ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ལས་མི་ལ་ལོ་མཇུག་ཏུ་ཕན་བདེ་གང་དག་ཡོད་དམ།

སྤེལ་དུས 2018-01-08 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། མི་གསལ།
          ཟླ་12ཚེས་21ཉིན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་2018ལོའི་དུས་ཆེན་གཉིས་ཀྱི་དྲོ་སྐྱིད་འཚམས་འདྲིའི་བཟོ་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གཏམ་བརྗོད་པ་ཝང་ཞའོ་ཧྥེང་གིས་ལས་མིའི་དུས་ཆེན་གྱི་ཁྲིམས་མཐུན་ཕན་བདེ་གསལ་བཤད་གནང་སྟེ་སྔོན་ཆད་གཏན་འབེབས་བྱས་ཡོད་པ་ལྟར་དུས་ཆེན་སྐབས་འཚམས་འདྲིའི་དངོས་པོ་དང་སྐྱེས་སྐར་སྒོང་བག སྒོང་བག་འཛིན་ཤོག་བཅས་ཡོད་པའི་ཁར། གཉེན་སྟོན་གཉེན་སྒྲིག་གི་འཚམས་འདྲིའི་དངོས་པོ་དང་། འདས་མཆོད་འཚམས་འདྲིའི་དངུལ། ལས་འཁྱུར་ངལ་གསོའི་འཚམས་འདྲིའི་དངོས་པོ་བཅས་ཀྱང་ཡོད་པ་རེད།
          ཉེ་སྔོན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་《གཞི་རིམ་བཟོ་ཚོགས་ཀྱི་འགྲོ་སོང་དོ་དམ་བྱེད་ཐབས་》ཞེས་པ་སྒྲིག་བཟོ་གཏན་འབེབས་བྱས་ཤིང་། གཏན་འབེབས་སུ་བཟོ་ཚོགས་ཀྱི་འགྲོ་སོང་ནི་ལས་མིའི་ཚོགས་པའི་ཕན་བདེར་བཏང་ཆོག་སྟེ། དེ་དག་ཏུ་གཞི་རིམ་བཟོ་ཚོགས་ཀྱི་ལོ་གསར་དུས་ཆེན་གཏོང་བ་དང་། ཚོགས་མིའི་སྐྱེས་སྐར། གཉེན་སྟོན། ཚེ་འདས། ལས་འཁྱུར་ངལ་གསོ་བཅས་ཀྱི་འཚམས་འདྲིའི་འགྲོ་སོང་སོགས་འདུས་ཡོད་པ་རེད། 2014ལོ་དང་བསྡུར་ན། གཏན་འབེབས་ནང་གཉེན་སྟོན་དང་ཚེ་འདས། ལས་འཁྱུར་ངལ་གསོའི་ཕྱོགས་ཀྱི་འཚམས་འདྲིའི་འགྲོ་སོང་བསྣན་ཡོད་པ་རེད།
          གཅིག གཞི་རིམ་བཟོ་ཚོགས་ཀྱི་ལོ་གསར་དང་དུས་ཆེན་གཏོང་དུས་ཚོགས་མི་ཡོངས་ལ་དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་སྤྲད་ཆོག་པ་དང་། ལོ་རེའི་ལོ་གསར་དུས་ཆེན་ཞེས་པ་ལས་ལོ་གསར་དང་དུས་ཆེན་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་མཐུན་དུས་ཆེན་(ལོ་གསར་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་ཡིན་པ་)དང་རང་སྐྱོང་ལྗོངས་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་སྟེ་བཙུགས་པའི་གྲངས་ཉུང་མི་རིགས་ཀྱི་དུས་ཆེན་ཡིན་པ་རེད། དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་ནི་རྩ་དོན་ཐོག་ནས་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་ལུགས་སྲོལ་དང་མཐུན་པའི་དངོས་པོ་དང་འཚམས་དགོས་པ་དང་ལས་མི་མང་ཚོགས་ཀྱི་འཚོ་བའི་མཁོ་དངོས་སོགས་ཡིན་དགོས་ལ། གཞི་རིམ་བཟོ་ཚོགས་ཀྱིས་གནས་ཚུལ་དངོས་དང་བསྟུན་ནས་སྟབས་བདེའི་གཤམ་སྤྲོད་བྱེད་ཐབས་སྤྱད་ཆོག་པ།
          གཉིས། བཟོ་ཚོགས་ཀྱི་ཚོགས་མིའི་སྐྱེས་སྐར་འཚམས་འདྲིའི་དངོས་པོར་སྐྱེས་སྐར་སྒོང་བག་སོགས་ཀྱི་དངོས་པོ་ངོ་མའི་འཚམས་འདྲིའི་དངོས་པོ་སྤྲད་ཆོག་པ་མ་ཟད། གཏན་འཁེལ་བྱས་པའི་སྒོང་བག་ཚོང་ཁང་གི་སྒོང་བག་འཛིན་ཤོག་ཀྱང་སྤྲད་ཆོག་པ།
          གསུམ། ཚོགས་མིའི་གཉེན་སྟོན་དང་བུ་བཙའི་སྐབས། དངུལ་གྲངས་ཚད་ལྡན་གྱི་འཚམས་འདྲིའི་དངོས་པོ་སྤྲད་ཆོག ན་ནས་སྨན་ཁང་དུ་ལུས་པ་དང་། བཟོ་ཚོགས་ཀྱི་ཚོགས་མིའམ་ཡང་ན་དེའི་ཐད་གཏོགས་ནང་མི་ཚེ་ལས་འདས་དུས། དངུལ་གྲངས་ཚད་ལྡན་གྱི་འཚམས་འདྲིའི་དངུལ་སྤྲད་ཆོག་པ།
          བཞི། ལས་འཁྱུར་ངལ་གསོ་བྱས་ན། དངུལ་གྲངས་ཚད་ལྡན་གྱི་དྲན་གསོའི་དངོས་པོ་སྤྲད་ཆོག་པ།
          གཞན་ཡང་། བཟོ་ཚོགས་ཀྱི་འགྲོ་སོང་དེ་ད་དུང་གཞི་རིམ་བཟོ་ཚོགས་རྩ་འཛུགས་ཀྱི་ལས་མིའི་ཀུན་སྤྱོད་ཡར་ཐོན་གྱི་ཁ་གསབ་དང་ལས་མིའི་སློབ་གསོ་གསོ་སྦྱོང་གི་ཕུལ་བྱུང་སློབ་མར་གཟེངས་རྟགས་སུ་སྤྱད་ཆོག གཞི་རིམ་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་པའི་རིག་རྩལ་ལུས་རྩལ་གྱི་བྱེད་སྒོའི་རྒྱལ་ཁ་ཐོབ་མཁན་གྱི་གཟེངས་རྟགས་འགྲོ་སོང་དང་། ངལ་རྩོལ་མིག་དཔེ་དང་སྔོན་ཐོན་ལས་མིའི་སྨན་བཅོས་ནད་གསོའི་ཁ་གསབ། དཀའ་ངལ་ཡོད་པའི་ལས་མིར་མ་དངུལ་དང་དངོས་པོའི་རོགས་སྐྱོར་བྱེད་པ་སོགས་ཀྱི་འགྲོ་སོང་དུ་བཏང་ཆོག གཞི་རིམ་བཟོ་ཚོགས་ཀྱིས་ཚོགས་མིའི་ཚོགས་དངུལ་ལ་བརྟེན་ནས་ཚོགས་མི་ཚོས་གློག་བརྙན་དང་རིག་རྩལ་འཁྲབ་སྟོན། ལུས་རྩལ་འགྲན་བསྡུར་སོགས་ལ་བལྟས་ཆོག་པ། དཔྱིད་དུས་དང་སྟོན་དུས་སུ་ཡུལ་སྐོར་བྱེད་པར་སྤྱད་ནས་ས་གནས་དེ་གའི་སྤྱི་གླིང་གི་སྒོ་འཛིན་ཉོ་བྱེད་དུ་སྤྱད་ཆོག
          གཅིག བཟོ་ཚོགས་ཀྱི་འགྲོ་སོང་སྤྱད་ནས་སྐུ་མགྲོན་བསུ་བ་དང་ལག་རྟགས་སྤྲོད་རིགས་བྱས་མི་ཆོག
          གཉིས། བཟོ་ཚོགས་ཀྱི་འགྲོ་སོང་དངུལ་སྤྱད་དེ་གཏན་འབེབས་དང་འགལ་ནས་གཟེངས་རྟགས་དངུལ་དང་ཁ་གསབ་དངུལ་སོགས་སྤྲད་མི་ཆོག
          གསུམ། བཟོ་ཚོགས་ཀྱི་འགྲོ་སོང་དངུལ་སྤྱད་ནས་རིམ་མཐོའི་སྤྲོ་སྐྱིད་དང་ལུས་སྦྱོང་བྱེད་སྒོར་ཞུགས་རིགས་བྱས་མི་ཆོག
          བཞི། ལས་ཁུངས་ཀྱི་སྲིད་འཛིན་གྱིས་བཟོ་ཚོགས་ཀྱི་ཐོ་ཁོངས་སྤྱད་ནས་སྒྲིག་འགལ་གྱི"དངུལ་གྱི་མཛོད་ཁང"བཟོས་མི་ཆོག
          ལྔ། བཟོ་ཚོགས་ཀྱི་ཐོ་ཁོངས་དེ་ལས་ཁུངས་ཀྱི་སྲིད་འཛིན་ཐོ་ཁོངས་དང་མཉམ་བསྲེས་བྱས་ནས་བཟོ་ཚོགས་ཀྱི་འགྲོ་སོང་ལ་ཚོད་འཛིན་མེད་པ་བྱས་མི་ཆོག
          དྲུག བཟོ་ཚོགས་ཀྱི་འགྲོ་སོང་དངུལ་བཀག་འགོག་དང་སྤྱོད་གོ་གཞན་ལ་གཏོང་རིགས་བྱས་མི་ཆོག
          བདུན། བཟོ་ཚོགས་ཀྱི་འགྲོ་སོང་དངུལ་དེ་ཁྲིམས་འགལ་དངུལ་བསྡུའི་བྱེད་སྒོར་སྤྱོད་རིགས་དང་ཡང་ན་ཁྲིམས་འགལ་དངུལ་བསྡུའི་བྱེད་སྒོར་དཔལ་འབྱོར་འགན་སྲུང་བྱེད་བྱར་སྤྱད་མི་ཆོག
          བརྒྱད། བཟོ་ཚོགས་ཀྱི་འགྲོ་སོང་རྩིས་ཞུ་བྱེད་སྐབས་བཟོ་ཚོགས་ཀྱི་བྱེད་སྒོ་དང་འབྲེལ་མེད་ཀྱི་འགྲོ་གྲོན་རྩིས་ཞུ་བྱས་མི་ཆོག
རྩོམ་སྒྲིག་འགན་འཁུར་བ། སྒྲོལ་མ།