ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

སྦག་སྦག་འཁོར་ལོ་རྐུན་མས་ཁྱེར། དོ་དམ་མཁན་གྱིས་སྐྱིན་ཚབ་སྤྲད།

སྤེལ་དུས 2017-08-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ། ནོར་བུས་བསྒྲིགས།
             ཚེ་རིང་ལ་བཅོལ་བའི་སྦག་སྦག་འཁོར་ལོ་དེ་བོར་སོང་།  བདག་པོ་འབྲུག་བྷེ་ཡིས་བཅོལ་གླ་སྒོར་༥༠སྤྲད་ཡོད་པས་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་དང་།  ཁྲིམས་ཁང་གིས་ཚེ་རིང་གིས་སྐྱིན་ཚབ་སྤྲོད་དགོས་པས་ཐག་བཅད།  སྤྱི་ལོ་༢༠༠༢ལོའི་ཟླ་༡༠པའི་ཚེས་༡༧ཉིན་རྫོང་ག་གེ་མོའི་འབྲུག་བྷེ་དང་མགྲོན་ཁང་ག་གེ་མོའི་སྒོ་སྲུང་ཚེ་རིང་གཉིས་ཀྱིས་ངག་ཐོག་གྲོས་ཆད་བྱས་ཏེ།  འབྲུག་བྷེ་ཡི་ཡུན་ཀང་༡༢༥རྟགས་ཅན་གྱི་སྦག་སྦག་འཁོར་ལོ་ཚེ་རིང་ལ་བཅོལ་བ་དང་བཅོལ་གླ་ཟླ་རེ་རེ་སྒོར་༣༠སྤྲོད་རྒྱུ་བྱས་པའི་མོད་ལ་སྒོར་༥༠སྤྲད།  སྤྱི་ལོ༢༠༠༢ལོའི་ཟླ་༡༢པའི་ཚེས་༢༦ཉིན་སྦག་སྦག་འཁོར་ལོ་རྐུན་ལ་ཤོར།  ཚེ་རིང་གིས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་ཞུ་ཕུལ་ཡང་ལག་སོན་མ་བྱུང་།  སྤྱི་ལོ་༢༠༠༣ལོའི་ཟླ་༢པའི་ཚེས་༡༣ཉིན་ཁོ་གཉིས་ཀྱིས་གྲོས་བྱས་མཐར་ཚེ་རིང་གིས་འབྲུག་བྷེ་ལ་སྐྱིན་ཚབ་སྒོར་༢༣༠༠སྤྲོད་རྒྱུའི་གྲོས་མཐུན་བྱུང་མོད།  ཁོར་སྒོར་མོ་༣༠༠མ་གཏོགས་སྤྲོད་རྒྱུ་མེད་པས་ལྷག་མ་ཆད་ཡིག་ཅིག་བྲིས་ནས་བཞག   ཚེ་རིང་གི་སེམས་ལ་སྐྱིན་ཚབ་ཧྲིལ་བོ་ཁུར་དགོས་དོན་མེད་ལ།  ཆད་ཡིག་དེའང་བཙན་གྱིས་འབྲི་རུ་བཅུག་པ་ཡིན་སྙམ་ནས་མ་སྤྲད།  འབྲུག་བྷེ་ཡིས་ཆད་དངུལ་མ་ལོན་པས་ཚེ་རིང་ཁྲིམས་ཁང་ལ་གཏུག་བཤེར་བྱས།  སྤྱི་ལོ་༢༠༠༣ལོའི་ཟླ་༧པའི་ཚེས་༡༥ཉིན།  རྫོང་དེའི་ཁྲིམས་ཁང་གིས་ཚེ་རིང་གིས་ངེས་པར་དུ་དོ་དམ་གྱི་འགན་ཁུར་དགོས་པ་མ་ཟད་སྐྱིན་ཚབ་སྤྲོད་དགོས་པའི་ཁྲིམས་ཐག་བཅད།  ཁྲིམས་ལྟར་ན་ཕྱོགས་གཉིས་ཀྱིས་རང་འཐད་དང་འདྲ་མཉམ་གྱི་རྩ་དོན་འོག་བཞག་པའི་ངག་ཐོག་གི་བདག་གཉེར་གན་རྒྱ་ནི་ཕྱོགས་གཉིས་ཀྱི་དོ་བདག་པའི་བསམ་དོན་ངོ་མ་མཚོན་ཡོད་པ་དང་།  ཁྲིམས་དང་མཐུན་ལ་གོ་ཆོད་པ་ཡིན་པས་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་འོས།  ཕྱོགས་གཉིས་ཀྱིས་གན་རྒྱ་ལག་བསྟར་བྱེད་སྐབས།  འབྲུག་བྷེ་ཡིས་བདག་གཉེར་བྱེད་པའི་གླ་སྤྲད་ཡོད་པས་ཚེ་རིང་གིས་ངེས་པར་དུ་བདག་གཉེར་བཟང་པོ་བྱེད་དགོས།  ཡིན་ནའང་རྒྱ་ཡན་དུ་བཏང་བའི་རྐྱེན་གྱིས་དངོས་པོ་རྐུན་ལ་ཤོར་བ་རེད།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན་༣༧༤པའི་ནང་།  དོ་དམ་བྱེད་པའི་དུས་ཡུན་ནང་།  དོ་དམ་མཁན་གྱིས་དོ་དམ་བྱས་པ་མི་བཟང་བའི་རྐྱེན་གྱིས་དོ་དམ་དངོས་པོ་ལ་ཆག་སྐྱོན་དང་མེད་བརླག་བྱུང་ན།  དོ་དམ་མི་སྣས་ངེས་པར་དུ་དེ་ལ་སྐྱིན་ཚབ་སྤྲོད་པའི་འགན་ཁུར་དགོས་པའི་གཏན་ཁེལ་བྱས་ཡོད་པ་རེད།  དེར་བརྟེན།  ཚེ་རིང་གིས་སྐྱིན་ཚབ་གྲོས་ཆད་ལྟར་སྐྱིན་ཚབ་སྤྲོད་དགོས་པ་རེད།།