དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

སྐྱེས་པ་ཞིག་གིས་གུང་གསེང་རོལ་ཆེད་རྫུན་བཤད་ནས་ཉིན20ལ་བཀག་སྐྱིལ་བྱས་འདུག

སྤེལ་དུས 2021-01-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཉེ་ཆར།  ཀོང་ཀྲོའུ་གྲོང་ཁྱེར་པའེ་ཡུན་ཁུལ་དུ་སྐྱེས་པ་ཞིག་གིས་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་བཟོས་པས། པའེ་ཡུན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཆད་པ་བཅད་པ་དང་བརྗོད་གཞི་འདིར་དྲ་གྲོགས་མང་པོས་དོ་ཁུར་བྱེད་ཀྱིན་འདུག 

          “ང་ལ་རིམས་ནད་འགོས་ཡོད”ཅེས་སྐྱེས་པ་ཞིག་གིས་གུང་གསེང་ལ་རོལ་ཆེད་རིམས་ནད་རྫུན་ཞུ་བྱས།
          ཟླ12པའི་ཚེས25ཉིན་གྱི་དགོང་མོར། རང་ཉིད་ལ“ཉིང་སྐྱུར་བརྟག་དཔྱད་འབྲས་བུ་གདགས་གཤིས་རེད”ཅེས་པའི་གནས་ཚུལ་ཞིག་གིས་ཀུང་སི་ག་གེ་མོའི་སྐད་འཕྲིན་ཚོགས་པའི་ནང་གྲགས་འགུལ་ཆེན་པོ་བཟོས།
          གནས་ཚུལ་བསྒྲགས་མཁན་ལས་བཟོ་བ་དེས་ཧྥུའུ་ཧྲན་གྱི་སྨན་ཁང་ཞིག་གིས་བཏོན་པའི“ཉིང་སྐྱུར་བརྟག་དཔྱད་འབྲས་བུ་གདགས་གཤིས་ཡིན་པའི”སྙན་ཞུ་ཡི་གེ་ཞིག་ཀྱང་ཟུར་དུ་བཀོད་ཡོད། དེ་ནི་གནས་ཚུལ་ཆེན་པོ་ཞིག་ཡིན་པ་སྨོས་མེད་རེད། དེས་ཀུང་སིའི་སྐད་འཕྲིན་ཚོགས་པར་གྲགས་འགུལ་ཆེན་པོ་བཟོས་པས་ཚོགས་པའི་ནང་གི་མི་རྣམས་ཀྱིས་ཧྥོ་ཧྲན110ལ་ཁ་པར་ཡང་ཡང་གཏོང་གིན་ཡོད། 

          ཟླ12པའི་ཚེས26ཉིན་གྱི་ཞོགས་པར། ཞག་མ་གཅིག་གི་རིང་ལ་མྱུར་བཤེར་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པས་པའེ་ཡུན་རིན་ཧུ་ས་ཁོངས་ནས“རིམས་ནད་འགོས་ཡོད”ཟེར་མཁན་གྱི་སྐྱེས་པ་ལེང་ཆེ་གེ་མོ་རྙེད་པ་དང་། འཕྲལ་མར་རིམས་འགོག་མི་སྣར་གཞོགས་འདེགས་བྱས་ཏེ་ལེང་ཆེ་གེ་མོ་མྱུར་དུ་སྨན་ཁང་གི་ལོགས་བཀར་ནད་ཁུལ་དུ་བསྐྱལ་ནས་བརྟག་དཔྱད་བྱས། ཞིབ་བཤེར་མཇུག་འབྲས་ལས་མངོན་པར་གཞིགས་ན། ལེང་ཆེ་གེ་མོའི་གཟུགས་པོའི་གནས་ཚུལ་རྒྱུན་ལྡན་ཡིན་པ་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ནི་སྲིབ་གཤིས་ཡིན་པ་ལས་རྒྱུན་གཏན་མིན་པའི་གནས་ཚུལ་གཞན་གང་ཡང་མ་བྱུང་།
          མི་དམངས་ཉེན་རྟོག་པའི་རྩད་འདྲི་བྱས་མཐར་ལེང་ཆེ་གེ་མོས་ཡེ་ཤུའི་འཁྲུངས་སྐར་གྱི་གུང་གསེང་ལ་རོལ་འདོད་ཀྱང་ཀུང་སིས་ཆོག་མཆན་མ་ཐོབ་པས། སྐད་འཕྲིན་ནང་ནས་བརྡ་ཁྱབ་བཟོ་མཁན་གྱི་དྲ་གྲོགས་ཤིག་བཙལ་ནས་དེར་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་འབྲས་བུའི་སྙན་ཞུ་ཞིག་རྫུན་བཟོ་བྱེད་དུ་བཅུག་པ་དང་འབྲེལ་སྙན་ཞུའི་ཡི་གེ་ཀུང་སིའི་ལས་དོན་ཚོགས་པའི་ནང་བསྐུར་བ་ཡིན་ཞེས་སྦ་གསང་མེད་པར་བཤད།
          དེ་དང་ཆབས་ཅིག་མི་དམངས་ཉེན་རྟོག་པས་ལེང་ཆེ་གེ་མོར་དོགས་གཞི་ཡོད་པའི་གནས་ཚུལ་གཞན་དག་ཡོད་པ་དང་། རང་ཉིད་ཀྱི་ཐོབ་ཐང་དང་ཀུང་སིའི་ལས་ཞུགས་ཆ་འཕྲིན་གཅིག་མཚུངས་མིན་པ་ཤེས་རྟོགས་བྱུང་། ལེང་ཆེ་གེ་མོས་ཉིང་སྐྱུར་བརྟག་དཔྱད་འབྲས་བུའི་སྙན་ཞུ་རྫུན་བཟོ་བྱས་པ་དེ་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་ཀུང་སིར་བདེ་བླག་ངང་དགོངས་པ་ཞུ་ཆེད་ཡིན། ཁོང་རང་ཉིད་ཀྱི་མིང་ལའང“ལེང་གེ་མོ”ཞེས་མི་འབོད་པར“ལེང་ཆེ་གེ་མོ”ཞེས་པ་དེ་ཡིན་པ་དང་། ཁོང་གིས་རང་གི་གཅེན་པོ“ལེང་གེ་མོ”ཡི་ཐོབ་ཐང་ཆ་འཕྲིན་རྫུས་སྤྱོད་བྱས་ནས་ཀུང་སིའི་ལས་ཞུགས་འགྲོ་ལུགས་གཉེར་བ་ཡིན་ཞེས་གསལ་བཤད་བྱས་པ་རེད།
          མིག་སྔར་ལེང་ཆེ་གེ་མོས་དཀྲོག་གཏམ་སྤེལ་བ་དང་། རིམས་ནད་རྫུན་ཞུ་བྱས་པ། མི་གཞན་གྱི་ཐོབ་ཐང་ལག་ཁྱེར་རྫུས་སྤྱོད་བྱས་པ་བཅས་ཀྱི་རྐྱེན་གྱིས་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན20བྱས་པ་དང་འབྲེལ་དངུལ་ཆད་སྒོར500བཅད་པ་རེད།

དྲ་གྲོགས་ཚང་མས་འདིའི་ཐད་དཔྱད་གླེང་ཆེན་པོ་བྱས་སོང་སྟེ། 
ལ་ལ་ཁོང་ཁྲོ་ཆེན་པོ་ལངས་བཞིན་འདུག་ལ།
ལ་ལ་ཞིག་གིས“རིམས་ནད་ཀྱིས་ཀུ་རེ་མ་རྩེད”ཅེས་འཁང་ར་བྱེད་བཞིན་འདུག
ཡང་འགའ་ཞིག་གིས“དོན་མེད་རྫུན་གཏམ་བཤད་ན་མཇུག་འབྲས་རང་གིས་འཁུར་དགོས”ཞེས་དང་།
ཡང་ཁ་ཤས་ཀྱིས“རང་ཁ་གསེར་གྱི་སྒོ་མོ། །  རང་སྲོག་གཅོད་པའི་སྟ་རེ། །”ཞེས།
རང་སྡུག་རང་གིས་ཉོས་པ་རེད་སོགས་གླེང་བཞིན་འདུག 

རྩོམ་སྒྲིག་པ། བདེ་སྒྲོལ།