མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

བོད་ལྗོངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་།

སྤེལ་དུས 2020-01-21 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།
          2019ལོར་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ནས།  ཞིབ་བཤེར་ལས་དོན་ཏན་ཏིག་སྤེལ་ཏེ་རུལ་སུངས་ལ་ཆད་གཅོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ།  དུས་རབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད། 
          ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ནས།  ཁྱོན་ཡིག་བཀུར་ངོ་བཅར་གྱི་ཐེར་འདོན་ཁག3965བདག་སྤྲོད་བྱས་པ་དང་གནད་དོན་གྱི་ཁུངས་སྣེ་ཁག5382 ཐག་གཅོད་བྱས་པ།  གྱོད་དོན་ཁག1533ཐོ་འགོད་བྱས་པ།  གྱོད་དོན་ཁག1426ཐག་གཅོད་བྱས་པ།  མི1686ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ།  མི50ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བཅས་བྱས་པ།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁག117ཞིབ་བཤེར་ཐག་གཅོད་བྱས་པ།  མི127ལ་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ།  མི42ལ་རྩ་འཛུགས་ཀྱི་ཆད་པ་བཅད་པ།  མི58ལ་འགན་འཁྲི་བདའ་འདེད་བཏང་བ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་རྒྱུན་མཐུད་ཏན་ཏིག་སྤེལ་བ་རེད།  
          མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་བཏང་བ་དང་གནོད་སྐྱོན་བཏང་བའི་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་འབྲེལ་ཡོད་གནད་དོན་ཁྱོན264ཞིབ་བཤེར་ཐག་གཅོད་བྱས་པ་དང་།  མི293ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ།  མི13ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱས་པ།  དཔེ་མཚོན་གྱོད་དཔེ་ཁག་བརྒྱད་དང་མི12བརྡ་ཁྱབ་ཡོངས་བསྒྲགས་བཅས་བྱས་པ་དང་།  དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ་ཁག1040བདག་སྤྲོད་བྱས་པ།  དཔེ་མཚོན་གྱོད་དོན་ཁག42དང་མི69བརྡ་ཁྱབ་ཡོངས་བསྒྲགས་བྱས་པ།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་དམིགས་ནས་ཁུངས་སྣེ་ཁག104དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་བྱས་པ།  ཏང་ཡོན་དང་ལྟ་ཞིབ་བྱ་ཡུལ་གྱི་ནག་གཤེད་དང་འབྲེལ་བའི་རུལ་སུངས་དང་ཁྲིམས་འགལ་བར་སྲུང་སྐྱོབ་བྱེད་པའི་གནད་དོན 35དང་མི113ཞིབ་བཤེར་ཐག་གཅོད་བྱས་པ།  མི73ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ།  མི38ལ་རྩ་འཛུགས་ཀྱི་ཆད་པ་བཅད་པ་བཅས་བྱས་ནས།  དུས་དང་རྣམ་པ་ཀུན་དུ་མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཚོ་ནས་སེམས་ཁྲལ་བྱེད་པའི་རིགས་ཐག་གཅོད་ཧུར་ཐག་བྱས་པ་རེད།  །
རྩོམ་སྒྲིག་པ། བདེ་སྒྲོལ།