དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

བོད་རིགས་ཕོ་གསར3གྱིས་སྐར་མ10ཡི་ནང་མི་སྲོག1བསྐྱབས་པ།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

ཉེ་ཆར།
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4500ཟིན་པའི་བོད་ལྗོངས་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ།
ལོ8ཅན་གྱི་བྱིས་པ་ཞིག་གཟབ་གཟབ་མ་བྱས་པར་འཁྱགས་རོམ་གྱིས་བསྡམས་པའི་མཚོའུའི་ནང་དུ་ལྷུང་།
སྟབས་ལེགས་པ་ཞིག་ལ། 
བོད་རིགས་ཕོ་གསར3གྱིས་རང་གི་ལུས་ཤུགས་ལ་བརྟེན་ནས་འཁྱགས་རོམ་གཏོར་ནས་ཉེན་ཁ་ལས་གྲོལ་བར་བྱས།
དཔའ་བོ་འདི་གསུམ་གྱི་མིང་ནི།
ཚང་མས་སེམས་ལ་བརྟན་པོར་ངེས་དགོས་པ་ཞིག་སྟེ།
ཡེ་ཤེས་དངོས་གྲུབ་དང་། ཉི་མ་ཚེ་རིང་། དབང་ཕྱུག་རྡོ་རྗེ་བཅས་རེད།

མི་གསུམ་གྱིས་རང་གི་ལུས་ཤུགས་ལ་བརྟེན་ནས་འཁྱགས་རོམ་གཏོར་ནས་སྐར་མ་བཅུའི་ནང་ཆུ་ནང་དུ་ལྷུང་བའི་བུ་ཆུང་ཞིག་གི་སྲོག་བསྐྱབས་པ།
ཡེ་ཤེས་དངོས་གྲུབ་དང་ཉི་མ་ཚེ་རིང་ནི་ལས་གྲོགས་ཡིན་ཞིང་། 
ཁོ་གཉིས་ཀྱི་ཕ་ཡུལ་གྱི་བར་ཐག་ཤིན་ཏུ་ཉེ་བས།
ཟླ་གཉིས་རེའི་མཚམས་སུ་མཉམ་དུ་ཁྱིམ་དུ་ལོག་རྒྱུའི་གྲོས་ཆད་བྱས་ཡོད།
མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བརྒྱུད་ནས་འགྲོ་ཐེངས་རེར། 
ཁོ་གཉིས་ཀྱིས་རྒྱུན་པར་ངལ་གསོ་ཅུང་ཙམ་བྱེད་ཀྱི་ཡོད།
ཟླ་དང་པོའི་ཚེས8ཉིན། ཁོ་གཉིས་ཀྱིས་ནམ་རྒྱུན་ལྟར་རླངས་འཁོར་བསྐོར་ནས་ཕ་ཡུལ་དུ་ལོག་པ་རེད།
ལམ་བར་ནས་རླངས་འཁོར་བསྡད་ནས་ངལ་གསོ་བྱེད་སྐབས།
བྱིས་པ་ཞིག་གི་ངུ་སྐད་གསལ་ལ་མི་གསལ་བ་ཞིག་ཐོས་བྱུང་།
ཐོག་མར་དེ་འདྲ་དོ་སྣང་མ་བྱས།
འོན་ཀྱང་ཉི་མ་ཚེ་རིང་གིས་ཅུང་མ་འགོར་བར་ཕལ་ཆེར་མི་ཞིག་ཆུ་ནང་དུ་ལྷུང་བ་ཚོར། 

ཡེ་ཤེས་དངོས་གྲུབ་ཀྱིས་བརྗོད་དོན། 
“སྐབས་དེ་དུས་བྱིས་པ་འགུལ་བཞིན་པ་མ་མཐོང་ལ། བར་ཐག་ཡང་རིང་བ་དང་།
 ད་དུང་ངའི་མིག་ཀྱང་རྒྱང་སྒྲིབ་ཡིན་པས། ཐེ་ཚོམ་ཏོག་ཙམ་བྱས་ནས་བསྡད་པ་ཡིན”ཞེས་ཟེར།
ཁ་གཏད་དུ་ཨ་ཅག་ཞིག་ངུ་བཞིན་རྒྱུགས་ཡོང་བས།
ཁོ་གཉིས་མྱུར་དུ་ཡར་ལངས་ནས་འཁྱགས་རོམ་གྱིས་བསྡམས་པའི་གྲི་གུ་མཚོའུའི་ཕྱོགས་སུ་རྒྱུགས། 
ཡེ་ཤེས་དངོས་གྲུབ་དང་ཉི་མ་ཚེ་རིང་ཐོག་མར་འཁྱགས་རོམ་སྟེང་ནས་ག་ལེར་ཆུ་ནང་དུ་ལྷུང་བའི་བྱིས་པའི་ཕྱོགས་སུ་སོང་།
འོན་ཀྱང་འཁྱགས་རོམ་དེ་འདྲ་མཐུག་པོ་མེད་པས་ཁོ་གཉིས་མ་ཐེག་པར།
ཡེ་ཤེས་དངོས་གྲུབ་ཐོག་མར་མཚོའུའི་ནང་དུ་ལྷུང་།
འཕག་འཚག་ཐེངས་ཁ་ཤས་བརྒྱབ་རྗེས་གཞི་ནས་ཡར་ལངས་ཐུབ་པ་བྱུང་ལ། མིག་ཤེལ་ཡང་བོར་འདུག

སྐབས་དེར་ཉེ་འགྲམ་གྱི་དབང་ཕྱུག་རྡོ་རྗེ་ཡང་།
གནས་ཚུལ་ཐོས་རྗེས་འཕྲལ་མར་སྲོག་སྐྱོབ་པར་སླེབས།
བྱིས་པས་མར་འཕངས་པའི་སྐྱོབ་ཐག་འཛིན་མི་ཐུབ་པ་མཐོང་རྗེས། 
ཁོ་དང་ཉི་མ་ཚེ་རིང་གཉིས་ཐད་ཀར་འཁྱགས་རོམ་གྱིས་ཁེངས་པའི་མཚོའུའི་ནང་དུ་མཆོང་།
གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་པ་དང་། རང་གི་དཔུང་པས་འཁྱགས་རོམ་བཅག
དཀའ་ཚེགས་ཆེ་བའི་སྒོ་ནས་ངོ་གདོང་སྔ་མོ་ནས་སྐྱ་བོར་གྱུར་བའི་བྱིས་པ་དེའི་ཕྱོགས་སུ་སོང་།
འཁྱགས་རོམ་གྱིས་ཁོ་ཚོའི་ལུས་པོའི་སྟེང་རྨ་ཁ་བཟོས་ཡོད་མོད།
འོན་ཀྱང་ཁོ་ཚོ་སྔར་བཞིན་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ་རེད།
སྐར་མ་བཅུའི་རྗེས་སུ།
བྱིས་པ་པང་དུ་བཟུང་ནས་མཚོ་འགྲམ་དུ་སླེབས། 
“ཉེན་ཁ་ཆེ་ཡང་བསྒྲུབ་འོས་པ་ཞིག་རེད།”
མ་གཞིར་ཆུ་ནང་དུ་ལྷུང་པའི་བྱིས་པ་དེ་ནི་སྐབས་དེར་ཞོར་ཟས་ཉོས་རྗེས་ཁྱིམ་དུ་ལོག་སྐབས།
འཁྱགས་རོམ་གྱི་སྟེང་ནས་བརྒལ་འདོད་དེ་སོང་བ་ན། 
བསམ་ཡུལ་ལས་འདས་པ་ཞིག་ལ་འཁྱགས་རོམ་འཐོར་ནས་དར་ཁུང་དུ་ལྷུང་།
གལ་ཏེ་མི་སེམས་བཟང་ཁོ་ཚོས་བསྐྱབས་པ་མིན་ན། མཇུག་འབྲས་བསམ་ཡུལ་ལས་འདས་པ་ཞིག་རེད།

སྲོག་སྐྱོབ་པའི་ཆེད་དུ།
ཡེ་ཤེས་དངོས་གྲུབ་དང་ཉི་མ་ཚེ་རིང་། དབང་ཕྱུག་རྡོ་རྗེ་བཅས་ཀྱི་ལུས་སྟེང་དུ་ཚད་མི་འདྲ་བའི་སྒོ་ནས་རྨ་ཁ་བཟོས་ཡོད་ཅིང་།
གཟུགས་པོ་ཡང་གྲང་ནས་མཁྲེགས་པོར་གྱུར་ཡོད། 
ཉེ་འགྲམ་གྱི་ཆུ་ཚན་ནང་དུ་སྦངས་རྗེས་ད་གཟོད་སླར་གསོ་བྱུང་། 
དེའི་རྗེས་སུ་ཡེ་ཤེས་དངོས་གྲུབ་ཀྱིས་བརྗོད་དོན།
ད་ཐེངས་མི་སྲོག་སྐྱོབ་པ་ནི“མ་གཞིར་ཉེན་ཁ་ཧ་ཅང་ཆེ་ཡང་དེ་བསྒྲུབ་འོས་པ་ཞིག་རེད”ཅེས་བཤད།
སྐབས་དེར་ཐེ་ཚོམ་ཅི་ཡང་མེད་པར་སྲོག་བསྐྱབས་པའི་སྐོར་གླེང་སྐབས། 
ཉི་མ་ཚེ་རིང་གིས་བརྗོད་དོན།
རང་ཉིད་ནི་དམག་འཁྱུར་དམག་མི་རྙིང་གྲས་ཤིག་ཡིན་པའི་ཆ་ནས།
དུས་དང་རྣམ་པ་ཀུན་ཏུ་མི་དམངས་དམག་དཔུང་གི་གཟི་བརྗིད་ལྡན་པའི་འོས་འགན་ཡིད་ལ་བཅངས་ཡོད་ཅེས་བཤད།

ཡེ་ཤེས་དངོས་གྲུབ་དང་ཉི་མ་ཚེ་རིང།
ཁོ་ཚོ་གསུམ་གྱི་ནང་ནས་དབང་ཕྱུག་རྡོ་རྗེ་ནི་བྱིས་པའི་ཨ་ཕར་གྱུར་ཡོད་པས།
བྱིས་པ་ཆུ་ནང་དུ་ལྷུང་བ་མཐོང་རྗེས།
ཁོང་གིས་རོགས་རམ་བྱེད་པ་ནི་ཧ་ཅང་རྒྱུན་ལྡན་གྱི་དོན་དག་ཅིག་རེད་ཅེས་བརྗོད་ཅིང་།
“དོན་དག་འདི་བརྒྱུད་ནས་བརྩེ་བ་དང་ལེགས་པའི་ཆ་ཀུན་ལ་བརྒྱུད་སྤྲོད་བྱས་ཏེ།
མི་སྔར་ལས་མང་པོ་ཞིག་ལ་རོགས་རམ་བྱེད་ཕོད་པའི་སྙིང་སྟོབས་དང་འདུ་ཤེས་ལྡན་པའི་རེ་བ་ཡོད”ཅེས་བཤད།

དབང་ཕྱུག་རྡོ་རྗེ་དང་བུ་མོ།
འཛམ་གླིང་སྟེང་ཀུན་དང་མི་མཚུངས་པར་ཁྱད་དུ་འཕགས་པའི་མི་མེད་རུང་།
ཞུམ་པ་མེད་པའི་དཔའ་བོ་ཡོད།
ཁོ་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་འཁྱགས་རོམ་གཏོར་ནས་མདུན་དུ་བསྐྱོད་ངེས་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།