ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཞིབ་དཔྱོད་ཀྱི་བློ་གྲོས་སྐྱེས་སུ་འབུལ་བ།

སྤེལ་དུས 2018-10-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཚོགས་ཆུང་ཁག་བགོས་བྱས་ནས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྲོལ་ཡིག(བཟོ་བཅོས་འཆར་ཟིན་གྱི་དཔྱད་ཞིབ་གསུམ་པའི་འཆར་ཟིན)》ལ་གྲོས་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གིས་ཐབས་འདོན་ཇུས་འདོན་བྱས་ནས་ལྗོངས་བབ་ཀྱི་དོན་དངོས་དང་འཚམ་པའི་བཟོ་བཅོས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ཞིང་། འབྲེལ་ཡོད་སྡེ་ཚན་ལ་ཚན་རིག་དང་མཐུན་པའི་ཁྲིམས་བཟོ་རྒྱུར་ཟུར་ལྟའི་དཔྱད་གཞི་མཁོ་འདོན་བྱས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་བཟོའི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་ཞིབ་དཔྱོད་ཀྱི་བློ་གྲོས་ལེགས་སྐྱེས་སུ་ཕུལ་བ་རེད།
             རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འཐུས་མིས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་དོན་གལ་ཆེན་འགའ་ཞིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《གཏན་འབེབས་ཀྱི་གསལ་བཤད》ནང“ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་ལམ་ལུགས་འཚོལ་ཞིབ་དང་བཟོ་བའི”བླང་བྱ་བཏོན་ཡོད། 2017ལོའི་ཟླ་6ཚེས་27ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས〉དང〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་བྱེད་པའི་ལམ་ལུགས་དངོས་སུ་གཏན་འཁེལ་བྱུང་ཡོད། ལམ་ལུགས་དེས་ཞིབ་དཔྱོད་ལས་ཁུངས་ཉིད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྟོབས་ཤུགས་གཙོ་བོར་འགྱུར་བར་བྱས་ནས་ཞིབ་དཔྱོད་ལས་ཁུངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཞུགས་པ་དང་སྣོད་བཅུད་ཁོར་ཡུག་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱ་ཆེད་ལས་སྟེགས་གལ་ཆེན་བསྐྲུན་ཡོད་ཅེས་བརྗོད་པ་རེད།
             རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འཐུས་མིས་བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་ལ་སྣོད་བཅུད་ཁོར་ཡུག་བལྟོས་བཅས་ཞན་པས་གལ་སྲིད་གཏོར་བཤིག་ཐེབས་ན་སླར་གསོ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡོད། བཟོ་བཅོས་བརྒྱབ་པའི་གྲོས་འགོས་ས་གནས་ཀྱི་ཁྲིམས་འཛུགས་དང་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སྔར་བས་འཚམ་མཐུན་གང་ལེགས་ཡོང་བ་མཚོན་པ་དང་། ཞིབ་དཔྱོད་ལས་ཁུངས་ལ་སྐུལ་མ་བཏང་ནས་སྤྱི་ཕན་གཏུག་བཤེར་གྱི་ལས་དོན་ཁྲིམས་སྐྱོང་ཅན་དུ་སྔར་བས་འགྱུར་བར་བྱེད་པ། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་སྤྱི་ཕན་གཏུག་བཤེར་གྱི་འགན་འཁྲི་ལག་བསྟར་བྱ་ཆེད་ས་གནས་ཀྱི་ཁྲིམས་འཛུགས་ཀྱིས་འདེགས་སྐྱོར་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱས་ནས་གངས་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་གསལ་པོར་མཚོན་པའི་ངོས་འཛིན་བྱས་པ་རེད།