཕེལ་རིམ་མངོན་གསལ་དོད་པོ་བྱུང་ཡང་། དམིགས་སའི་རང་བཞིན་ཆེན་པོ་མེད་པ་དང་། ནང་དོན་སྤྱི་ཙམ་དུ་ལུས་པ། བྱེད་སྟངས་སྣ་གཅིག་ལས་མེད་པ་སོགས་ཀྱི་གནད་དོན་ལྷགས་ཡོད་པ་རེད། རྒྱལ་ཁབ་ཀྱིས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་སློབ་ཚན་གྱི་མཛུབ་ཁྲིད་ཚད་གཞི་བཟོས་ནས་ས་ཁུལ་ཁག་གི་རིགས་དང་། བསླབ་ཚན། རིམ་པ་བཅས་དབྱེ་ནས་ལོ་ལྔ་རེའི་ནང་དགེ་རྒན་ཚང་མ་གསོ་སྦྱོང་ཐེངས་རེ་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་བྱས་ནས་སྔར་བས་ཚད་ལྡན་དུ་བཏང་བ་དང་། ས་ཁུལ་ཁག་ལ་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་འཇོན་ཐང་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་རྗེས་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་གང་མཁོ་དེ་སྦྱོང་ཐུབ་རྒྱུའི་འགན་ལེན་བྱས་པ། ས་ཁུལ་ཁག་གིས་དགེ་རྒན་ཆེད་ལས་འཚར་ལོངས་ཀྱི་ཆོས་ཉིད་ལྟར་གསོ་སྦྱོང་སློབ་ཚན་གྱི་ནང་དོན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས་དགེ་རྒན་གྱི་ཆེད་ལས་འཇོན་ཐང་དང་སྤྱི་ཡོངས་ཀྱི་བྱང་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ། ས་ཁུལ་ཁག་གིས་དགེ་རྒན་གསོ་སྦྱོང་ལས་དོན་གྱི་ཁྱད་ཆོས་ལྟར་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་གསོ་སྦྱོང་གི་ཕན་འབྲས་དངོས་ཆེ་རུ་བཏང་བ། དགེ་རྒན་གསོ་སྦྱོང་སློབ་སྐར་གྲུབ་ཆའི་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ཏེ་དགེ་རྒན་གསོ་སྦྱོང་སློབ་སྐར་དོ་དམ་བྱ་རྒྱུར་རྨང་གཞི་བཏིངས་པ་བཅས་རེད།
          《ཚད་གཞིའི་》ནང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་ཚོའི་ཀུན་སྤྱོད་བློ་སྦྱོང་དང་། འཛིན་གྲྭ་དོ་དམ། སློབ་སྦྱོང་དང་འཕེལ་རྒྱས། བསླབ་ཚན་སློབ་ཁྲིད་སོགས་བསླབ་ཚན་ཁྱབ་ཁོངས་15ཡི་ཚད་གཞི་18དང་། སློབ་ཞུགས་གོང་གི་དུས་མཚམས་ཀྱི་དགེ་རྒན་ཚོའི་བྱིས་པར་ཞིབ་འཇུག་དང་རྒྱབ་སྐྱོར་དང་། བྱིས་པ་གསོ་སྐྱོང་དང་སློབ་གསོ་སོགས་བསླབ་ཚན་ཁྱབ་ཁོངས་4ཡི་ཚད་གཞི་4སྟེ་ཁྱོན་ཚད་གཞི་22ལ་སོ་སོར་གཞིགས་ཡོད་པ་རེད།