ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་རྒྱབ་དེབ།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མི་གསལ།
           གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་དང་རང་སྐྱོང་གི་ཁེ་དབང་འགན་སྲུང་བྱེད་པའི་ཆེད་དུ། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོའི་གྲངས་ཉུང་མི་རིགས་གཞིས་ཆགས་སྟངས་རིགས་མང་འདྲེས་སྡོད་དང་འདུས་སྡོད་བྱེད་པ་གཙོ་བོར་གྱུར་པ་སོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ་དེ་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་གཞི་རྩའི་སྲིད་ཇུས་ཤིག་དང་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་བཟུང་བ་རེད། མི་རིགས་ས་ཁོངས་རང་སྐྱོང་བྱེད་པ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་དབུ་ཁྲིད་འོག་ཏུ་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་པའི་ས་གནས་ཀྱིས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ནས་རང་སྐྱོང་ལས་ཁུངས་འཛུགས་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱས་ཏེ་རང་ངོས་ས་གནས་དང་། རང་ངོས་མི་རིགས་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་པའི་རང་སྐྱོང་གི་དབང་ཆ་སྤྱོད་པ་དེ་ཡིན།

           བོད་རང་སྐྱོང་ལྗོངས་ནི་ཀྲུང་གོས་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་ཞིང་ཆེན་རིམ་པའི་རང་སྐྱོང་ས་གནས་ལྔའི་ཡ་གྱལ་ཞིག་དང་། བོད་རིགས་ཉིད་གཙོ་བོར་གྱུར་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ས་གནས་ཤིག་ཡིན། བོད་རང་སྐྱོང་ལྗོངས་སུ་བོད་རིགས་ཙམ་མ་ཟད་རྒྱ་རིགས་དང་། ཧུའེ་རིགས། མོན་པ། ལྷོ་པ། འཇང་རིགས། ནུའུ་རིགས། ཏུའུ་ལུང་རིགས་སོགས་སྤུན་ཟླའི་མི་རིགས་བཅུ་གྲངས་མི་རབས་ནས་མི་རབས་བར་གནས་བཅས་པ་མ་ཟད་མོན་པ་དང་། ལྷོ་པ། འཇང་རིགས་སོགས་པའི་མི་རིགས་ཀྱི་ཤང་ཡང་བཙུགས་ཡོད།

           ༡༩༦༥ལོར་བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་ནས་བཟུང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབུ་ཁྲིད་འོག་བོད་ལྗོངས་མི་དམངས་ཀྱིས་བདག་པོའི་ངང་ཚུལ་བཅངས་ནས་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་ལ་བདག་སྐྱོང་བྱེད་པར་ཧུར་ཐག་ཞུགས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་རང་སྐྱོང་གི་ཁེ་དབང་སྤྱོད་གང་ཐུབ་བྱས་ཤིང་། བོད་ལྗོངས་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་འཛུགས་སྐྲུན་ནང་ཞུགས་པ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་མཆོང་སྐྱོད་ཀྱི་རང་བཞིན་ལྡན་པའི་ངང་ནས་གོང་དུ་སྤེལ་བས་བོད་ལྗོངས་དབུལ་ཞིང་ཕོངས་པ་དང་རྗེས་སུ་ལུས་པའི་རྣམ་པ་རྩ་བ་ནས་བསྒྱུར་པས། རང་ངོས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བ་དང་ཆབ་སྲིད་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ་རེད།

           བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ནས་ལོ་ངོ་བཞི་བཅུར་ཉེ་བ་འདས་པའི་འོད་སྟོང་འབར་བའི་བརྒྱུད་རིམ་རྗེས་དྲན་བྱས་ནས་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་འོག་ཏུ་བོད་ལྗོངས་མི་དམངས་ཀྱིས་རང་ཁྱིམ་རང་བདག་གི་ཁེ་དབང་སྤྱོད་པ་དང་། བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་ལག་ལེན་དངོས་ཁྱོན་ཡོངས་ནས་མངོན་པར་བྱས་ན། ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་བོད་ལྗོངས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་རྣམ་པ་གསར་པ་གཏོད་པར་ཕན་ཐོགས་ཡོད་ལ་ཡིན་མིན་གསལ་འབྱེད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་མི་རིགས་སྲིད་ཇུས་དང་བོད་ལྗོངས་ཀྱི་གནས་ཚུལ་ངོ་མ་ཆ་རྒྱུས་ལོན་པར་ཡང་ཕན་ཐོགས་ཡོད། 

                       གཅིག བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཙུགས་ནས་འཕེལ་རྒྱས་བྱུང་བའི་སྐོར།

           བོད་ལྗོངས་ནི་མཚོ་བོད་མཐོ་སྒང་དུ་གནས་ཤིང་། ཀྲུང་གོའི་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་ཁུལ་གྱི་གྲས་ཤིག་ཡིན། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་རིམ་བྱུང་གིས་སྐབས་དེའི་འགྲིམ་འགྲུལ་འཕྲིན་སྐྱེལ་གྱི་ཆ་རྐྱེན་དང་བོད་ལྗོངས་སོགས་པའི་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གི་གནས་ཚུལ་དངོས་ལ་གཞིགས་སྟེ་ས་ཁུལ་དེ་དག་ལ་ནང་ས་དང་ཕྲན་ཙམ་མི་འདྲ་བའི་བདག་སྐྱོང་བྱེད་ཐབས་སྤྱད་པ་རེད། སྤྱི་ལོའི་དུས་རབས་༡༣པའི་རྗེས་བོད་ལྗོངས་དེ་ཉིད་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་སུ་གྱུར་ཅིང་། དུས་དེ་ནས་བཟུང་གི་ཀྲུང་གོའི་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས། མི་སེར་རྒྱལ་ཁབ་སོགས་པའི་ཀྲུང་དབྱང་སྲིད་གཞུང་རིམ་བྱུང་གིས་བོད་ལྗོངས་ཀྱི་ས་གནས་སྲིད་འཛིན་ལས་ཁུངས་གཏན་ལ་འབེབས་པ་དང་། བོད་ལྗོངས་ཀྱི་དོན་དག་གལ་ཆེན་གཏན་འབེབས་དང་ཐད་ཀར་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་གནས་དེ་གའི་སྔར་ཡོད་གྱི་རྩ་འཛུགས་གྲུབ་སྟངས་དང་དབང་སྒྱུར་ལས་ཁུངས་གཞི་རྩའི་ཆ་ནས་རང་འཇགས་བཞག་པ་དང་། ས་གནས་དེ་གའི་སེར་སྐྱ་མཐོ་རིམ་ས་གནས་ཀྱི་ལས་དོན་བདག་སྐྱོང་བྱེད་པར་རྒྱ་ཁྱབ་ཏུ་བསྐོ་སྤྱོད་བྱས་ཏེ་བོད་ལྗོངས་ས་གནས་སྲིད་གཞུང་དང་དཔོན་རིགས་ཚོར་རང་བདག་གི་དབང་ཆ་ཆེ་ཙམ་སྤྲད་པ་རེད། དེས་ལོ་རྒྱུས་ཐོག་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་མོད། འོན་ཀྱང་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་དབང་སྒྱུར་པ་རིམ་བྱུང་གིས་ལག་ལེན་བསྟར་བའི་མི་རིགས་སྲིད་ཇུས་ལ་མི་རིགས་ལ་མཐོང་ཆུང་དང་གཉའ་གནོན་བྱེད་ཚུལ་ཁྱབ་པས། བོད་ལྗོངས་སུ་ས་གནས་དེ་གའི་སྔར་ཡོད་སྤྱི་ཚོགས་ལམ་ལུགས་སྲུང་འཛིན་དང་ས་གནས་དེ་གའི་དབང་སྒྱུར་གྲལ་རིམ་གྱི་དབང་ཆ་སྲུང་སྐྱོང་བྱེད་ཐབས་ལ་བརྟེན་ནས་བདག་སྐྱོང་བྱེད་ཐབས་བཟུང་ན། མི་རིགས་འདྲ་མཉམ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་གནད་དོན་ཐག་གཅོད་ཐུབ་མེད་ལ་ཐག་ཆོད་ཐུབ་པའང་མི་སྲིད། དུས་རབས་༢༠པའི་དུས་སྟོད་དུ་སླེབས་ཀྱང་བོད་ལྗོངས་སྔར་བཞིན་ཡོ་རོབ་ཀྱི་དུས་རབས་བར་མ་ལས་ཀྱང་མུན་ནག་ཆེ་བ་དང་། རྗེས་ལུས་ཆེ་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་གནས། མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ་༥ལས་མ་ཟིན་པའི་སེར་སྐྱ་ཞིང་བྲན་བདག་པོས་མི་འབོར་བསྡོམས་གྲངས་ཀྱི་བརྒྱ་ཆ་༩༥ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་གི་མི་ལུས་རང་དབང་དང་ཐོན་སྐྱེད་རྒྱུ་ཆས་ཕལ་ཆེ་བ་བདག་གིར་བཟུང་ཞིང་། རིམ་པ་ཤིན་ཏུ་ནན་པའི་<ཞལ་ལྕེ་བཅུ་གསུམ་>དང་<ཞལ་ལྕེ་བཅུ་དྲུག་>དང་། ལག་པ་འབྲེག་པ་དང་། རྐང་པ་གཏུབ་པ། མིག་རིལ་འདོན་པ། རྣ་བ་གཅོད་པ། རྟིང་རྩ་གཅོད་པ། ལྕེ་འབྲེག་པ། ཆུར་བསྐྱུར་བ། གཡང་དུ་བསྐྱུར་བ་སོགས་གདུག་རྩུབ་ཤིན་ཏུ་ཆེ་བའི་ཉེས་ཆད་གཅོད་པར་བརྟེན་ནས་ཞིང་བྲན་དང་བྲན་གཡོག་ཚོར་ཡ་ང་རུང་བའི་དཔལ་འབྱོར་གྱི་བཤུ་གཞོག་དང་། ཆབ་སྲིད་ཀྱི་གཉའ་གནོན། བསམ་པའི་ཚོད་འཛིན་བཅས་བྱེད་ཀྱི་ཡོད་སྟབས། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོར་འཚོ་བ་སྐྱེལ་བའི་འགན་སྲུང་ཡང་ཐོབ་ཀྱི་མེད་པས། ཆབ་སྲིད་ཀྱི་ཁེ་དབང་ཟེར་བ་རྩ་བ་ནས་མེད། ༡༨༤༠ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་ལ་ཀྲུང་གོ་འདི་ཉིད་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་། བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་ལྷུང་ཞིང་། བོད་ལྗོངས་སུའང་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དང་འདྲ་བར་བཙན་རྒྱལ་རིང་ལུགས་ཀྱི་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་བྱུང་། བཙན་རྒྱལ་རིང་ལུགས་ཀྱི་བཙན་དབང་རྒྱལ་ཁབ་ཀྱིས་འདྲ་མཉམ་མ་ཡིན་པའི་ཆིངས་ཡིག་འཇོག་པར་བརྟེན་ནས་དམིགས་བསལ་གྱི་དབང་ཆ་སྣ་ཚོགས་ཧམ་འཕྲོག་བྱས་པ་དང་། བོད་ལྗོངས་སུ་མི་སེར་སྤེལ་ཡུལ་་ཕྱེད་ཙམ་གྱི་ཚོད་འཛིན་དང་བཤུ་གཞོག་བྱས་པ་དང་དུས་མཚུངས་སུ་མཐོ་རིམ་དབང་སྒྱུར་པ་ཉུང་ཤས་ཀྱི་ཁྲོད་དུ་ཁ་ཕྲལ་གྱི་སྟོབས་ཤུགས་གསོ་སྐྱོང་གང་ཐུབ་བྱས་ཏེ་བོད་ལྗོངས་ཀྲུང་གོའི་མངའ་ཁོངས་ནས་ཁ་ཕྲལ་རྒྱུའི་ལྐོག་གཡོ་བཤམས་པས། བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་སྒྲོག་ལས་སྒྲོལ་བར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་དང་བོད་ལྗོངས་གོང་དུ་འཕེལ་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཨང་དང་པོར་གྱུར་པ་རེད།

           ༡༩༤༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་ནས་ཀྲུང་གོའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་མུན་ནག་ཅན་མཇུག་བསྒྲིལ་ཏེ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མི་དམངས་དམངས་གཙོ་བཅས་མངོན་དུ་གྱུར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་བོད་ལྗོངས་མི་དམངས་ཀྱིས་རང་གི་ལས་སྐལ་སྒྱུར་བའི་རེ་བ་བྱུང་བ་རེད།

           ༡༩༤༩ལོར་གྲོས་འཆམ་བྱུང་བའི་སྐབས་འཕྲལ་རྩ་ཁྲིམས་ཀྱི་གོ་གནས་ལྡན་པའི་<ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་>ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གནས་པའི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་ཞིང་། ཕན་ཚུན་མཐུན་སྒྲིལ་དང་རོགས་རེས་བྱ་དགོས་པ་ལས། མི་རིགས་བར་མཐོང་ཆུང་དང་གཉའ་གནོན་བྱེད་པ་དང་མི་རིགས་ཁག་བར་གྱི་མཐུན་སྒྲིལ་ཁ་བྲལ་དུ་གཏོང་བའི་བྱ་སྤྱོད་བཀག་འགོག་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཁག་ཚང་མར་སོ་སོའི་སྐད་ཡིག་འཕེལ་རྒྱས་གཏོང་བ་དང་། ཡུལ་སྲོལ་གོམས་གཤིས་དང་ཆོས་དད་རང་འཇགས་བྱེད་པའམ་བསྒྱུར་བཅོས་བྱེད་མིན་རང་དབང་ཡོད་པ། གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་པའི་ས་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་བྱ་དགོས་པ་བཅས་ཀྱི་གཏན་འབེབས་ཁ་གསལ་གནང་ཡོད། 
 ༡༩༥༤ལོར་ཁྱབ་བསྒྲགས་བྱས་ནས་ལག་ལེན་དུ་བསྟར་བའི་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་>ཐོག་མའི་ནང་མི་རིགས་ཁག་བར་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་བྱ་རྒྱུའི་རྩ་དོན་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་རྒྱུ་དེ་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་གཞུང་ནང་དངོས་སུ་བཀོད་པ་རེད། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་མི་དམངས་ཀྱི་རྩ་བའི་ཁེ་ཕན་གཞིར་བཟུང་སྟེ་བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་། དམངས་གཙོའི་བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བ། རང་སྐྱོང་ལྗོངས་འཛུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་བསྒྱུར་བཅོས་སྒོ་འབྱེད་བྱེད་པ་ལ་སོགས་པའི་གལ་ཆེའི་འཐབ་ཇུས་དང་བྱེད་ཐབས་མངོན་དུ་འགྱུར་བ་བྱེད་པར་བརྟེན་ནས་བོད་ལྗོངས་ཀྱི་ལས་སྐལ་རྩ་བ་ནས་བསྒྱུར་པ་དང་། བོད་ལྗོངས་མི་དམངས་ཀྱིས་རང་ཁྱིམ་རང་་བདག་བྱ་རྒྱུའི་ཁེ་དབང་མངོན་འགྱུར་དང་འཕེལ་རྒྱས་བཏང་བ་རེད།

           —ཞི་བས་བཅིངས་འགྲོལ་བཏང་བ་དེས་བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་བྱ་རྒྱུར་རྨང་གཞི་བཏིང་བ་རེང།  ༡༩༥༡ལོའི་ཟླ་༥ཚེས་༢༣ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་བར་<བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན།> (བསྡུས་མིང་ལ“གྲོས་མཐུན་དོན་ཚན་བཅུ་བདུན”ཟེར་)ལ་མིང་རྟགས་བཀོད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་བ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་བས་བཙན་རྒྱལ་རིང་ལུགས་སྟོབས་ཤུགས་ཀྱི་བཙན་འཛུལ་དང་དེའི་ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་འཆིང་རྒྱ་ལས་ཐར་བ་དང་། ཀྲུང་གོ་ཪྙིང་པར་བོད་མི་རིགས་ལ་མཐོང་ཆུང་དང་གཉའ་གནོན་བྱེད་པ་མཇུག་བསྒྲིལ་བྱས། རྒྱལ་ཁབ་ཀྱི་བདག་དབང་གཅིག་གྱུར་དང་། མངའ་ཁོངས་ཆ་ཚང་བ་སྲུང་སྐྱོང་བྱས་ནས་བོད་རིགས་ཚོ་རྒྱལ་ཡོངས་མི་རིགས་ཁག་དང་འདྲ་མཉམ་དང་མཐུན་སྒྲིལ་བྱུང་བ་དང་དེ་བཞིན་བོད་ལྗོངས་ནང་ཁུལ་གྱི་མཐུན་སྒྲིལ་མངོན་འགྱུར་བྱུང་སྟེ་བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་བྱ་རྒྱུར་རྨང་གཞི་བཏིང་བ།། 
 “གྲོས་མཐུན་དོན་ཚན་བཅུ་བདུན་”གྱི་ནང་དུ་“ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་གི་རྩ་འཛིན་གྱི་མི་རིགས་སྲིད་ཇུས་གཞིར་བཟུང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཅིག་བསྒྲིལ་གྱི་འགོ་ཁྲིད་འོག བོད་ཀྱི་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱ་རྒྱུའི་ཁེ་དབང་ཡོད་”ཅེས་གཏན་འབེབས་གནང་ཡོད། “གྲོས་མཐུན་དོན་ཚན་བཅུ་བདུན་”ནང་གསལ་གཏན་འབེབས་ལ་གཞིགས་ནས་༡༩༥༤ལོའི་ཟླ་༡༡པར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གྲ་སྒྲིག་ཚོ་ཆུང་བཙུགས་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གྲབས་འཛུགས་བྱེད་འགོ་ཚུགས་པ་རེད།

           ༡༩༥༥ལོལའི་ཟླ་༣པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དོན་གྲོས་ཚོགས་སྐོང་འཚོགས་བྱས་ནས་<བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་>ཞིབ་འཇུག་གིས་གྲོས་འཆམ་བྱུང་ཞིང་། དེའི་ནང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནི་བོད་རང་སྐྱོང་ལྗོངས་གྲབས་འཛུགས་བྱེད་འགན་འཁུར་བའི་སྲིད་དབང་གི་ངོ་བོ་ལྡན་པའི་ལས་ཁུངས་ཤིག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་དང་ལེན་བྱ་རྒྱུ་དང་། དེའི་ལས་འགན་གཙོ་བོ་ནི་རྩ་ཁྲིམས་ནང་གསལ་གཏན་འབེབས་དང་དེ་བཞིན་“གྲོས་མཐུན་དོན་ཚན་བཅུ་བདུན་”དང་བོད་ལྗོངས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་བོད་ལྗོངས་སུ་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་གྲ་སྒྲིག་བྱ་རྒྱུ་ཡིན་པའི་གཏན་འབེབས་གསལ་པོ་བྱས་པ་རེད།

           ༡༩༥༦ལོའི་ཟླ༤པར་ལྷ་སར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བཪྙེས་ཤིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འགན་བཞེས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པས་ཀྲུའུ་རེན་ཨུ་ཡོན་སྐུ་གཞོན་དང་པོའི་འགན་བཞེས་ཤིང་། ང་ཕོད་ངག་དབང་འཇིགས་མེད་ཀྱིས་དྲུང་ཡིག་ཆེན་མོའི་འགན་བཞེས་པ་རེད། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བཪྙེས་པ་དེས་བོད་ལྗོངས་སུ་སྲིད་དབང་གི་ངོ་བོ་ལྡན་པའི་གྲོས་མོལ་དོན་སྒྲུབ་ལས་ཁུངས་ཤིག་ཡོད་པར་གྱུར་ཏེ་བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་མངོན་དུ་འགྱུར་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

           —དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་མངོན་དུ་འགྱུར་བའི་བགྲོད་ལམ་ཐོག་གི་འགལ་རྐྱེན་བསལ་བ་རེད། བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་བྱས་ནས་“གྲོས་མཐུན་དོན་ཚན་བཅུ་བདུན་”གྱི་ནང་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་བཅོས་བསྒྱུར་བྱ་རྒྱུའི་དགོས་ངེས་ཀྱི་རང་བཞིན་གཏན་ཁེལ་བ་དང་ཆབས་ཅིག་“བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་མི་བྱེད་པར། བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང་། མི་དམངས་ནས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་ཁྲིད་རྣམས་དང་གྲོས་བསྡུར་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་རྒྱུ་”ཞེས་གཏན་འབེབས་བྱས་ཡོད། འོན་ཀྱང་མི་དམངས་ཀྱིས་དམངས་གཙོའི་བཅོས་བསྒྱུར་བྱ་རྒྱུའི་རེ་འདུན་ཉིན་རེ་ལས་ཉིན་རེར་ཤུགས་ཆེན་བཏོན་པར་བོད་ལྗོངས་ཀྱི་མཐོ་རིམ་དབང་སྒྱུར་ཚོགས་པའི་ནང་གི་མི་ཁ་ཤས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་“ནམ་ཡང་མི་འགྱུར་བའི་”མཁྲེགས་བཟུང་བྱེད་ཆེད། བཙན་རྒྱལ་རིང་ལུགས་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་བྱེད་པར་བརྟེན་ནས༡༩༥༩ལོའི་ཟླ༣ཚེས༡༠ཉིན་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཏེ་བོད་ལྗོངས་དེ་ཉིད་ཀྲུང་གོ་ནས་ཁ་བྲལ་གཏོང་རྒྱུའི་རེ་ངན་བཅངས་པ་རེད། ལོ་དེའི་ཟླ་༣ཚེས་༢༨ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་དེ་སྔའི་བོད་ས་གནས་སྲིད་གཞུང་མི་དགོས་པ་བཟོས་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་སྤྱོད་རྒྱུ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པས་ཀྲུའུ་རེན་ཨུ་ཡོན་ལས་ཚབ་ཀྱི་འགན་བཞེས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་མི་དམངས་ཀྱི་འགོ་ཁྲིད་དེ་མགྱོགས་མྱུར་ངང་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་མ་ཟད། དམངས་གཙོའི་བཅོས་བསྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་རིམ་པའི་ལམ་ལུགས་དང་། མི་ལུས་གཞན་རྟེན་འབྲེལ་བ། གདུག་རྩུབ་ཆེ་བའི་ཉེས་ཆད་བཅས་རྩ་མེད་བཟོས་པས། ཞིང་བྲན་དང་བྲན་གཡོག་ཁྲི་སྟོང་མང་པོར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་བོད་ས་གནས་ཀྱི་བདག་པོར་གྱུར་ཅིང་། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་སྤྱི་དམངས་ཀྱི་ཁེ་དབང་དང་རང་དབང་ཐོབ་སྟེ་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཆེད་སྤྱི་ཚོགས་ལམ་ལུགས་ཐད་ཀྱི་འགལ་རྐྱེན་གཙང་སེལ་བྱས་པ་རེད།

           བོད་རང་སྐྱོང་ལྗོངས་དབུ་བཪྙེས་པ་དེས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལྗོངས་སུ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་མངོན་པར་མཚོན་པ་རེད། དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་བོད་ལྗོངས་མི་དམངས་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འདྲ་བར་འདྲ་མཉམ་གྱི་ཆབ་སྲིད་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་རེད། ༡༩༦༡ལོར་བོད་ལྗོངས་ས་གནས་ཁག་ནས་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཡོངས་ཁྱབ་ཀྱི་འདེམས་བསྐོ་བྱེད་འགོ་ཚུགས་ནས་ཡར་ལངས་ཞིང་བྲན་དང་བྲན་གཡོག་རྣམས་ལ་སྔར་བྱུང་མ་མྱོང་བའི་རང་ཁྱིམ་རང་བདག་གི་དམངས་གཙོའི་ཁེ་དབང་ཐེངས་དང་པོ་ཐོབ་སྟེ་རིམ་པ་ཁག་གི་སྲིད་དབང་བདམས་ཐོན་བྱུང་བ་རེད། ༡༩༦༥ལོའི་ཟླ་༩པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་ལས་ཁུངས་དང་དེའི་འགོ་ཁྲིད་པ་བདམས་ཐོན་བྱུང་སྟེ་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བཪྙེས་པ་ཁྱབ་བསྒྲགས་བྱས་པ་རེད། ང་ཕོད་ངག་དབང་འཇིགས་མེད་མཆོག་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། ཡར་ལངས་ཞིང་བྲན་ཕོན་ཆེས་རང་སྐྱོང་ལྗོངས་སྲིད་དབང་ལས་ཁུངས་རིམ་པ་ཁག་གི་འགོ་ཁྲིད་ལས་འགན་ཁུར་བ་རེད། བོད་རང་སྐྱོང་ལྗོངས་དབུ་བཪྙེས་པ་དེས་བོད་ལྗོངས་སུ་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་ཤིང་། ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་འགོ་ཚུགས་པ་དང་། དུས་དེ་ནས་བཟུང་བོད་ལྗོངས་མི་དམངས་ལ་རང་ངོས་ས་ཁུལ་གྱི་ལས་དོན་རང་བདག་གིས་བདག་གཉེར་བྱ་རྒྱུའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཞིང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་གོང་དུ་སྤེལ་བའི་བགྲོད་ལམ་དུ་སྐྱོད་པ་མཚོན་པ་རེད།

           —བསྒྱུར་བཅོས་སྒོ་འབྱེད་བྱས་པ་དེས་བོད་ལྗོངས་མི་དམངས་ལ་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་བེད་སྤྱོད་གང་ལེགས་བྱེད་རྒྱ་ཆེན་པོ་བཏོད་པ་རེད། ཀྲུང་གོར་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་ཏེང་ཞའོ་ཕིན་གྱིས་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་གནད་འགག་ནི་གྲངས་ཉུང་མི་རིགས་ས་ཁུལ་གོང་དུ་འཕེལ་བར་བྱ་དགོས་པ་ཡིན་ཞིང་། བོད་ལྗོངས་སུ་“འགག་རྩ་ནི་ཇི་ལྟར་བྱས་ན་བོད་ལྗོངས་མི་དམངས་ལ་ཕན་འདོགས་ཐུབ་པ་དང་། ཇི་ལྟར་བྱས་ན་བོད་ལྗོངས་གཞི་ནས་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་སྟེ་ཀྲུང་གོའི་དེང་རབས་ཅན་བཞི་འཛུགས་སྐྲུན་བྱེད་པའི་མདུན་གྲལ་དུ་སྐྱོད་ཐུབ་པ་བྱ་རྒྱུ་དེ་ཡིན་”ཞེས་(<ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་>དེབ་གསུམ་པའི་ཤོག)ངོས་༤༠༥པར་)གསལ་པོར་བཏོན་གནང་བྱས། དུས་སྐབས་གསར་པར་བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་སྒོ་ཀུན་ནས་ལག་བསྟར་སྔར་ལས་ལེགས་པར་བྱ་རྒྱུར་སློབ་སྟོན་གྱི་བྱེད་ཕྱོགས་བསྟན་པ་རེད།

           ༡༩༨༤ལོར་རྒྱལ་ཁབ་ཀྱིས་“མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་”ཁྱབ་བསྒྲགས་བྱས་ཏེ་ལག་ལེན་དུ་དངོས་སུ་བསྟར་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་ཉིད་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་སུ་གཏན་འཁེལ་བྱས་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ལ་སོགས་པའི་ཕྱོགས་གང་ཅིའི་ཐད་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ཁེ་དབང་དང་དེ་དག་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བའི་ཐད་རྒྱུད་རིམ་ལྡན་པའི་གཏན་འབེབས་བྱས་པས། བོད་ལྗོངས་མི་དམངས་ཀྱིས་རང་སྐྱོང་ཁེ་དབང་བེད་སྤྱོད་གང་ལེགས་བྱེད་པར་བཅའ་ཁྲིམས་ཐོག་གི་འགན་སྲུང་ནུས་ལྡན་ཐུབ་ཡོད།

           ༡༩༨༤ལོ་ནས་༢༠༠༡ལོའི་བར་དུ་ཀྲུང་དབྱང་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དོན་དངོས་ལ་གཞིགས་ཏེ་སྔ་ཕྱིར་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་འཚོགས་ནས་དུས་ཐོག་ཏུ་དུས་སྐབས་གསར་པའི་བོད་ལྗོངས་ལས་དོན་སྐོར་གྱི་སློབ་སྟོན་བསམ་བློ་དང་། ལས་འགན་གཙོ་བོ། གོང་སྤེལ་འཆར་འགོད་བཅས་གཏན་འཁེལ་བྱས་ཤིང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་སེམས་འཁུར་བྱ་རྒྱུ་དང་། རྒྱལ་ཡོངས་ས་གནས་ཁག་གིས་བོད་ལྗོངས་ལ་རོགས་སྐྱོར་བྱ་རྒྱུའི་ཐབས་ཇུས་གལ་ཆེན་བཀོད་པ་དང་། བོད་ལྗོངས་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ནས། བོད་ལྗོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱལ་ཁབ་ཀྱིས་ཐད་ཀར་མ་དངུལ་འཇོག་པ་དང་། ཀྲུང་དབྱང་སྲིད་གཞུང་ནས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་གནང་བ། རྒྱལ་ཡོངས་ཀྱིས་རིགས་མཐུན་རོགས་སྐྱོར་བྱེད་པ་བཅས་ཕྱོགས་ཡོངས་ནས་བོད་ལྗོངས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་བབ་གྲུབ་པས། བོད་ལྗོངས་ཀྱི་དཔལ་འབྱོརགོང་དུ་འཕེལ་བ་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་། བོད་ལྗོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་བཏང་ཞིང་། བོད་ལྗོངས་མི་དམངས་འདྲ་མཉམ་ཡོང་བ་དང་རང་སྐྱོང་ཁེ་དབང་མངོན་དུ་འགྱུར་བར་འགན་ལེན་བྱས་པ་རེད། །